མཚོ་བོད་མཐོ་སྒང་གི་ཤྭ་བ་སེར་ཆེན།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 05-25


 

      བོད་རང་སྐྱོང་ལྗོངས་ཆབ་མདོ་གྲོང་ཁྱེར་རི་བོ་ཆེ་ཤྭ་བ་སེར་ཆེན་གྱི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་ཤྭ་བ་སེར་ཆེན་ཁྱུ་དང་ཁྱུ་བྱས་ནས་འཚོ་བ་སྐྱེལ་བཞིན་ཡོད།

      དུས་རབས་20པའི་ལོ་རབས་70པར། ཆབ་མདོ་གྲོང་ཁྱེར་རི་བོ་ཆེ་རྫོང་ཁྲ་མོ་གླིང་ཤང་གཤིས་ཐང་གྲོང་ཚོར་སྡོད་པའི་བྱང་ཆུབ་ལྷ་མོས་ཤྭ་ཁྱུ་དང་ཁ་བྲལ་བའི་ཤྭ་བ་སེར་ཆེན་གསུམ་རྙེད་པ་མ་ཟད་ལྟ་སྐྱོང་བྱས་ཤིང་། དེ་ནས་བཟུང་ཤྭ་བ་དང་ལས་འབྲེལ་བྱུང་ཡོད་པ་རེད། ལོ་40ལྷག་ཙམ་རིང་བྱང་ཆུབ་ལྷ་མོས་ཤྭ་བ་སེར་ཆེན་བརྒྱ་ཕྲག་ཁ་ཤས་ལ་ལྟ་སྐྱོང་ཞིབ་ཚགས་བྱས་ཡོད། མིག་སྔར་ཁོང་གི་བུ་གཉིས་པོས་ཤྭ་བ་སེར་ཆེན་ལ་ལྟ་སྐྱོང་བྱེད་པའི་ལས་འགན་མུ་མཐུད་འཁུར་བཞིན་ཡོད། 

 

      བོད་ལྗོངས་ཤྭ་བ་སེར་ཆེན་ནི་ཤྭ་བ་སེར་ཆེན་གྱི་རིགས་རྒྱུད་ཕལ་བ་ཞིག་ཡིན་པ་དང་། རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་གཙོ་གནད་སྲུང་སྐྱོང་སྲོག་ཆགས་ལ་གཏོགས། དུས་རབས་20པའི་ལོ་རབས་90པའི་དུས་འགོར། རྒྱལ་སྤྱིའི་སྟོངས་ལ་ཉེ་བའི་སྲོག་ཆགས་ཀྱི་ཚོགས་འདུའི་ཐོག་བོད་ལྗོངས་ཤྭ་བ་སེར་ཆེན་རིགས་རྒྱུད་ཆད་ཟིན་པ་ངོས་འཛིན་བྱས་མོད། འོན་ཀྱང་བོད་ལྗོངས་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་ལས་དོན་པས་རི་བོ་ཆེ་རྫོང་དུ་རྟོག་ཞིབ་བྱེད་སྐབས། བོད་ལྗོངས་ཤྭ་བ་སེར་ཆེན་སྔར་བཞིན་གནས་པ་གཏན་འཁེལ་བྱས་པ་མ་ཟད། 1993ལོར་རི་བོ་ཆེ་ཤྭ་བ་སེར་ཆེན་གྱི་རང་བྱུང་སྲུང་སྐྱོང་ཁུལ་བཙུགས་པ་དང་། 2005ལོར་རི་བོ་ཆེ་ཤྭ་བ་སེར་ཆེན་གྱི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་རིམ་སྤོར་བྱས་པ་རེད། 

 

 

 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1