དཀར་མཛེས་རྫོང་གིས་ཏང་གི་ཚོགས་ཆེན་ཉི་ཤུ་པ་འདི་ལྟར་བསུ་བཞིན་ཡོད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 05-13



     སྤྱི་ཟླ5པའི་ཚེས8ཉིན་དཀར་མཛེས་རྫོང་གིས་ན་གཞོན་ཁེ་ལས་པ་ལས་གཏོད་ལས་ཞུགས་མཐུན་ཚོགས་བཙུགས་པའི་ཚོགས་ཆེན་དེ་དཀར་མཛེས་རྫོང་མང་ཚོགས་རིག་གནས་ལྟེ་གནས་ཁང་དུ་འཚོགས་པ་རེད། དཀར་མཛེས་ཁུལ་ཨུའི་རྒྱུན་ཨུ། དཀར་མཛེས་རྫོང་ཨུའི་ཧྲུའུ་ཅི་སྐལ་བཟང་གཡུང་དྲུང་དང་དཀར་མཛེས་རྫོང་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཕུན་ཚོགས་དབང་འདུས། རྫོང་སྲིད་གྲོས་ཀྲུའུ་ཞི་ཀྲང་པིང་། རྫོང་ཨུ་ཧྲུའུ་ཅི་གཞོན་པ་དབང་ཆེན་གྲགས་པ། དབྱང་ཅུན་ཁྲེང་། རྫོང་ཨུའི་རྒྱུན་ཨུ་རྫོང་སྲིད་གཞུང་གི་རྫོང་དཔོན་གཞོན་པ་ངག་དབང་བྱམས་པ་སོགས་ཀྱིས་གཙོས་འབྲེལ་ཡོད་ལས་ཁུངས་ཁག་གི་མགོ་ཁྲིད་དང་ཡུལ་ཤོག། གྲོང་རྡལ། ཕུལ་བྱུང་གི་ན་གཞོན་ལས་བྱེད་པ། ཁེ་ལས་པ་སོགས་ཀྱི་འཐུས་ཚབ་མི་སྣ་ཞུགས་ཡོད་པ་རེད།

དཀར་མཛེས་རྫོང་གིས་ཏང་གི་ཚོགས་ཆེན་ཉི་ཤུ་པ་འདི་ལྟར་བསུ་བཞིན་ཡོད།

     དཀར་མཛེས་རྫོང་ཨུའི་ཧྲུའུ་ཅི་གཞོན་པ་དབྱང་ཅུན་ཁྲེང་གིས་དཀར་མཛེས་རྫོང་གི་ན་གཞོན་ཁེ་ལས་པ་ལས་གཏོད་ལས་ཞུགས་མཐུན་ཚོགས་དངོས་སུ་བཙུགས་པར་ཤིས་ཚིག་ཕུལ་བར་མ་ཟད། མཐུན་ཚོགས་ཀྱི་ཚོགས་གཙོ་རྒན་གཞོན་དང་རྒྱུན་ལས་ཁོངས་མི་སོགས་ཀྱི་མིང་ཐོ་ཁྱབ་བསྒྲགས་གནང་ཞིང་དཔང་ཡིག་སྤྲད་པ་རེད།  དེ་རྗེས་ཚོགས་ཞུགས་ཡོད་ཚད་ཀྱིས་མཐུན་ཚོགས་ཀྱི་དྲིལ་བསྒྲགས་བརྙན་ཐུང་ལ་གཟིགས་ཤིང་མཐུན་ཚོགས་ཀྱི་སྐབས་དང་པོའི་ལས་འཛིན་པ་བདམས་ཐོན་བྱུང་བའི་ཝང་ཅན་ལི་ཡིས་མཐུན་ཚོགས་གནས་ཚུལ་དང་ལས་དོན། ཁ་ཕྱོགས་སོགས་ཀྱི་སྐོར་ངོ་སྤྲོད་རྒྱས་པར་བྱས།

