“འཛམ་གླིང་ཡང་རྩེར”འཁྱགས་རོམ་ལ་བརྟག་དཔྱད་བྱེད་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 05-09


འདི་ནི་འཁྱགས་རོམ་དང་སྦགས་བཙོག་དངོས་པོའི་ཚན་རིག་རྟོག་ཞིབ་ཚོགས་ཆུང་གི་འགན་འཁུར་བ་ཁང་ཧྲི་ཁྲང་གིས་རི་འཛེག་དངོས་རྫས་ལ་ཞིབ་བཤེར་བྱེད་བཞིན་པ།
     “2022རི་རྩེའི་འགན་འཁྲི——ཇོ་རིའི་ས་བབ་ཧ་ཅང་མཐོ་བའི་ས་ཁུལ་གྱི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཞིབ་འཇུག”བོད་ཀྱི་ཇོ་རིའི་ས་ཁུལ་དུ་དངོས་སུ་བྱེད་བཞིན་ཡོད། ཟླ་5ཚེས་1ཉིན། འཁྱགས་རོམ་དང་སྦགས་བཙོག་དངོས་པོའི་ཚན་རིག་རྟོག་ཞིབ་ཡན་ལག་རུ་ཁག་གིས་ཤར་རོང་ཕུ་འཁྱགས་རོམ་དུ་བསྐྱོད་དེ་སྔོན་ཐོན་གྱི་ཚན་རིག་ཡོ་ཆས་འཁྱེར་ནས་འཁྱགས་རོམ་ལ་ཕྱོགས་ཡོངས་ཀྱི་བརྟག་དཔྱད་བྱས་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། འཁྱགས་རོམ་དང་སྦགས་བཙོག་དངོས་པོའི་ཚན་རིག་རྟོག་ཞིབ་ཡན་ལག་རུ་ཁག་གིས་ཇོ་རིའི་སྒར་ས་ཆེ་མོ་ནས་ཤར་རོང་ཕུ་འཁྱགས་རོམ་བར་ཁྱབ་པའི་ས་བབ་མཐོ་བའི་ས་ཁོངས་སུ་དུས་ཡུན་ཟླ་བ་གཅིག་གི་ཚན་ཞིབ་ལས་དོན་སྤེལ་ནས་སྦགས་བཙོག་དངོས་པོར་ལྟ་ཞིབ་ཚད་ལེན་དང་། རོང་ཕུ་འཁྱགས་རོམ་དང་འཁྱགས་མཚོའི་འགྱུར་ལྡོག་ལ་ལྟ་ཞིབ་ཚད་ལེན། རྒྱུག་ཆུ་དང་མཚེའུ་ཡི་དྲོད་རླུང་འཁོར་རྒྱུག་ལ་ལྟ་ཞིབ་ཚད་ལེན་སོགས་ཀྱི་ཚན་ཞིབ་ལས་དོན་སྤེལ་རྒྱུ་ཡིན་པ་རེད།
འདི་ནི་ཇོ་མོ་གླང་མའི་རི་འཛེག་སྒར་ས་ཆེ་མོར་འཁྱགས་རོམ་དང་སྦགས་བཙོག་དངོས་པོའི་ཚན་རིག་རྟོག་ཞིབ་ཚོགས་ཆུང་གི་འགན་འཁུར་བ་ཁང་ཧྲི་ཁྲང(གཡོན་གྱི་དང་པོ)གིས་རྡོག་ཐོན་མ་བྱས་གོང་སྐུལ་སློང་བྱེད་བཞིན་པ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1