ཕུགས་བསམ་གྱིས་ཕྱུག་པའི་ལམ་ལ་བཞུད།། འབྱུང་འགྱུར་གྱི་ཕུགས་འདུན་ཡོངས་སུ་གྲུབ།།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 05-26



རྒྱལ་ལམ318པ་དར་མདོ་བརྒལ་ལམ་དུ་རླངས་འཁོར་ཤར་གཏོང་ཐུབ་པའི་སྐབས་ལ་བྲིས་པ།

ཕུགས་བསམ་གྱིས་ཕྱུག་པའི་ལམ་ལ་བཞུད།། འབྱུང་འགྱུར་གྱི་ཕུགས་འདུན་ཡོངས་སུ་གྲུབ།།

མཁའ་ནས་ལམ་མཚམས་བརྒལ་བའི་གཞུང་ལམ་སྐྲུན་པའི་རྣམ་པར་བལྟས་པ།

སྤྱི་ཟླ5པའི་ཚེས20ཉིན་གྱི་སྔ་དྲོའི་ཆུ་ཚོད11དང་ཕྱེད་ཀ་ཙམ་ལ། འགྲུལ་སྐྱེལ་རླངས་འཁོར་ཆུང་གྲས་གཉིས་དར་མདོ་གྲོང་ཁྱེར་གཉའ་ལུང་འགོའི་ལམ་མདོ་གཉིས་ཀྱི་གྲོང་སྡེ་ནས་རེན་ཅ་ལུང་ཕུག་ལམ་དང་ས་དཀར་འགོའི་ཕུག་ལམ། གཡག་རྭ་ལྟག་སྒོའི་ལངས་གཟུགས་ཚོན་ཟམ་སྣོལ་མ་སོགས་བརྒྱུད་ནས། སྐར་མ་བཅུའི་རྗེས་སུ་རྫིང་བྲག་རིའི་ཕུག་ལམ་ནས་རྒྱ་ཡུལ་ལྟག་སྒོའི་མཛའ་གཞས་ལམ་ཆེན་དུ་ཐོན།

དེ་ནི་ལོ་རྒྱུས་ཐོག་ཤར་རྒྱུ་ལ་ཁྲ་མོ་ནས་ཨ་ལེ་བུ་སྒང་། རྫིང་བྲག། དེ་ནས་ཕག་མོ་རི་སོགས་རི་བཞི་གྲོང་གཅིག་བརྒྱུད་པའི་སྐོར་ལམ་ཐོག་རླངས་འཁོར་ཐོག་མར་ཤར་གཏོང་ཐུབ་པ་ཞིག་ཡིན།

ལམ་གསར་དེ་རྒྱལ་སྲུང་གཞུང་ལམ་ལམ་ཐིག4218པ་དར་མདོ་ནས་ར་རྔ་ཁ་བར་གྱི་མྱུར་བགྲོད་གཞུང་ལམ་ལ་མཐུད་རྒྱུ་ཡིན་ཞིང་། འདི་ལྟར་དར་མདོའི་འགྲིམ་འགྲུལ་གཞུང་ལམ་གྱི་ཞན་ཆ་བསལ་ནས་ཁུལ་ཡོངས་སུ་འགྲིམ་འགྲུལ་འཕེལ་རྒྱས་སྤུས་ཚད་མཐོན་པོ་གཏང་རྒྱུ་རེད།