དཀར་མཛེས་རྫོང་གིས་ཏང་གི་ཚོགས་ཆེན་ཉི་ཤུ་པ་འདི་ལྟར་བསུ་བཞིན་ཡོད།

     ཚོགས་འདུ་གྲོལ་རྗེས་ཚོགས་ཞུགས་མི་སྣ་ཡོངས་བཤམས་སྟོན་ཁང་དུ་བསྐྱོད་ནས་ཁེ་ལས་པའི་ལག་ཤེས་བཟོ་ལས་སྒྱུ་རྩལ་གྱི་ཐོན་རྫས་སྣ་ཚོགས་ལ་བལྟས་ཏེ་ལག་ཤེས་ཀྱི་ཁྱད་ཆོས་དང་སྒྱུ་རྩལ་གྱི་མཚར་སྡུག།  ཁེ་ལས་པའི་སྙིང་སྟོབས་སོགས་སློབ་སྦྱོང་བྱེད་དུ་བཅུག་པ་རེད།

     དཀར་མཛེས་རྫོང་ན་གཞོན་ཁེ་ལས་པའི་ལས་གཏོད་ལས་ཞུགས་མཐུན་ཚོགས་ནི་དཀར་མཛེས་རྫོང་མི་དམངས་སྲིད་གཞུང་དང་རྫོང་གུང་གཞོན་སྡེ་ཚོགས་ཀྱི་རྒྱབ་སྐྱོར་འོག་དཀར་མཛེས་རྫོང་ན་གཞོན་ཁེ་ལས་པ་དང་ན་གཞོན་ལས་གཏོད་ལས་ཞུགས་པ་ཚོས་རང་ནུས་ཀྱིས་རྩ་འཛུགས་བྱས་ཏེ་བཙུགས་པ་རེད། དེའི་ནང་ན་གཞོན་ཁེ་ལས་པ་གསུམ་དང་ན་གཞོན་ཁེར་གཉེར་བཟོ་ཚོང་གི་དུད་ཁྱིམ་ཉེར་ལྔ། དྲྭ་གྲགས་མི་སྣ་དྲུག་བཅས་ཡོད།

དཀར་མཛེས་རྫོང་གིས་ཏང་གི་ཚོགས་ཆེན་ཉི་ཤུ་པ་འདི་ལྟར་བསུ་བཞིན་ཡོད།

     ད་དུང་མུ་མཐུད་ནས་དཀར་མཛེས་རྫོང་མི་དམངས་སྲིད་གཞུང་གི་རྒྱབ་སྐྱོར་འོག“དཀར་མཛེས་རྫོང་ན་གཞོན་ལས་གཏོད་ལས་ཞུགས་ཀྱི་རྟེན་གཞི”འཛུགས་གྲབས་ཡོད་ལ།  རྟེན་གཞི་དེས་ན་གཞོན་ཚོའི་དྲ་བའི་འཕེལ་ཕྱོགས་ཀྱི་ལེགས་ཆ་འཛིན་ཏེ་ས་གནས་ཀྱི་ཁྱད་ཆོས་ཅན་གྱི་ཐོན་རྫས་སྣ་ཚོགས་ཀྱི་ཐོན་ཁུངས་ལེགས་སྒྲིག་བྱས་ཏེ་རང་རྫོང་གི་ཡུལ་སྡེ་དར་རྒྱས་གཏོང་བར་རམ་འདེགས་བྱ་རྒྱུ་དང་། ན་གཞོན་ལས་གཏོད་ལས་ཞུགས་པར་ཆེད་དུ་ཟབ་སྦྱོང་བྱས་ནས་དཀར་མཛེས་རྫོང་གི་ན་གཞོན་ཚོར་ལས་གཏོད་ལས་ཞུགས་ཀྱི་གོ་སྐབས་མང་པོ་གསར་སྐྲུན་བྱ་དགོས།

    ཐེངས་འདིའི་ཚོགས་འདུའི་ནང་དཀར་མཛེས་རྫོང་གི་ན་གཞོན་ཁེ་ལས་པ་བརྒྱ་ལྷག་ཞུགས་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1