མཐོ་ཚད་སྨི་8848ལ“རླུང་བརྟག་གནམ་དཔྱད”བྱས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་ཉིན་རེའི་ཚགས་པར། སྤེལ་དུས། 05-06


འདི་ནི་ཇོ་མོ་གླང་མའི་སྒར་ས་ཆེ་མོར་ཚན་ཞིབ་མི་སྣས་རླབས་ཕྲན་ཁྱབ་འགྱེད་འཕྲུལ་ཆས་ལ་བརྟག་དཔྱད་བྱེད་བཞིན་པ། (ཟླ་5ཚེས་3ཉིན་པར་བླངས)
           “རི་རྩེའི་འགན་འཁྲི—ཇོ་མོ་གླང་མའི་ས་བབ་ཤིན་ཏུ་མཐོ་བའི་ཁུལ་གྱི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཞིབ་འཇུག”ཉེ་ཆར་ཇོ་མོ་གླང་མའི་ཁུལ་དུ་སྤེལ་བ་རེད།
           ད་ཐེངས་མཐོ་ཚད་སྨི་8000ཡན་གྱི་ཁུལ་དུ་ཚན་རིག་རྟོག་ཞིབ་བྱས་པ་དང་འབྲེལ་ཇོ་མོ་གླང་མའི་རི་རྩེའི་མཐོ་ཚད་སྨི་8848.86ལ་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ལས་འགན་ལེགས་སྒྲུབ་བྱ་རྒྱུ་རེད། དེ་ནི་མིའི་རིགས་ཀྱིས་ཇོ་མོ་གླང་མའི་ཁུལ་དུ་ས་བབ་ཤིན་ཏུ་མཐོ་བའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཞིབ་འཇུག་བྱས་པའི་རླབས་ཆེན་བྱ་གཞག་ཅིག་རེད།
           དྲོད་ཚད་དང་། རླུང་བུའི་མྱུར་ཚད། གཤེར་ཚད་སོགས་གནམ་གཤིས་རྒྱུ་རྐྱེན་གྱིས་ས་བབ་མཐོ་བའི་ཚན་རིག་རྟོག་ཞིབ་ཀྱི་ལས་འགན་ལེགས་གྲུབ་དང་རི་འཛེག་མི་སྣའི་བདེ་འཇགས་ལ་ཐད་ཀར་ཤུཌ་རྐྱེན་བཟོ་གི་ཡོད། དེར་བརྟེན། ཇོ་མོ་གླང་མའི་ཚན་རིག་རྟོག་ཞིབ་ཀྱིས་གནམ་གཤིས་འགན་ལེན་ལམ་སྲོལ་ལག་བསྟར་བྱས་ཡོད། ཀྲུང་གོ་ཚན་རིག་ཞིབ་འཇུག་ཁང་མཚོ་བོད་ས་མཐོའི་ཞིབ་འཇུག་སུའོ་དང་ཀྲུང་གོ་གནམ་གཤིས་ཚན་རིག་ཞིབ་འཇུག་ཁང་དང་དེ་བཞིན་བོད་རང་སྐྱོང་ལྗོངས་གནམ་གཤིས་ལས་ཁུངས་སོགས་ཚན་པས་ཚན་རིག་རྟོག་ཞིབ་ཆེད་གནམ་གཤིས་ཀྱི་འགན་ལེན་ལས་དོན་སྤེལ་ཡོད།
           གནམ་གཤིས་འགན་ལེན་ཞབས་ཞུའི་རུ་ཁག་ཇོ་མོ་གླང་མའི་སྒར་ས་ཆེ་མོར་འབྱོར་རྗེས་འགན་ལེན་ཞབས་ཞུའི་ཇུས་གཞི་ལྟར“རླུང་བརྟག་གནམ་དཔྱད”ཀྱི་ལས་ལ་གཞོལ། མཁའ་དབྱིངས་འཚོལ་ཞིབ་ཐིག་ལེན་སྒྲིག་ཆས་དང་། སྙོམས་སྒྲིག་ཚོད་ལྟའི་དཔྱད་ཆས། ལྒང་ཕུག་ལ་ཕུ་རྒྱག་པ། ལྒང་ཕུག་གློད་པ། མཁའ་དབྱིངས་ཀྱི་གྲངས་གཞི་བསྡུ་ལེན་སོཌ་ཀྱི་ལྷུ་ཚིགས་ཁག་སྦྲེལ་མཐུད་ནུས་ལྡན་བྱས་པ་དང་། རུ་མི་ཚོའི་ལག་རྩལ་བྱང་ཆུབ་པ་དང་དཔྱད་ཆས་འཕྲུལ་ཆས་འཁོར་སྐྱོད་རྒྱུན་གཏན་ཡིན་པའི་སྒོ་ནས་ད་ཐེངས་ཀྱི་ཇོ་མོ་གླང་མའི་ཚན་རིག་རྟོག་ཞིབ་ལ་གནད་སྨིན་ཞབས་འདེགས་ཞུས་ཡོད།

འདི་ནི་ཇོ་མོ་གླང་མའི་སྒར་ས་ཆེ་མོར་ཚན་ཞིབ་མི་སྣས་རླུང་ཁམས་ཆེ་མོའི་གྲངས་གཞིར་ལྟ་བཞིན་པ། (ཟླ་5ཚེས་3ཉིན་པར་བླངས)

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1