རྒྱལ་སྲུང་གཞུང་ལམ་ལམ་ཐིག318པ་དར་མདོའི་བརྒལ་མཚམས་ནི་སི་ཁྲོན་དང་ཡུན་ནན།བོད་ལྗོངས།མཚོ་སྔོན་བཅས་འབྲེལ་མཚམས་ཀྱི་ལྟེ་བའི་ཁུལ་གྱི་ལས་གྲྭ་གལ་ཆེན་ཞིག་ཡིན་ལ་མི་རིགས་ཁག་བར་འགྲོ་འོང་དང་།སྤེལ་རེས།མཉམ་འདྲེས་བཅས་ཡོང་བའི་དམངས་འཚོའི་ལས་གྲྭ་གལ་ཆེན་ཞིག་ཀྱང་ཡིན་པས་དེས་དཀར་མཛེས་ཁུལ་གྱི་བུ་རྒྱུད་ཚོས་བདེ་སྐྱིད་འཚོ་བར་བཅངས་པའི་བརྩེ་སེམས་མཚོན་ཡོད།

ཤར་གཏོང་མཛད་སྒོའི་ཐོག་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཁུལ་སྲིད་གཞུང་གི་ཁུལ་དཔོན་ཧྥུང་ཧྥ་ཀུའེ་ཡིས་ད་ཐེངས་རླངས་འཁོར་ཤར་གཏོང་ཐུབ་པ་ནི་མཐུན་སྒྲིལ་དང་འབྱོར་ཕྱུག། འཆམ་མཐུན། མཛེས་སྡུག་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གསར་པ་སྐྲུན་གང་ཐུབ་བྱེད་པའི་འགོ་ཚུགས་ལོའི་བྱ་བ་གལ་ཆེན་ཞིག་ཡིན་ལ་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་ཞིང་ཆེན་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པར་ལེགས་སྐྱེས་ཕུལ་བའི་བཀྲ་ཤིས་པའི་བྱ་བ་ཞིག་ཀྱང་ཡིན་ཞེས་གསུངས།

ཕུགས་བསམ་གྱིས་ཕྱུག་པའི་ལམ་ལ་བཞུད།། འབྱུང་འགྱུར་གྱི་ཕུགས་འདུན་ཡོངས་སུ་གྲུབ།།

མྱུར་བགྲོད་གཞུང་ལམ་བདེ་ཞིང་ཡག།

འགག་སྒྲོལ་རྒྱུན་བསྐྱངས་པས་ཟིན་ཐོ་གསར་པ་བཏོད།

2019ལོའི་སྤྱི་ཟླ9པར་ས་རྒོད་བསློགས་ནས་ལས་འགོ་ཚུགས་པ་ནས་བཟུང་། ཞིང་ཆེན་དང་ཁུལ་ཨུ་སྲིད་གཞུང་གི་བྱམས་བརྩེའི་ཐུགས་ཁུར་དང་། ཞིང་ཆེན་འཕེལ་བསྒྱུར་ཨུ་ལྷན་དང་ནོར་སྲིད་ཐིང་། འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་བཅས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་འོག་ཏུ། ལས་གཞིའི་དོ་བདག་དཀར་མཛེས་ཁུལ་འགྲིམ་འགྲུལ་དང་གྲོང་ཡུལ་འཛུགས་སྐྲུན་མ་འཇོག་ཚད་ཡོད་སྤྱི་གཉེར་ཁང་ཀྲུང་གོ་ལྕགས་ལམ་ཅུས་དང་པོ་སོགས་ཨར་ལས་ཚན་པའི་འཛུགས་སྐྲུན་པ་དང་མཉམ་དུ་ལས་ཡུན་དམ་འཛིན་དང་ཉིན་མཚན་དབྱེར་མེད་འབད་འཐབ་བྱས་ཏེ་རྙོག་འཛིང་ཆེ་བའི་ས་ཆ་བསྡུ་ལེན་དང་བཤིག་སྤོའི་ལས་དོན་དང་གནད་དོན་སོགས་རིམ་པ་བཞིན་ཐག་གཅོད་བྱས་ཡོད། དེ་དང་ཆབས་ཅིག་སྒྲིག་འཛུགས་སྐུལ་འདེད་གཏོང་བར་དཀའ་གནད་ཆེ་བ་དང་། བདེ་འཇགས་ཁོར་ཡུག་སྲུང་བར་གནོན་ཤུགས་ཆེ་བའི་ལག་རྩལ་གྱི་དཀའ་གནད་རིམ་བཞིན་བསལ་ནས། ཟླ་བ་བཞིའི་སྔོན་ཚུད་ནས་མཛའ་གཞས་གྲོང་གི་མཛེས་སྡུག་རི་ཀླུང་དུ་སི་ཁྲོན་གཤོངས་ས་ནས་མཚོ་བོད་མཐོ་སྒང་བརྒྱུད་པའི་བགྲོད་ལམ་ཞིག་བསྐྲུན་ཐུབ་པ་བྱུང་།

