བོད་ལྗོངས་ནས་མཐོ་སྒང་གི་འབྲོག་མི་དང་འབྲེལ་བ་ཡོད་པའི་རྡོ་རགས་ཆེ་གྲས་ཤིག་རྙེད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 05-06


   ཉེ་ཆར། བོད་རང་སྐྱོང་ལྗོངས་ཀྱི་གནའ་རྫས་རྟོག་ཞིབ་གྲུབ་འབྲས་སྤྱི་ཚོགས་ལ་མཉམ་རོལ་བྱེད་པའི་ཚོགས་འདུའི་ཐོག་སྤེལ་བའི་གནའ་རྫས་རྟོག་ཞིབ་གྲུབ་འབྲས་ནང་། གནམ་མཚོའི་མཐའ་སྐོར་རྟོག་ཞིབ་རུ་ཁག་གིས་ཉི་མ་རྫོང་རྟ་སྒོ་གངས་རི་ནས་ཤེས་རྟོགས་བྱུང་བའི་རྡོ་རགས་ཆེ་གྲས་ལ་མི་རྣམས་ཀྱིས་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད་པ་རེད། རིགས་གཅིག་མཁས་ཅན་ཚོས། དེ་ནི་ལོ་ངོ་སྟོང་གོང་གི་མཐོ་སྒང་གི་འབྲོག་མི་དང་འབྲེལ་བ་དམ་པོ་ཡོད་པའི་ངོས་འཛིན་བྱས་པ་རེད།
   “གནམ་མཚོའི་མཐའ་སྐོར་ཚན་ཞིབ་དང་བྱང་ཐང་འབྲོག་མིའི་རིག་གནས་ལ་རྟོག་ཞིབ་ཟབ་མོ་བྱེད་”པའི་ནང་གཙོ་བོ་ལྷ་ས་དང་ནག་ཆུ་གྲོང་ཁྱེར་གཉིས་ཀྱི་འདམ་གཞུང་དང་དཔལ་མགོན། ཤན་རྩ། ཉི་མ་བཅས་རྫོང་བཞི་དང་། དེ་བཞིན་དུ་གནམ་མཚོ་དང་གསེར་གླིང་མཚོ། དྭངས་ར་གཡུ་མཚོ་བཅས་ཚུད་ཡོད་པ་རེད། 
   བོད་རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོབ་ཞིབ་འཇུག་སུའོ་གནའ་རྫས་རྟོག་ཞིབ་ཁང་གི་ཀྲུའུ་རེན་ནོར་བུ་བཀྲ་ཤིས་ཀྱིས། བརྟག་དཔྱད་ལས་དོན་ནི་གནམ་མཚོའི་མཐའ་སྐོར་གྱི་བྲག་རྡོ་རི་མོ་བརྟག་དཔྱད་བྱ་རྒྱུ་གཙོ་བོ་ཡིན་པ་དང་། དུས་མཚུངས་སུ་བྱང་ཐང་གི་མཚེའུ་ཆེ་མོའི་མཐའ་འཁོར་ནས་ཤེས་རྟོགས་བྱུང་བའི་ཁུངས་སྣེ་ཁག་གཅིག་ལ་བརྟག་དཔྱད་བྱས་པ་སྟེ། རིག་དངོས་ཤུལ་བཞག་ཁུལ་29ལ་བརྟག་དཔྱད་བྱས་པའི་ནང་གསར་དུ་ཤེས་རྟོགས་བྱུང་བའི་ས་ཆ་16ཡོད་པ་དང་། དེའི་རིག་གནས་ཀྱི་རིགས་སུ་བྲག་རྡོ་དང་། རྡོ་ཆས་ཡོད་ས། རྡོས་གྲུབ་གནའ་ཤུལ་དང་དེ་བཞིན་གནའ་ཤུལ་ཪྙིང་པ་དང་གནའ་བོའི་བང་སོ་སོགས་ཚུད་ཡོད་པ་རེད།

   དེའི་ནང་གི་དྭངས་ར་གཡུ་མཚོ་ཤར་ལྷོའི་ངོས་ནས་ཤེས་རྟོགས་བྱུང་བའི་གཞི་ཁྱོན་ཧ་ཅང་ཆེ་བའི་རྡོ་རགས་ཆེན་པོ་ཞིག་ལ་རིགས་གཅིག་མཁས་ཅན་ཚོས་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད་པ་རེད།




དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1