ཀུ་ཤུ་སྤྱི་གཉེར་ཁང་གི་ཐོན་རྫས་གསར་པ་Apple Watchཀྲུང་གོའི་ཚོང་རར་བཀྲམ་རྒྱུ་རེད།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-13


            སྤྱི་ཟླ་3པའི་ཚེས་10ཉིན་གྱི་ཞོགས་པར། ཀུ་ཤུ་སྤྱི་གཉེར་ཁང་གིས་2015ལོའི་དཔྱིད་དུས་ཀྱི་འགྲེམ་སྤེལ་ཚོགས་འདུ་འཚོགས་ཤིང་། ཚོགས་འདུའི་ཐོག་ཀུ་ཤུའི་ཐོན་རྫས་གསར་པ་Apple Watchབཀྲམ་རྒྱུ་དྲིལ་བསྒྲགས་བྱས་པ་རེད། ཀུ་ཤུའི་ཐོན་རྫས་གསར་པ་Apple Watchཞེས་པ་དེར་ཁ་པར་གཏོང་བ་དང་། འཕྲིན་ཐུང་དང་སྐད་འཕྲིན་བསྐུར་བ། པར་རྒྱག་པ་སོགས་ཀྱི་ནུས་པ་ཡོད་པར་མ་ཟད། ལུས་རྩལ་སྦྱོར་བརྡར་གྱི་གྲངས་གཞི་ཡང་མཁོ་འདོན་བྱ་ཐུབ། ཐོན་རྫས་དེ་ཉིད་སྤྱི་ཟླ་4པའི་ཚེས་10ཉིན་ནས་མངགས་ཉོ་བྱ་ཐུབ་པ་དང་། ཟླ་བ་4པའི་ཚེས་24ཉིན་ནས་བཟུང་དངོས་སུ་བཙོང་རྒྱུ་ཡིན་པ་རེད། །

 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1