བརྗོད་རིན་ཡོད་པ་ཞིག་ལ་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ལམ་མཚམས་དེ་འགྲིམ་འགྲུལ་སྔོན་སྤེལ་འཐབ་ཇུས་ཀྱི་ལས་གཞི་གལ་ཆེན་ཞིག་ཏུ་བརྩིས་ནས་མ་གནས་ཅུང་ཆུང་བའི་ཐོག་ནས་དོན་ཆེན་ཞིག་གྲུབ་པར་བྱས་ཡོད། དེ་ནི་ཇུས་འགོད་ཨར་ལས་ཀྱི་སྤྱིའི་འགན་གཙང་ལེན་བྱས་པའི་བྱ་ཐབས་གསར་པ་སྤྱད་དེ་ཇུས་འགོད་དང་ཡུལ་དངོས་ཚད་མཐོའི་མཉམ་འདྲེས་བྱས་པ་ཞིག་ཡིན། སྤྱིར་བཏང་གི་དོ་དམ་བྱེད་སྟངས་ཀྱི་ལས་གཞི་ལས་མ་འཇོག་བརྒྱ་ཆ་ལྔ་དང་མ་དངུལ་སྒོར་ཁྲི3000ཙམ་གྲོན་ཆུང་བྱས་ཡོད། ཁུལ་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ཏང་ཨུའི་ཧྲུའུ་ཅི་དང་ཅུས་ཀྲང་ལི་ཡན་མིང་གིས་ངོ་སྤྲོད་བྱས་པར་གཞིགས་ན། དེ་ལས་གལ་འགངས་ཆེ་བ་ཞིག་ནི་ལས་ཡུན་དང་བདེ་འཇགས། སྤུས་ཚད་བཅས་ཚོད་འཛིན་ཐུབ་པ་ནི་སྐྲུན་བཞིན་པའི་ལས་གཞིའི་ཁྲོད་ཀྱི་རྒྱལ་ཁའི་དཔེ་མཚོན་ཞིག་རེད་ཅེས་བཤད།

ཝུའུ་ཝན་ཁྲའོ་ཡིས་མཁའ་དབྱིངས་ནས་རྒྱང་ལྟ་བྱེད་ཚེ། ལམ་མཚམས་གཞུང་ལམ་ནི་ལྷབ་ལྷུབ་ཏུ་གཡོ་བའི་དར་སྐུད་ཞིག་དང་འདྲ་བར་མཉེན་ཞིང་མཛེས་ལ་གསོན་ཤུགས་ཀྱིས་ཁེངས་འདུག་ཅེས་བཤད། ཀྲུང་གོ་ལྕགས་ལམ་ཅུས་དང་པོའི་སྤྱི་གཉེར་ཁང་བཞི་པའི་དྲིལ་བསྒྲགས་པུའུ་ཡི་ན་གཞོན་དྲིལ་བསྒྲགས་པ་ཞིག་ཡིན་པའི་ངོས་ནས་ལོ་འདི་དག་གི་ནང་ཁོས་སྤྱི་གཉེར་ཁང་གིས་སྐྲུན་འགན་འཁུར་བའི་ལས་གཞི་མི་ཉུང་བ་ཞིག་ལ་མཁའ་ལམ་ནས་རྒྱང་ལྟ་བྱས་མྱོང་ཡོད་རྐྱེན། དཀར་མཛེས་བས་དཀར་མཛེས་ཁུལ་ལ་ཤར་སྐྱོད་ཐུབ་པའི་བགྲོད་ལམ་ཡོད་པའི་རེ་འདུན་ཤེས་པར་མ་ཟད་རྙོག་འཛིང་ཆེ་བའི་དཀན་གཟར་གྱི་རི་བོའི་ཁྲོད་དུ་གཞུང་ལམ་བསྐྲུན་པའི་དཀའ་ངལ་དེ་ལས་ཀྱང་རྟོགས།

