ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་12པ་ཁྲེང་ཏུའུ་རུ་འཚོགས།

རྣམ་དཀར་ལྷ་མོས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 05-28


 


ཚོགས་ཆེན་གྱི་ཡུལ་དངོས། 


     སྤྱི་ཟླ་5པའི་ཚེས་27ཉིན། ཀྲུང་གོ་གུང་ཁྲན་ཏང་སི་ཁྲོན་ཞིང་ཆེན་གྱི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པ་ཁྲེང་ཏུའུ་རུ་འཚོགས་འགོ་ཚུགས་པ་དང་། ཝང་ཞའོ་ཧུའེ་ཡིས་ཀྲུང་གུང་སི་ཁྲོན་ཞིང་ཆེན་སྐབས་བཅུ་གཅིག་པའི་ཨུ་ཡོན་ལྷན་ཁང་གི་ཚབ་མཛད་དེ་ཚོགས་ཆེན་ཐོག《ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རླབས་ཆེན་དར་ཆ་བསྒྲེངས་ཏེ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སི་ཁྲོན་འཛུགས་སྐྲུན་གྱི་རྒྱང་སྐྱོད་ལམ་བུ་གསར་པར་མཐུན་སྒྲིལ་ཡར་བརྩོན་བྱེད་པ》ཞེས་པའི་བརྗོད་བྱའི་སྙན་ཞུ་གནང་བ་དང་། ཧོང་ཆང་གིས་ཚོགས་ཆེན་ལ་གཙོ་སྐྱོང་གནང་།


 

ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཞའོ་ཧུའེ་ཡིས་ཚོགས་ཆེན་ཐོག་སྙན་ཞུ་གནང་བཞིན་པ། 


         ཚོགས་ཆེན་གྱི་བརྗོད་བྱ་གཙོ་བོ་ནི། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་ལས་དོན་ལ་གནང་བའི་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། སི་ཁྲོན་གྱི་དོན་དངོས་ལ་གཞི་ཚུགས་པ་དང་། “རྒྱལ་ཁབ་ཀྱི་དོན་ཆེན”ལ་བསམ་བློ་གཏོང་བ། ཐོག་མའི་སེམས་འདུན་དང་འགན་འཁྲི་ལག་བསྟར་བྱས་ཏེ། རྒྱུགས་ལེན་པའི་རྣམ་འགྱུར་ཐོག་ནས་དུས་རབས་གསར་པའི་སི་ཁྲོན་བཅོས་སྐྱོང་དང་དར་སྤེལ་སྐས་རིམ་གསར་པའི་ཐོག་ཏུ་སླེབས་པར་སྐུལ་འདེད་གཏོང་བ་དང་། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སི་ཁྲོན་འཛུགས་སྐྲུན་ལ་འབད་བརྩོན་ཧུར་ཐག་བྱེད་པ་བཅས་རེད།

        སྤྲོ་སེམས་འཁོལ་བའི་ཐལ་མོ་རྡེབ་སྒྲའི་ཁྲོད་ཝང་ཞའོ་ཧུའེ་ཡིས་ཚོགས་ཆེན་ཐོག་སྙན་ཞུ་གནང་བ་དང་། སྙན་ཞུ་ཁག་བཅུ་ལ་དབྱེ་བ་སྟེ། གཅིག་ནི་མངགས་བཅོལ་ལྟར་འབད་འབུངས་ཡར་བརྩོན་བྱས་པའི་ཐུན་མིན་གྱི་ལོ་ལྔ་དང་། གཉིས་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཁྲིད་སྟོན་གྱི་ཕྱོགས་སུ་བློ་བརྟན་འགྱུར་མེད་ངང་མདུན་སྐྱོད་བྱས་པ། གསུམ་ནི་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སི་ཁྲོན་འཛུགས་སྐྲུན་གྱི་རྒྱང་སྐྱོད་ལམ་བུ་གསར་པའི་ཐོག་བསྐྱོད་པ། བཞི་ནི་ཁྲེང་ཏུའུ་དང་ཁྲུང་ཆིང་ས་ཁུལ་གྱི་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་ཁུལ་འཛུགས་སྐྲུན་གྱིས་ཚད་མཐོའི་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྣེ་ཁྲིད་བྱས་པ། ལྔ་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་པའི་དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་བཙུགས་པ། དྲུག་ནི་ཐུན་མོང་ཕྱུག་འགྱུར་གྱི་དམིགས་ཚད་ཀྱི་ཕྱོགས་སུ་དམངས་འཚོའི་བདེ་སྐྱིད་རྒྱུན་མཐུད་ངང་འཕེལ་རྒྱས་བཏང་བ། བདུན་ནི་འབྲི་ཆུ་དང་རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་ཁེབས་སྲ་བརྟན་དུ་བཏང་བ། བརྒྱད་ནི་དུས་རབས་གསར་པའི་རིག་གནས་སྟོབས་ལྡན་གྱི་ཞིང་ཆེན་འཛུགས་སྐྲུན་བྱེད་པ་མགྱོགས་སུ་བཏང་བ། དགུ་ནི་དམངས་གཙོའི་ཆབ་སྲིད་འཛུགས་སྐྱོང་དང་ཕྱོགས་ཡོངས་ནས་ཁྲིམས་ལྟར་ཞིང་ཆེན་སྐྱོང་བར་སྐུལ་འདེད་བཏང་བ། བཅུ་ནི་རང་ངོས་གསར་བརྗེའི་སྙིང་སྟོབས་ལ་བརྟེན་ནས་ཕྱོགས་ཡོངས་ནས་ཏང་ནན་གྱིས་སྐྱོང་བར་སྐུལ་འདེད་གཏིང་ཟབ་བཏང་བ་བཅས་རེད།

        ཀྲུང་གུང་སི་ཁྲོན་ཞིང་ཆེན་སྐབས་བཅུ་གཅིག་པའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ལས་ཀའི་སྙན་ཞུ་ཡིག་ཐོག་ནས་ཚོགས་ཆེན་ལ་ཞིབ་བཤེར་བྱ་བར་ཕུལ་བ་རེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1