རྩྭ་ཆུ་གང་བཟང་ལ་རོལ་བའི་སྲོག་ཆགས།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། སྤེལ་དུས། 05-30



  

        ཟླ་5ཚེས་22ཉིན་ནི་རྒྱལ་སྤྱིའི་སྐྱེ་དངོས་སྣ་མང་རང་བཞིན་གྱི་ཉིན་མོ་ཡིན་པ་དང་། འདི་ལོའི་བརྗོད་དོན་གཙོ་བོ་ནི“སའི་གོ་ལའི་ཚེ་སྲོག་གི་གཅིག་མཐུན་འདུས་གྲུབ་མཉམ་དུ་བསྐྲུན”ཞེས་པ་དེ་ཡིན། ཉེ་བའི་ལོ་ཤས་རིང་རང་ལྗོངས་ཀྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་མགྱོགས་མྱུར་བཏོད་པ་དང་། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་གི་འདུ་འགོད་གལ་ཆེན་ལག་བསྟར་བྱས་པ། སྐྱེ་དངོས་མ་ལག་གི་སྤུས་ཚད་རྒྱུན་མཐུད་ངང་མཐོ་རུ་བཏང་བ་བཅས་བྱས་ཡོད། མིག་སྔའི་བར་རང་བྱུང་སྲུང་སྐྱོང་ཁུལ་ཁག་གི་གཞི་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་41.22ཟིན་པ་དང་གཙོད་དང་། རྐྱང་། ཤྭ་བ་སེར་ཆེན། ཁྲུང་ཁྲུང་མཇིང་ནག་སོགས་སྲོག་ཆགས་རིགས་ཀྱི་གྲངས་འབོར་རྒྱུན་མཐུད་ངང་མང་དུ་སོང་ནས་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན། 


 


འདི་ནི་ཟླ་5ཚེས་21ཉིན་རི་བོ་ཆེའི་ཤྭ་བ་སེར་ཆེན་གྱི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ནས་པར་བླངས་པའི་ཤྭ་བ་སེར་ཆེན་ཡིན་པ། 


 

འདི་ནི་ལྷ་ས་གྲོང་ཁྱེར་ལྷ་ཀླུ་འདམ་ར་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ནས་པར་བླངས་པའི་ཆུ་བྱ་ཡིན་པ།


རྩོམ་ཡིག་རྗེས་མ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1