༄༅།།དཀྱིལ་འཁོར།

མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།སེམས་ཀྱི་ཉི་ཟླའི་དྲ་བ། སྤེལ་དུས། 05-17


  

      དཀྱིལ་འཁོར་ནི་བོད་ཀྱི་ཤེས་རིག་ཁྲོད་ཆེས་རིན་ཐང་བྲལ་བའི་རིག་གནས་སྒྱུ་རྩལ་ཁྱད་པར་བ་ཞིག་ཡིན་ལ། དེར་ལོ་ངོ་སུམ་སྟོང་ལྷག་གི་ལོ་རྒྱུས་ཡོད། བོད་རྒྱུད་ནང་བསྟན་ཁྲོད་ཀྱི་ཆེས་ཁྱད་པར་བ་དང་ཆེས་ཞིབ་ཚགས་ལྡན་པའི་ཆོས་ལུགས་སྒྱུ་རྩལ་ཞིག་ཀྱང་ཡིན། དཀྱིལ་འཁོར་གྱི་བཟོ་སྟངས་ནི་གཙོ་བོ་བཀྲ་ཤིས་དུས་འཁོར་གྱི་དབྱིབས་ལྟར་ཕྱི་ནང་གཉིས་ཀར་བརྩེགས་རིམ་ལྔ་རེ་བྱས་ཡོད། སྒྱུ་རྩལ་གྱི་གྲུབ་ཚུལ་ནང་དོན་གཙོ་བོ་ནི། མཆོད་འབུལ། བལྟ་སྒོམ་གྱི་རྣམ་བཞག་ཡིན་ལ། ཕྱི་ནི་ས་ཆུ་མེ་རླུང་གིས་གྲུབ་པའི་མཐའ་ཡས་པའི་མདོག་གི་ཁྱད་པར་མངོན་གསལ་གྱིས་སྒྱུ་རྩལ་བཞེངས་བསྐྲུན་བྱེད་ཐབས་ལ་བརྟེན་ནས་ཆོས་ལུགས་འཇིག་རྟེན་ལྟ་ཚུལ་དང་སློབ་གསོའི་དོན་སྙིང་མཚོན་བཞིན་ཡོད།

      དཀྱིལ་འཁོར་བཞེངས་བསྐྲུན་རྒྱུ་ཆ་ནི་རིན་ཐང་བྲལ་བ་སྟེ། བྱུ་རུ་དང་སྤོས་ཤེལ། གཡུ་དང་ལྷང་ཚེར་སེར་ནག མརྒད། གསེར་ཕྱེ་སོགས་རིན་ཐང་བྲལ་བའི་གཏེར་རྡོ་ཕྱེ་མར་འཐག་པ་ལས་གྲུབ་པ་ཤ་རྟག་ཡིན།

    དུས་རྒྱུན་ཆོས་ལུགས་ཀྱི་བྱ་འགུལ་ཆེན་མོར་འཕྲད་དུས་དགོན་པའི་བླ་གྲྭ་རྣམས་ཀྱིས་ཕྱེ་མ་འབོར་ཆེན་བཀོལ་ནས་ཤམ་པ་ལའི་ཞིང་བཀོད་བཞེངས་བསྐྲུན་བྱས་ཏེ་ཉིན་ནས་ཟླའི་བར་འགོར་སྲིད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1