ལམ་ཐིག་ཧྲིལ་པོ་དར་མདོའི་གྲོང་ཁུལ་དུ་བཀྲམ་ཡོད་པ་དང་། སྟེང་དུ་སྐྲུན་བཞིན་པའི་ཁྲོན་བོད་ལྕགས་ལམ་དང་འོག་ཏུ་གྲོང་མིའི་སྡོད་ཁང་ཡོད་པར་མ་ཟད། ད་དུང་ས་ཚུགས་མང་པོ་ཞིག་ཆུ་བོའི་འགྲམ་དང་གྲོང་འགྲམ་དུ་གནས་ཡོད། ས་ཆ་བསྡུ་ལེན་དང་བཤིག་སྤོའི་གནས་ཚུལ་དེ་ཧ་ཅང་རྙོག་འཛིང་ཆེ་ཞིང་ཨར་སྐྲུན་བྱ་ཡུལ་གུ་དོག་པ་དང་ཨར་སྐྲུན་རྩ་འཛུགས་ལ་དཀའ་ངལ་ལྷག་ཏུ་ཆེ། འབྲུབ་འགོག་དང་རིམས་འགོག། འབར་གཏོར། མཐོ་དབྱིངས་ལས་སྒྲུབ་སོགས་བདེ་འཇགས་འགན་ལེན་ཐད་སེམས་ཤུགས་ཆེན་པོ་འདོན་དགོས་འདུག། ཁུལ་འགྲིམ་འགྲུལ་མ་འཇོག་ཚོགས་པའི་རྒྱལ་སྲུང་གཞུང་ལམ་ལམ་ཐིག318པ་དར་མདོ་གྲོང་ཁྱེར་གྱི་ལམ་མཚམས་བཀོད་འདོམས་པུའི་བཀོད་འདོམས་པ་ཡུས་ཡུང་གི་སྐད་ཆའི་ཁྲོད་ནས་བཟོ་སྐྲུན་གྱི་དཀའ་ངལ་ཆེ་བ་རྟོགས་ཐུབ།

ས་ཆ་བསྡུ་ལེན་དང་བཤིག་སྤོ། སྐྱེལ་འདྲེན། ཁོར་ཡུག་སྲུང་སྐྱོང་བཅས་ཀྱི་དཀའ་ངལ་རབ་དང་རིམ་པ་ཐག་གཅོད་བྱེད་པའི་འཕེལ་རིམ་ཁྲོད་དུ། རྫིང་བྲག་རིའི་ཕུག་ལམ་དེ་ཆུ་དཀོན་ཆད་རིམ་དང་འཕྲད་པས་བྲག་རྡོ་འབར་གས་ཐེངས་མང་བྱུང་ཞིང་ས་དཀར་འགོའི་ཕུག་ལམ་ལ་དེ་སྔ་ཆུས་དྲུས་བྲག་ཁུང་དང་འཕྲད། རེན་ཅ་ལུང་པའི་ཕུག་ལམ་ལ་འདམ་རྡོའི་ཆུ་དང་རི་ཉིལ་སོགས་ས་གཤིས་ཀྱི་གནོད་འཚེ་ཐེངས་མང་ཐེབས་ཡོད། ལམ་ཐིག་ཧྲིལ་པོར་གློ་བུར་དུ་རི་ཉིལ་བའི་གནས་ཚུལ4བྱུང་ཞིང་། དེའི་ཁྲོད་ཀྱི་དཀའ་གནད་རེ་རེ་དེ་འཛུགས་སྐྲུན་མཁན་ཡོངས་ཀྱིས་དམག་འཐབ་དྲག་པོ་བྱས་པས་རྒྱལ་ཁ་ཐོབ་ཡོད།

