བོད་ལྗོངས་ཀྱི་ཡུལ་འདིར་པར་བརྐོའི་ཕ་ཡུལ་ཞེས་བརྗོད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 05-16


 

     བོད་ལྗོངས་ལྷ་ས་གྲོང་ཁྱེར་སྙེ་མོ་རྫོང་ཕུ་གསུམ་ཤང་ལ“པར་བརྐོའི་ཕ་ཡུལ”ཞེས་བརྗོད་ཀྱི་ཡོད་པ་དང་། ཤང་ཡོངས་ཀྱི་དུད་ཁྱིམ་ཕྱེད་ཀ་ཙམ་གྱིས་པར་བརྐོ་དང་དར་ཤིང་དཔར་བའི་ལས་ཀ་གཉེར་གྱི་ཡོད། 2009ལོར། ཕུ་གསུམ་པར་བརྐོའི་ལག་རྩལ་བོད་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ནང་བཅུག་ཡོད།  

 

     ཤེས་རྟོགས་བྱུང་བར་གཞིགས་ན། སྙེ་མོ་རྫོང་གི་པར་བརྐོའི་ལག་ཤེས་བཟོ་རྩལ་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་གི་བརྐོ་བཟོ་སྒྱུ་རྩལ་པས་རང་གི་སྲོལ་རྒྱུན་གྱི་དམངས་ཁྲོད་བརྐོ་བཟོའི་སྒྱུ་རྩལ་དང་། དེང་རབས་བརྐོ་བཟོའི་སྒྱུ་རྩལ་ཟུང་འབྲེལ་བྱས་ནས་ཡི་གེ་བརྐོས་ཡོད་པ་མ་ཟད། ད་དུང་རི་མོ་དང་སྦྲགས་མར་བརྐོས་ཡོད་ཅིང་། ཆོས་དཔེ་དང་དར་ལྕོག དེ་བཞིན་ཡུལ་སྐོར་རིག་གནས་ཀྱི་ཐོན་རྫས་གསར་པ་བཟོ་བར་སྤྱོད་ཀྱི་ཡོད། 2016ལོར་མཉམ་ལས་ཁང་བཙུགས་པ་ནས་ད་བར། ས་གནས་དེ་གའི་མང་ཚོགས་ཁྱོན་མི་36ཉེ་སར་ལས་ཞུགས་ཐུབ་པར་བྱས་ཡོད། 

 

 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1