ཁྲོན་བོད་ལྕགས་ལམ་འཛུགས་སྐྲུན་གྱི་ལས་གཞི་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་ཁོངས་སུ་བསྡུ་རྒྱུ་རེད།

ཏིང་འཛིན་བཀྲ་ཤིས་ཀྱིས་བསྒྱུར། རྩོམ་སྒྲིག་པ།ཏིང་འཛིན་བཀྲ་ཤིས།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 03-12


            སྤྱི་ཟླ་3པའི་ཚེས་10ཉིན། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གསུམ་པའི་སི་ཁྲོན་འཐུས་མིའི་ཚོགས་པས་ཐེངས་དྲུག་པའི་ཚང་འཛོམས་གྲོས་ཚོགས་དང་ཚོ་ཆུང་གྲོས་ཞིབ་ཚོགས་འདུ་འཚོགས་ཤིང་། ཁྲིམས་འཛུགས་ཁྲིམས་བཅོས་དང་གྲོས་གཞིའི་འཆར་ཟིན་ལ་གྲོས་ཞིབ་བྱས། གྲོས་ཚོགས་སུ་སི་ཁྲོན་གྱི་འཐུས་མིའི་ཚོགས་པའི་ངོས་ནས་ཕུལ་བའི་བསམ་འཆར་ཁག་6ལ་གྲོས་མཐུན་བྱུང་ཡོད་དེ། དེ་དག་སོ་སོ་ནི་ཁྲོན་བོད་ལྕགས་ལམ་འཛུགས་སྐྲུན་གྱི་ལས་གཞི་དེ་རྒྱལ་ཁབ་ཀྱི་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་ནང་དུ་འཇོག་པར་མ་ཟད། ཕྱོགས་ཡོངས་ནས་ལྕགས་ལམ་འཛུགས་སྐྲུན་ལས་གྲྭའི་འགོ་རྩོམ་རྒྱུ་ཡིན་པའི་བསམ་འཆར་བཏོན་ཡོད་པ་དང་། འབྲི་ཆུའི་དཔལ་འབྱོར་ས་ཁུལ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ནས་སི་ཁྲོན་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱ་རྒྱུ། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཀུན་གསབ་ནང་རྐྱེན་འཐུས་ཚང་དུ་བཏང་ནས་སི་ཁྲོན་གྱི་མི་རིགས་ས་ཁུལ་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་སོགས་ཀྱི་བསམ་འཆར་ལ་གྲོས་མཐུན་བྱུང་ཡོད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1