དེ་ལས་ཀྱང་བསྔགས་བརྗོད་བྱ་དགོས་པ་ཞིག་ནི་རྒྱལ་སྲུང་གཞུང་ལམ་ལམ་ཐིག318པ་རྒྱུད་ཀྱི་དར་མདོ་གྲོང་ཁྱེར་གྱི་ལམ་མཚམས་ཨར་སྐྲུན་སྤུས་ཚད་དང་བདེ་འཇགས། ཁོར་ཡུག་སྲུང་སྐྱོང་བཅས་ཀྱི་ཚད་གཞི་མཐོན་པོ་གཙིགས་སུ་བཟུང་ཡོད། གནད་དུ་འཁེལ་བའི་གདུབ་གཏུབ་སྒྲིག་ཆས་དང་རིག་ནུས་ཅན་གྱི་ཆུ་གཏོར་བདག་སྐྱོང་མ་ལག་སོགས་བཟོ་རྩལ་གསར་པ་བེད་སྤྱོད་བྱས་ཤིང་། ཕུག་ལམ་གྱི་བརླན་མཐོའི་རྡུལ་སེལ་སྒྲིག་ཆས་དངHP3017Eརྣམ་པའི་རིག་ནུས་བརླན་གཏོར་རླངས་འཁོར་སོགས་འཕྲུལ་ཆས་གསར་པ་སྤྱད་དེ་ལས་གྲྭའི་སྤུས་ཚད་མཐོ་རུ་གཏོང་བ་དང་། ལས་གཞིའི་མྱུར་ཚད་མགྱོགས་སུ་གཏོང་བ། ལས་རིགས་བདེ་ཐང་འགན་ལེན་བྱེད་པ་བཅས་ཀྱི་དམིགས་ཚད་མངོན་འགྱུར་བྱུང་། ཡུལ་དངོས་ཀྱི་ཐལ་རྡུལ་བཅོས་སྐྱོང་དང་ཆུ་སྦགས་བཙོག་སྔོན་འགོག། གྲོང་ཁྱེར་གྱི་འཕྲོད་བསྟེན། སྐྱེ་ཁམས་སྲུང་སྐྱོང་བཅས་ཀྱི་ཐད་མངོན་ཚུལ་གཟེངས་སུ་ཐོན་ཡོད་པ་རེད།

ཕུགས་བསམ་གྱིས་ཕྱུག་པའི་ལམ་ལ་བཞུད།། འབྱུང་འགྱུར་གྱི་ཕུགས་འདུན་ཡོངས་སུ་གྲུབ།།

རེན་ཅ་ལུང་ཟམ་ཆེན་དང་མཛའ་གཞས་ཀྱི་ཆོལ་ཁ།

ལམ་ཆེན་ཞིག་གིས་རི་ཆུ་འཕྲེད་དུ་བཅད།

རྒྱལ་སྲུང་གཞུང་ལམ་ལམ་ཐིག318པ་དར་མདོ་བརྒལ་ལམ་དུ་རླངས་འཁོར་ཤར་གཏོང་ཐུབ་པའི་ཉིན་དེར། དར་མདོའི་གྲོང་མི་མི་ཉུང་བ་ཞིག་གི་སེམས་སུ་སྤྲོ་བས་ཁེངས་ཤིང་། ལྟ་སྐོར་ཟེར་ནའང་འདྲ་རྩེད་མོ་ལྟ་ས་ཟེར་ནའང་ཆོག། གང་ལྟར་རླངས་འཁོར་བཏང་ནས་བསྐོར་བ་ཐེངས་ཤིག་བརྒྱག་རྒྱུའི་འདོད་པ་ཧ་ཅང་ཆེ།

