ཀོ་གྲུ་བཏང་ནས་དགའ་སྤྲོའི་དཔལ་ལ་རོལ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། སྤེལ་དུས། 05-27



 


        ཉེ་ཆར། ཆུ་ཤུར་རྫོང་འཇུན་པ་ཉ་གྲོང་དུ“བོད་མིས་བོད་དུ་ཡུལ་སྐོར་བྱེད་པ”བརྗོད་དོན་གཙོ་བོར་བྱས་པའི་ཞིབ་འཇུག་སློབ་སྦྱོང་ཡུལ་སྐོར་དང་དམངས་སྲོལ་མྱོང་རོལ་གྱི་བྱེད་སྒོ་སྤེལ་ཞིང་། ཡུལ་དེ་གའི་ཁྱད་ཆོས་གཙོ་བོར་བྱས་ཏེ་ཡུལ་དེར་ཡུལ་སྐོར་གྱི་མྱོང་རོལ་གསར་པ་བཏོད་ཡོད་པ་རེད། བྱེད་སྒོ་སྤེལ་རིང་ཡུལ་སྐོར་བས་ཀོ་གྲུ་བཏང་ནས་གཙང་པོའི་ངོགས་གཉིས་ཀྱི་མཛེས་ལྗོངས་ལ་ལྟ་བ་དང་། ཀོ་ཆས་བཟོ་སྟངས་ཀྱི་ལག་ཤེས་སྦྱང་བ། ཀོ་གྲུ་གཏོང་བ། རྐང་ཐང་མར་འགྲོ་བ། སྒར་རྒྱག་པ་སོགས་གྲོང་གསེབ་ཀྱི་ཡུལ་སྐོར་རྣམ་གྲངས་མྱོང་རོལ་བྱེད་ཐུབ་ཀྱི་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1