ཝང་ཞའོ་ཧུའེ་ལིའང་ཧྲན་ཁུལ་ལ་རྟོག་ཞིབ་ཏུ་ཕེབས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 04-28



      ཟླ་4པའི་ཚེས་26ཉིན་ནས་ཚེས་27ཉིན་གྱི་བར། སི་ཁྲོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཞའོ་ཧུའེ་ལིའང་ཧྲན་ཁུལ་དུ་ཕེབས་ནས་དབུལ་བྲལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་གཏོང་བ་དང་། གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་གཏོང་བ་སོགས་ཀྱི་ལས་ཀར་རྟོག་ཞིབ་གནང་བ་རེད། འདི་ནི་ཁོང་གིས་སི་ཁྲོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའི་འགན་བཞེས་རྗེས། གྲོང་ཁྱེར་དང་ཁུལ་ལ་རྟོག་ཞིབ་ཏུ་ཕེབས་པའི་ས་ཚིགས་ཐོག་མ་ཡིན་པ་རེད།


       ཝང་ཞའོ་ཧུའེ་ཡིས་བློ་བརྟན་འགྱུར་མེད་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་པ་དང་། ཁྱོན་ཡོངས་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ། རླབས་ཆེན་གྱི་དབུལ་སེལ་འགག་སྒྲོལ་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ། གནད་དོན་གྱི་སྟོན་ཕྱོགས་དང་དམིགས་ཚད་ཀྱི་སྟོན་ཕྱོགས་མཐའ་འཁྱོངས་བྱེད་པ། ཀྲུང་དབྱང་དང་རང་ཞིང་གི་དཔྱད་ཞིབ་དཔྱད་དཔོག་ཀྱི་ཕྱིར་སློག་གནད་དོན་ལེགས་བཅོས་བྱེད་པར་དམིགས་པ་དང་།  རྒྱུན་མཐུད་ངང་ཤུགས་ཆེན་པོས་དབུལ་སེལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་བཏང་ནས་དབུལ་སེལ་འགག་སྒྲོལ་གྱི་གྲུབ་འབྲས་སྔར་ལས་སྲ་བརྟན་དང་གྲོང་གསེབ་ཀྱི་འཕེལ་རྒྱས་སྔར་ལས་མཛེས་སྡུག་ལྡན་པ། མང་ཚོགས་ཀྱི་འཚོ་བ་སྔར་ལས་བདེ་སྐྱིད་ལྡན་པ་བཅས་ལ་འབད་དགོས། 




རྩོམ་ཡིག་སྔོན་མ།
རྩོམ་ཡིག་རྗེས་མ།
2022ལོའི་དེབ་གསུམ་པ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1