གཡག་རྭ་ཡུལ་ཤོག་ཟམ་གཉིས་པ་གྲོང་སྡེའི་ཀྲི་པུའུ་ཧྲུའུ་ཅི་ཧྲ་གོ་ཆིང་གིས་རྫིང་བྲག་རིའི་ཕུག་ལམ་དུ་ཚོད་ལྟའི་འཁོར་སྐྱོད་བྱེད་སྐབས་ངས་འདིའི་ཐོག་ལ་རླངས་འཁོར་ཐེངས་ཤིག་བཏང་མྱོང་། སྐར་མ་བདུན་གྱི་རིང་ལ་རྒྱ་ཡུལ་ལྟག་སྒོར་སླེབས་སོང་།དེ་སྔ་རླངས་འཁོར་མ་འགག་ནའང་སྐར་མ20ཙམ་འགོར་གྱི་ཡོད་པས་ད་སང་དངོས་གནས་སྟབས་བདེ་ལ་གྱུར་སོང་། སྔར་ཡིན་ན། བཅུ་པའི་རྒྱལ་སྟོན་དུས་ཆེན་དང་ལྔ་པའི་ངལ་རྩོལ་དུས་ཆེན་གྱི་གུང་སེང་རིང་། གྲོང་མཐིལ་ནས་ང་ཚོའི་ཡུལ་ཤོག་བརྒྱུད་དེ་མི་རྒོད་མཚོའི་ལྗོངས་ཁུལ་བར་གྱི་ཞིང་ཆེན་རིམ་པའི་ལམ་ཐིག434པའི་ཐོག་སྐྱོད་པའི་སྐབས་སུ། ཆུ་ཚོད་གཉིས་གསུམ་ཙམ་ལ་རླངས་འཁོར་འགག་ནས་འགྲུལ་པ་ཡུལ་སྐོར་བ་ཚོར་མགོ་ན་བའི་གནས་སུ་ལྷུང་།ཡིན་ནའང་ད་ཆ་སྔོན་དང་མི་འདྲ་བར་འགྱུར་ལྡོག་ཆེན་པོ་བྱུང་ཡོད་ཅེས་བཤད།

གཡག་རྭ་ཡུལ་ཤོག་ཏང་ཨུའི་ཧྲུའུ་ཅི་གཞོན་པ་བཀྲ་ཤིས་དོན་གྲུབ་ཀྱིས་བལྟས་ན། དར་མདོའི་ལྷོ་བྱང་སྦྲེལ་པའི་ལམ་མཚམས་བགྲོད་ལམ་འདིས་མྱུར་བགྲོད་ཤར་གཏོང་གི་སྒོ་མོ་ཕྱེ་བར་མ་ཟད། ལྷག་པར་དུ་གཡག་རྭ་ལྟག་སྒོའི་ལངས་གཟུགས་ཚོན་ཟམ་གྱི་ཉེ་འགྲམ་དུ་གནས་པའི་ཡུལ་མི་ཚོའི་ངོས་ནས་བརྗོད་ན། ཧ་སང་པའི་ཕན་ཐོགས་ཆེན་པོ་བྱུང་ཡོད། འབྱུང་འགྱུར་མི་རིང་བར་ཁྲོན་བོད་ལྕགས་ལམ་དར་མདོ་བབས་ཚུགས་བསྐྲུན་རྒྱུ་ཡིན་པས་གཡག་རྭ་ཡུལ་ཤོག་གི་མི་དང་།ཟོག་འགྲེམས།མ་དངུལ་རྒྱུན་འཁོར་བཅས་ལ་ཐོགས་པ་མེད་ལ་གྲོང་ཁྱེར་དང་གྲོང་སྡེ་གཞི་གཅིག་ཅན་གྱི་འཕེལ་རིམ་མགྱོགས་སུ་ཡོང་རྒྱུ་རེད་ཅེས་བཤད།

