མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོས་རྒྱུན་མཐུད་རུང་བའི་འཕེལ་རྒྱས་དམིགས་འབེན་མྱུར་སྐྱོབ་བྱེད་དགོས་པའི་འབོད་སྐུལ་བཏང་།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། 05-20


        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས་བཅུ་བདུན་ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ལས་འཛིན་ལྷན་ཚོགས་ཀྱི་བྱེད་སྒོའི་བྱ་འགུལ་འཕེལ་རྒྱས་སུ་གཏོང་བའི་འབྲེལ་ཡོད་གྲོས་ཚོགས་སྟེང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ངེས་པར་དུ་ཡིད་ཆེས་ཆེན་པོས་རྒྱུན་མཐུད་ཐུབ་པའི་འཕེལ་རྒྱས་དམིགས་འབེན་མྱུར་སྐྱོབ་བྱེད་དགོས་པ་དང་། འབད་བརྩོན་གྱི་བྱ་བ་དེ་རིགས་རྒྱལ་ཁབ་སོ་སོའི་ཆེས་གལ་ཆེ་བའི་ཐུན་མོང་ལས་དོན་གཙོ་བོར་བརྩི་དགོས་པའི་འབོད་སྐུལ་བཏང་། 

        ཀུའུ་ཐི་ལོས་སི་ཡིས་བསྟན་དོན། པྲོག་གསར་གློ་ཚད་རིམས་ནད་ཀྱིས་མིའི་རིགས་ཀྱི་འཕེལ་རྒྱས་དང་ཁྱད་པར་དུ་བུད་མེད་ཀྱི་ཁེ་དབང་ཐད་ལ་ཤུགས་རྐྱེན་ཚབས་ཆེན་ཐེབས་ཡོད། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་མང་བོས་མིག་སྔར་རིམས་ནད་ལས་བདེ་ཐང་དང་སྤྱི་ཚོགས། དཔལ་འབྱོར་བཅས་ཀྱི་ཐད་བཟོས་པའི་ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་ཐག་གཅོད་བྱེད་པར་སུན་སྣང་སྐྱེ་བཞིན་ཡོད། དེའི་ཞོར་དུ་ཝུའུ་ཁི་ལན་གྱི་ཉམས་ཉེན་ལས་འབྲུ་རིགས་དང་འབར་སྣུམ། དངུལ་ལོར་ཚོང་ར་བཅས་ལ་གནོད་པ་ཚབས་ཆེན་ཐེབས་ཡོད་ལ། འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་དེ་བྲེལ་མྱུར་རྣམ་པར་གནས་ཡོད་ཟེར། 

        ཀུའུ་ཐི་ལོས་སི་ཡིས་ཉིས་སྟོང་སུམ་ཅུ་ལོའི་རྒྱུན་མཐུད་ཐུབ་པའི་འཕེལ་རྒྱས་གྲོས་རིམ་དེ་ང་ཚོའི་ཆེས་ཞིབ་གསལ་གྱི་མདུན་སྐྱོད་བགྲོད་ལམ་དུ་བསྟན་ཡོད། ཁོས་རྒྱལ་ཁབ་སོ་སོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མཐུན་སྦྱོར་བར་རྒྱབ་སྐྱོར་བྱས་ཤིང་། ཁོ་ཚོས་རྒྱལ་ཁབ་སོ་སོའི་སྲིད་གཞུང་གིས་གྲོགས་པོའི་འབྲེལ་བ་རྒྱ་བསྐྱེད་དང་ལེགས་བཅོས་བྱེད་པར་རོགས་རམ་བྱས་པ་ལ་བརྟེན་ནས། དངུལ་ལོར་དང་འཕེལ་རྒྱས་སོགས་ཀྱི་གནད་དོན་གལ་ཆེན་ཐག་གཅོད་བཟང་བོ་བྱེད་དགོས་པའི་རེ་བ་བཏོན། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1