རྡོ་སྣུམ་ཐོན་སྐྱེད་བྱེད་པའི་རྒྱལ་ཁབ་གཙོ་བོས་སྔར་གཏན་འཁེལ་བྱས་པའི་ཐོན་སྐྱེད་འཕར་སྣོན་འཆར་གཞི་ལག་བསྟར་བྱེད་རྒྱུ་རེད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། 05-07


        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྡོ་སྣུམ་ཕྱིར་གཏོང་རྒྱལ་ཁབ་རྩ་འཛུགས་དང་རྡོ་སྣུམ་ཕྱིར་གཏོང་རྒྱལ་ཁབ་མིན་པའི་རྡོ་སྣུམ་ཐོན་སྐྱེད་རྒྱལ་ཁབ་ཀྱིས་ཚེས་ལྔ་ཉིན་བརྙན་རིས་ཀྱི་རྣམ་པས་པུའུ་ཀྲང་རིམ་པའི་གྲོས་ཚོགས་ཐེངས་ཉེར་བརྒྱད་པ་བསྡུས་ཏེ། ད་ལོའི་ཟླ་དྲུག་པར་སྔར་གཏན་འཁེལ་བྱས་པའི་ཐོན་སྐྱེད་འཕར་སྣོན་འཆར་གཞི་ལག་བསྟར་བྱེད་རྒྱུ་ཐག་བཅད། 
        རྡོ་སྣུམ་ཕྱིར་གཏོང་རྒྱལ་ཁབ་རྩ་འཛུགས་ཀྱིས་སྤེལ་བའི་གསལ་སྒྲོག་ལྟར་ན། གྲོས་ཚོགས་ལ་ཞུགས་པའི་རྡོ་སྣུམ་ཐོན་སྐྱེད་རྒྱལ་ཁབ་དག་གིས་ཡང་བསྐྱར་པུའུ་ཀྲང་རིམ་པའི་གྲོས་ཚོགས་ཐེངས་བཅུ་དགུ་བ་ནས་ཆོག་མཆན་བཀོད་པའི་ཐོན་ཚད་ལེགས་སྒྲིག་འཆར་གཞི་དང་ཟླ་རེའི་ཐོན་ཚད་ལེགས་སྒྲིག་རྐྱེན་སྲོལ་ཁས་ལེན་བྱས་པ་དང་། ཟླ་དྲུག་པའི་ཟླ་རེའི་ཐོན་ཚད་ཉིན་རེར་ཟོ་འབུམ་བཞི་དང་ཁྲི་གསུམ་སྟོང་གཉིས་ལ་ཇེ་མཐོར་གཏོང་རྒྱུ་ཡིན་ཟེར། 
        གསལ་སྒྲོག་ལས་བཤད་རྒྱུར། གྲོས་ཚོགས་ལ་ཞུགས་པའི་རྡོ་སྣུམ་ཐོན་སྐྱེད་རྒྱལ་ཁབ་དག་གིས་བལྟས་ན། མ་བཅོས་རྡོ་སྣུམ་ཚོང་རར་བསྟུད་མར་ས་ཁུལ་གྱི་ཆབ་སྲིད་རྒྱུ་རྐྱེན་དང་པྲོག་གསར་གློ་ཚད་རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་བཞིན་ཡོད་ཀྱང་། མིག་སྔའི་ཚོང་རའི་གཞི་རྩའི་རྣམ་པ་དང་མ་འོངས་པར་ཁ་ཕྱོགས་པའི་ཐུན་མོང་སྣང་ཚུལ་ལས་མངོན་པ་ལྟར་ན་ཚོང་རའི་མཁོ་འདོན་དོ་མཉམ་མིན་པར་འདོད། 
        རྡོ་སྣུམ་ཕྱིར་གཏོང་རྒྱལ་ཁབ་རྩ་འཛུགས་ཀྱི་གསལ་སྒྲོག་ལྟར་ན། རྡོ་སྣུམ་ཕྱིར་གཏོང་རྒྱལ་ཁབ་རྩ་འཛུགས་དང་རྡོ་སྣུམ་ཕྱིར་གཏོང་རྒྱལ་ཁབ་མིན་པའི་རྡོ་སྣུམ་ཐོན་སྐྱེད་རྒྱལ་ཁབ་ཀྱི་པུའུ་ཀྲང་རིམ་པའི་གྲོས་ཚོགས་ཐེངས་ཉེར་དགུ་བ་ད་ལོའི་ཟླ་དྲུག་པའི་ཚེས་གཉིས་ཉིན་སྤེལ་རྒྱུ་རེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1