དར་མདོ་གྲོང་ཨུའི་ཧྲུའུ་ཅི་གཞོན་པ་གྲོང་དཔོན་ཝང་ཆང་གིས་ང་ཚོས་ལམ་མཚམས་སུ་རླངས་འཁོར་ཤར་གཏོང་ཐུབ་པ་དེ་འགོ་འཛུགས་ས་གསར་པར་བྱས་ནས་ཉེན་མེད་འཕེལ་རྒྱས་སྤུས་ཚད་མཐོན་པོའི་གོམ་སྟབས་མགྱོགས་སུ་བཏང་སྟེ་གྲོང་ཡུལ་མཉམ་འདྲེས་འཕེལ་རྒྱས་ཀྱི་ཕྱུག་འགྱུར་ལམ་བུ་གཏོད་རྒྱུ་ཡིན། ལྷག་པར་དུ་ཁུལ་ཨུའི་སྤྱིའི་ལས་ཀའི་བཀོད་སྒྲིག་དང་བསྟུན་ནས་སི་ཁྲོན་ནུབ་བྱང་རྒྱུད་ཀྱི་སྐྱེ་ཁམས་དཔེ་སྟོན་ཁུལ་གྱི་འགྲིམ་འགྲུལ་སྔོན་སྤེལ་འཐབ་ཇུས་ལག་བསྟར་བྱ་རྒྱུ་དང་། ཤུགས་ཡོད་རྒུས་སི་ཁྲོན་ཞིང་ཆེན་ནུབ་རྒྱུད་ཀྱི་ས་ཁོངས་རང་བཞིན་གྱི་འགག་མདོ་གཉིས་པ་བསྐྲུན་ཏེ། འགན་འཁྲི་དང་པོ་འཁུར་བ་དང་ནུས་པ་དང་པོ་འདོན་སྤེལ་བྱས་ནས་ཕྱི་ཕྱོགས་བདེ་བགྲོད་དང་། ས་ཁོངས་མཉམ་འགུལ། སྦྲེལ་མཐུད་ནུས་ཆེ། ཞབས་ཞུ་སྤུས་ལེགས།འཁོར་སྐྱོད་ཉེན་མེད། ཁོར་ཡུག་མཛེས་པའི་གྲོང་ཁྱེར་དང་གྲོང་སྡེའི་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་མགྱོགས་མྱུར་བསྐྲུན་ནས། མཐུན་སྒྲིལ་དང་འབྱོར་ཕྱུག།འཆམ་མཐུན། མཛེས་སྡུག་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གསར་པའི་ཁ་མགོ་རྣའི་འདུ་འགོད་བསྐྲུན་ཆེད་དར་མདོའི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་ཅེས་བཤད།

རླངས་འཁོར་ཤར་གཏོང་ཐུབ་པའི་མཛད་སྒོའི་ཐོག་མཐོང་ཐོས་ཚང་མ་ནི་གཞུང་ལམ་དེའི་བསྔགས་བརྗོད་དང་རེ་སྒུག་ལས་མ་འདས། མཐུན་སྒྲིལ་གྱི་ལམ་བུ་དང་། དམངས་འཚོའི་ལམ་བུ། འབྱོར་ཕྱུག་གི་ལམ་བུ་སོགས་ཀྱི་མཚན་སྙན་མང་པོས་འཛུགས་སྐྲུན་པ་ཚོར་ཁས་ལེན་བྱས་པ་མཚོན་ཐུབ་ཅིང་། འགྲིམ་འགྲུལ་ལམ་བུའི་སྣུར་སྲིང་དང་རྒྱ་སྐྱེད་ལ་རྒྱང་ལྟ་བྱས་པ་ཞིག་ཀྱང་ཡིན་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1