ལི་ཁེ་ཆང་གིས་རྒྱལ་ཡོངས་ཀྱི་ལས་ཞུགས་བརྟན་པོ་ཡོང་བའི་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུར་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་ཉིན་རེའི་ཚགས་པར། སྤེལ་དུས། 05-10



ནུས་ཤུགས་ཡོད་རྒུས་ཁྲོམ་རའི་བྱེད་པོའི་ལས་གནས་བརྟན་པོ་ཡོང་བར་རོགས་རམ་དང་ལས་ཞུགས་ལས་གནས་རྒྱ་ཆེར་ཧུར་ཐག་བཏང་སྟེ་ལོ་ཧྲིལ་པོའི་ལས་ཞུགས་དམིགས་ཚད་ལས་འགན་ལེགས་སྒྲུབ་ཡོང་བ་བྱེད་དགོས།
        ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་7ཉིན་གློག་འཕྲིན་འབྱོར་གསལ། ཟླ་5ཚེས་7ཉིན། རྒྱལ་ཡོངས་ཀྱི་ལས་ཞུགས་བརྟན་པོ་ཡོང་བའི་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་པེ་ཅིང་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་བ་རེད། མཆན་བཀོད་མཛུབ་སྟོན་ནང་། ལས་ཞུགས་བརྟན་པོ་ཡོང་བ་བྱ་རྒྱུ་དེ་རྒྱ་ཆེའི་ཁྱིམ་ཚང་གི་འཚོ་བ་དང་འབྲེལ་བ་ཡོད་ལ། དཔལ་འབྱོར་འཁོར་སྐྱོད་ལུགས་མཐུན་བར་མཚམས་སུ་གནས་ཐུབ་པའི་འགག་རྩའི་འདེགས་སྐྱོར་ཞིག་ཀྱང་རེད། མིག་སྔའི་ལས་ཞུགས་དུས་བབ་རྙོག་འཛིང་ཆེ་ལ་ཛ་དྲག་ཆེ་བས། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ་དང་། ལས་ཞུགས་སྔོན་ལ་འཇོག་པའི་སྲིད་ཇུས་ལག་བསྟར་ཤུགས་ཆེན་བྱས་ནས་ལས་ཞུགས་བརྟན་པོ་དང་དཔལ་འབྱོར་བརྟན་པོའི་ངང་འཁོར་སྐྱོད་ཐུབ་པ་བྱེད་དགོས། ཁྲོམ་རའི་བྱེད་པོ་དང་ལས་གནས་བརྟན་པོ་སྲུང་ཐུབ་ན་འབྱུང་འགྱུར་ཐོབ་པ་ཡིན། ལས་གནས་བརྟན་པོ་ཡོང་བར་རྒྱབ་སྐྱོར་བྱེད་པར་ཤུགས་སྣོན་བརྒྱབ་ནས། ཁེ་ལས་ཀྱིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ཡག་པོ་བྱེད་པའི་ཆ་རྐྱེན་འོག་ལས་འགོ་བསྐྱར་འཛུགས་དང་ཐོན་འབོར་ཚད་ལོན་བྱེད་པར་སྐུལ་འདེད་གཏོང་བ་དང་། ཁྲལ་སློག་དང་ཁྲལ་རིན་གཉིས་གཅོག་སོགས་ཁུར་པོ་ཡང་གཏོང་དང་དཀའ་སེལ་གྱི་སྲིད་ཇུས་མགྱོགས་མྱུར་དོན་འཁྱོལ་བྱས་ནས། ཁྲོམ་རའི་བྱེད་པོ་དང་ལྷག་པར་དུ་ཁེ་ལས་འབྲིང་ཆུང་དང་ཕྲན་ཚེགས་ཁེ་ལས་དང་ཁེར་རྐྱང་བཟོ་ཚོང་དུད་ཚང་དཀའ་གནད་ལས་སྒྲོལ་ནས་ལས་གནས་བརྟན་པོ་ཡོང་བར་ནུས་ཤུགས་ཡོད་རྒུས་རོགས་རམ་བྱེད་དགོས། ལས་སྟེགས་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་སྟེ་ལས་ཞུགས་དེ་བས་མང་བ་ཐུབ་པར་སྐུལ་ཁྲིད་བྱེད་དགོས། ལས་ཞུགས་ལས་གནས་རྒྱ་ཆེར་ཧུར་ཐག་བཏང་ནས“གློད་སྡོམ་ཞབས་གསུམ”གྱི་སྒྱུར་བཅོས་ལ་མུ་མཐུད་སྐུལ་འདེད་གཏོང་བ་དང་། དམངས་ཀྱིས་བྱ་གཞག་སྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་པའི་འབྲེལ་ཡོད་སྲིད་ཇུས་དོན་འཁྱོལ། རྒུད་གསབ་ལས་སྤྲོད་ཀྱི་གཞི་ཁྱོན་ཆེ་རུ་གཏོང་བ་བཅས་བྱེད་དགོས། (པར་ངོས་གཉིས་པར་གཟིགས) (པར་ངོས་དང་པོར་མཐུད)
