རོང་བྲག་རྫོང་གིས་སྒོར་ཁྲི2525བཏང་ནས་ཟོང་འགྲུལ་གླིང་ཁུལ་སྐྲུན་བཞིན་ཡོད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 05-12



  རོང་བྲག་རྫོང་གིས་སྒོར་ཁྲི2525བཏང་ནས་ཟོང་འགྲུལ་གླིང་ཁུལ་སྐྲུན་བཞིན་ཡོད། 

        རོང་བྲག་རྫོང་གི་ཞིང་ལས་ཁྱད་ཆོས་ཐོན་ལས་དང་འཁྱག་རྫས་ཐོན་ལས་འབྲེལ་ཐག་ཟོང་འགྲུལ་ལས་རིགས་འཕེལ་རྒྱས་མགྱོགས་པོར་གཏོང་བ་དང་། ཞིང་ལས་ཁྱད་རྫས་ལས་སྣོན་ཐོན་ལས་དང་འཁྱག་རྫས་ཐོན་ལས་འབྲེལ་ཐག་ཟོང་འགྲུལ་ལས་རིགས་ཟླ་བསྒྲིལ་བྱས་ཏེ་རོང་བྲག་གི་ཞིང་ལས་ཁྱད་རྫས་ཀྱི་ཐོན་སྐྱེད་དང་ལས་སྣོན། སྐྱེལ་འདྲེན། ཕྱིར་འཚོང་བཅས་ཀྱི་ཐོན་ལས་འབྲེལ་ཐག་རིམ་བཞིན་འགྲུབ་ཆེད། ཉིན་བསྟུད་མར་རོང་བྲག་རྫོང་གི་སྐྱེ་ཁམས་ཁྱད་ཆོས་ཞིང་ལས་ཐོན་རྫས་ལས་སྣོན་ཟོང་འགྲུལ་གླིང་ཁུལ་སྐྲུན་བཞིན་པའི་སྒང་ཡིན་ལ། ད་སྔར་དུས་རིམ་དང་པོའི་སྤྱིའི་ལས་གྲྭའི་བརྒྱ་ཆ30བསྐྲུན་ཚར་བ་རེད། 

རོང་བྲག་རྫོང་གིས་སྒོར་ཁྲི2525བཏང་ནས་ཟོང་འགྲུལ་གླིང་ཁུལ་སྐྲུན་བཞིན་ཡོད།

 རོང་བྲག་རྫོང་གིས་སྒོར་ཁྲི2525བཏང་ནས་ཟོང་འགྲུལ་གླིང་ཁུལ་སྐྲུན་བཞིན་ཡོད།

 རོང་བྲག་རྫོང་གིས་སྒོར་ཁྲི2525བཏང་ནས་ཟོང་འགྲུལ་གླིང་ཁུལ་སྐྲུན་བཞིན་ཡོད། 

        ཤེས་རྟོགས་བྱུང་བར་གཞིགས་ན། རོང་བྲག་རྫོང་གི་སྐྱེ་ཁམས་ཁྱད་ཆོས་ཞིང་ལས་ཐོན་རྫས་ལས་སྣོན་ཟོང་འགྲུལ་གླིང་ཁུལ་ལས་གཞི་དེ་རྒྱལ་མོ་དམུ་རྡོ་གྲོང་རྡལ་དུ་གནས་ཤིང་། དུས་རིམ་དང་པོའི་ལས་གྲྭར་མ་དངུལ་ཁྱོན་བསྡོམས་སྒོར་ཁྲི2525བཏང་བ་དང་རྒྱ་ཁྱོན་མུའུ84.51ལ་ཟིན་ཡོད། དེ་ཡང་ཞིང་ལས་ཐོན་རྫས་ལས་སྣོན་ཁང་དང་རྒྱུན་དྲོད་ཁང་། འཁྱག་ཉར་ཁང་། འཁེང་ཉར་ཁང་། ཐོན་སྐྱེད་ཞིབ་དཔྱད་ཚད་ལེན་ཁང་། གཞུང་ལམ་ལྗང་བཟོ་དང་ལྕགས་རི་སོགས་སྤྱི་སྤྱོད་ལས་གྲྭ་ཚུད་ཡོད་པ་རེད། 

 རོང་བྲག་རྫོང་གིས་སྒོར་ཁྲི2525བཏང་ནས་ཟོང་འགྲུལ་གླིང་ཁུལ་སྐྲུན་བཞིན་ཡོད། 

        སྔོན་དཔག་ལྟར་ན། སྤྱི་ཟླ5པའི་ཚེས20ཉིན་བཟོ་ཁང་དང་པོའི་སྤྱི་ཁོག་འགྲུབ་རྒྱུ་དང་། སྤྱི་ཟླ6པའི་ཚེས10ཉིན་བཟོ་ཁང་གཉིས་པའི་སྤྱི་ཁོག་འགྲུབ་རྒྱུ། སྤྱི་ཟླ6པའི་ཚེས20ཉིན་གྱི་ཡས་མས་ལ་མཛོད་ཁང་གི་སྤྱི་ཁོག་འགྲུབ་ཐུབ་ཅེས་གླིང་ཁུལ་གྱི་ཐོན་སྐྱེད་གཉེར་དཔོན་ཝེ་ཐི་ཅན་གྱིས་དེ་ལྟར་བཤད། 

རོང་བྲག་རྫོང་གིས་སྒོར་ཁྲི2525བཏང་ནས་ཟོང་འགྲུལ་གླིང་ཁུལ་སྐྲུན་བཞིན་ཡོད།

 རོང་བྲག་རྫོང་གིས་སྒོར་ཁྲི2525བཏང་ནས་ཟོང་འགྲུལ་གླིང་ཁུལ་སྐྲུན་བཞིན་ཡོད།  

       དུས་རིམ་དང་པོའི་ལས་གྲྭ་བསྐྲུན་རྗེས། དུས་རིམ་གཉིས་པ་དང་གསུམ་པའི་ལས་གྲྭར་མ་དངུལ་སྒོར་ཁྲི1996དང2600བཏང་ནས་མུ་མཐུད་དེ་ལས་འགོ་འཛུགས་པ་དང་། ཟོང་འགྲུལ་གླིང་ཁུལ་དེ་ནི་རོང་བྲག་རྫོང་གིས་ད་བར་མ་རྩ་འཇོག་ཚད་ཆེས་མང་བའི་ཕྱོགས་བསྡུས་ལས་སྣོན་དང་མཛོད་ཉར་ཟོང་འགྲུལ་ལས་གཞི་ཤིག་ཡིན་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1