2015ལོའི་གཤམ་སྤེལ་གསུམ་བོད་ཁུལ་དུ་བསྐྱོད་པ་ཞེས་པའི་དམངས་ཕན་བྱེད་སྒོ་རྔ་བ་རུ་སྤེལ།

ཏིང་འཛིན་བཀྲ་ཤིས་ཀྱིས་བསྒྱུར། རྩོམ་སྒྲིག་པ། ཏིང་འཛིན་བཀྲ་ཤིས།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 03-13


གདོང་འགྱུར་ལེ་ཚན་གྱིས་ལྟད་མོ་བའི་མིག་དབང་ཡོངས་སུ་འཕྲོག

            སྤྱི་ཟླ་3པའི་ཚེས་11ཉིན། རྔ་བ་ཁུལ་ཁྱུང་མཆུ་རྩྭ་ཐང་ཆེན་མོར་ཁ་བས་གཡོགས་ཤིང་། ཁྱུང་མཆུ་ས་ཁུལ་གྱི་བོད་མི་མང་པོ་ཞིག་གིས་རང་རང་གི་བུ་དང་བུ་མོ་ཁྲིད་ནས་རྫོང་ཐོག་གི་ཐང་ཆེན་དུ་ཐེངས་འདིའི་རིག་རྩལ་འཁྲབ་སྟོན་སོགས་ལ་ལྟད་མོ་བལྟ་རུ་སླེབས་ཤིང་། ཚེས་10དང་ཚེས་11གཉིས་ཀྱི་རིང་ལ། 2015ལོའི་སི་ཁྲོན་ཞིང་ཆེན་གྱི་རིག་གནས་ཚན་རྩལ་འཕྲོད་བསྟེན་ཏེ་གཤམ་སྤེལ་གསུམ་བོད་ཁུལ་དུ་བསྐྱོད་པ་ཞེས་པའི་དམངས་ཕན་བྱེད་སྒོ་སྤེལ་བའི་ཚོགས་པ་ཁག མཚོ་འཕགས་3000ཡན་གྱི་རྔ་བ་ཁུལ་ཧུང་ཡོན་རྫོང་དང་ཛམ་ཐང་རྫོང་གཉིས་སུ་བསྐྱོད་དེ། རྒྱ་ཆེའི་བོད་རིགས་མང་ཚོགས་ལ་རིག་རྩལ་འཁྲབ་སྟོན་དང་སྨན་བཅོས་འཕྲོད་བསྟེན་སོགས་ཀྱི་དམངས་ཕན་བྱེད་སྒོ་གྱ་ནོམ་པ་སྤེལ་ཡོད་ལ། ས་གནས་མང་ཚོགས་ཀྱིས་དགའ་བསུ་ཚད་མེད་ཐོབ་ཡོད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1