        མཐོ་སློབ་སློབ་ཐོན་སློབ་མ་དང་ཞིང་པ་ལས་མི་སོགས་གཙོ་གནད་ཚོགས་སྤྱི་ལས་ཞུགས་ཐུབ་པར་སྐུལ་འདེད་གཏོང་བ་དང་ཞབས་འདེགས་ཞུ་བར་ཤུགས་སྣོན་རྒྱག་པ་དང་དཀའ་ངལ་ཡོད་པའི་མི་སྣ་ལས་ཞུགས་ཐུབ་པར་རོགས་སྐྱོར་ཡག་པོ་བྱས་ཏེ། ལས་ཤོར་མི་སྣའི་གཞི་རྩའི་འཚོ་བ་འགན་སྲུང་ཏན་ཏིག་བྱེད་དགོས། གཞི་ཁྱོན་ཆེ་བའི་ལས་རིགས་རྩལ་ནུས་གསོ་སྦྱོང་མུ་མཐུད་བྱེད་དགོས། ཕྱོགས་ཁག་གིས་འགན་འཁྲི་ཏན་ཏིག་འཁུར་བ་དང་ས་གནས་ཁག་གིས་གསར་གཏོད་རང་བཞིན་གྱིས་དོན་འཁྱོལ་ལ་དམ་འཛིན་བྱས་ཏེ། ལོ་ཧྲིལ་པོའི་ལས་ཞུགས་ཀྱི་དམིགས་ཚད་ལས་འགན་ལེགས་སྒྲུབ་ཡོང་བའི་འགན་ལེན་བྱས་ཏེ། བྱ་སྤྱོད་ངོ་མའི་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས།
        ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧུའུ་ཁྲུན་ཧྭ་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་ཞིང་། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་མཐའ་གཅིག་ཏུ་བྱེད་པ་དང་། ཙུང་ལི་ལི་ཁེ་ཆང་གི་མཆན་བཀོད་མཛུབ་སྟོན་གྱི་བླང་བྱ་དོན་འཁྱོལ། “སྐབས་བསྟུན་གཙང་སེལ”གྱི་སྤྱིའི་མཛད་ཕྱོགས་མཐའ་འཁྱོངས་བྱ་རྒྱུར་གཡོ་འགུལ་མི་གཏོང་བ། རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་ནུས་ལྡན། མིག་སྔ་དང་དུས་མཚམས་རྗེས་མར་ལས་ཞུགས་བརྟན་པོ་ཡོང་བའི་ལས་དོན་ཏན་ཏིག་སྒྲུབ་པ་བཅས་བྱས་ནས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་དེ་བས་ལེགས་པའི་ཞབས་འདེགས་ཞུ་དགོས་པའི་ནན་བཤད་གནང་བ་རེད།
        ཧུའུ་ཁྲུན་ཧྭ་ཡིས་འདི་ལོའི་རང་རྒྱལ་གྱི་ལས་ཞུགས་ལས་དོན་གྱི་སྤྱི་ཡོངས་ཀྱི་ཐོག་མའི་གནས་ཚུལ་བརྟན་པོ་ཡོད་པ་དང་གྲུབ་འབྲས་ནི་ལས་སླ་པོར་ཐོབ་པ་ཞིག་མིན། དེ་དང་ཆབས་ཅིག་རྒྱལ་ཁབ་ཕྱི་ནང་གི་རྒྱུ་རྐྱེན་མང་པོའི་ཤུགས་རྐྱེན་ཕོག་པའི་དབང་གིས་ལས་ཞུགས་ལ་འཕྲད་པའི་ཉེན་ཁ་དང་འགྲན་སློང་མང་དུ་ཕྱིན་པ་མཐོང་ཐུབ་པར་བྱེད་དགོས། རྙོག་འཛིང་ཆེ་ཞིང་ཛ་དྲག་ཆེ་བའི་དུས་བབ་ཀྱི་མདུན་དུ་ང་ཚོས་ཡིད་ཆེས་བརྟན་དུ་བཏང་ནས་ལས་ཞུགས་བརྟན་པོ་ཡོང་བར་སྔར་བཞིན་མཐུན་རྐྱེན་དང་དགེ་མཚན་ལྡན་པའི་རྒྱུ་རྐྱེན་མི་ཉུང་བ་ཞིག་འཛོམས་དགོས་པ་ཤེས་དགོས་ལ། ཚད་མཐོའི་མཐོང་ཆེན་དང་ཁ་གཏད་ཧུར་ཐག་ཀྱང་གཅོག་དགོས། ལས་ཞུགས་སྔོན་ལ་འཇོག་པའི་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱས་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ནུས་ལྡན་བྱེད་པ་དང་ཆབས་ཅིག་ལས་ཞུགས་ཀྱི་དུས་བབ་བརྟན་པོ་ཡོང་བར་བྱེད་དགོས། དཀའ་ངལ་ཡོད་པའི་ཁེ་ལས་ལ་ལས་གནས་བརྟན་པོ་ཡོང་བ་དང་དཀའ་ངལ་སེལ་རོགས་བྱེད་པར་ཤུགས་སྣོན་བརྒྱབ་ནས། ལས་ཞུགས་ཀྱི་བར་མཐོངས་གསར་པ་ཧུར་ཐག་བཏོད་དེ་ལས་གནས་བརྟན་པོའི་ཁྲོད་ལས་ཞུགས་ལ་སྐུལ་འདེད་གཏོང་བའི་རྩལ་ནུས་གསོ་སྦྱོང་ནུས་པ་དེ་བས་འདོན་སྤེལ་བྱེད་དགོས་ཞེས་གསུངས་པ་རེད།


རྩོམ་ཡིག་སྔོན་མ།
༄༅།། ཚེ་བློ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1