གནོད་འཚེ་དང་ཉེན་ཁ་ཆུང་དུ་བཏང་ནས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་སྲུང་སྐྱོང་བྱེད།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། སྤེལ་དུས། 05-17


 


        འདི་ནི་ལྷ་ས་གྲོང་ཁྱེར་གཡུ་ཐོག་ལམ་གྱི་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་དྲིལ་བསྒྲགས་བྱེད་སྒོ་སྤེལ་སར་ལས་དོན་མི་སྣས་གྲོང་མིར་མི་ཐབས་ལ་བརྟེན་ནས་དབུགས་འབྱིན་རྔུབ་དང་གློ་སྙིང་སླར་གསོ་བྱེད་སྟངས་སློབ་བཞིན་པ། 


        འདི་ལོའི་ཟླ་5ཚེས་12ཉིན་ནི་རང་རྒྱལ་གྱི་རྒྱལ་ཡོངས་ཀྱི་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་ཉིན་མོ་ཨང་14པ་དེ་རེད། རང་ལྗོངས་ཀྱི་ས་གནས་ཁག་གིས“གནོད་འཚེ་དང་ཉེན་ཁ་ཆུང་དུ་བཏང་ནས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་སྲུང་སྐྱོང་བྱེད”ཅེས་པའི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་ནས་འཕྲེད་འགེལ་སྦྱར་ཡིག་འགེལ་བ་དང་། འགྲེམས་པང་འཛུགས་པ། གནོད་འཚེ་སྔོན་འགོག་དང་རང་སྐྱོབ་ཀྱི་དྲིལ་བསྒྲགས་ཡིག་ཆ་སྤྲོད་པ། རྒྱ་ཆེའི་མང་ཚོགས་ལ་རང་སྐྱོབ་ཤེས་བྱ་འགྲེལ་བཤད་རྒྱག་པ་སོགས་ཀྱི་བྱེད་སྟངས་སྤྱད་པས། གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་ཤེས་བྱ་ཁྱབ་གདལ་ཐུབ་པ་དང་། ཚང་མས་ས་གཤིས་གནོད་འཚེ་སོགས་ཐོལ་བྱུང་དོན་རྐྱེན་ལ་ངོས་འཛིན་བྱེད་ཚད་ཟབ་ཏུ་རང་སྐྱོབ་ཀྱི་འཇོན་ཐང་ཆེ་རུ་ཕྱིན་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1