དབྱར་རྩྭ་དགུན་འབུ་བརྐོ་སར་ཁྲིམས་ལུགས་སྒྲོག་འགྲེལ་བྱེད་སྒོ་སྤེལ་བ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།སེར་ཤུལ་རྫོང་འཕྲིན་སྦྱོར་མཉམ་འདྲེས་ལྟེ་གནས། སྤེལ་དུས། 05-30


 


        ཟླ་5ཚེས་22ཉིན་ནས་ཚེས་24ཉིན་བར་རྫོང་བཟོ་ཚོགས་དང་། གུང་གཞོན་སྡེ་ཚོགས། བུད་མེད་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱིས་རྫོང་སྤྱི་བདེ་ཅུས་དང་། རྫོང་ཞིབ་དཔྱོད་ཁང་།རྫོང་ཁྲིམས་ཁང་། རྫོང་ཁྲིམས་འཛིན་ཅུས་སོགས་སྡེ་ཚན་ལས་གྲུབ་པའི་སྒྲོག་འགྲེལ་ཚོགས་ཆུང་བཙན་མདའ་ཤང་དང་ཨ་རིག་རྫ་གྲོང་རྡལ་སོགས་དབྱར་རྩྭ་དགུན་འབུ་རྐོ་ཡུལ་དུ་བསྐྱོད་དེ་ཁྲིམས་ལུགས་སྒྲོག་འགྲེལ་བྱེད་སྒོ་སྤེལ་བ་རེད། 

  

        ས་ཁུལ་གང་ཞིག་ལ་སླེབས་ཀྱང་། སྒྲོག་སྦྱོང་པ་རྣམས་ཀྱིས་གོ་བདེ་ཞིང་ཤེས་སླ་བའི་བོད་རྒྱ་སྐད་གཉིས་ཐོག་ནས་ཞིང་འབྲོག་མང་ཚོགས་རྣམས་ལ་གོ་བདེ་བའི་སྒོ་ནས་《རྩ་ཁྲིམས》དང་།《དམངས་དོན་ཁྲིམས་གཞུང་》《ལོ་ན་མ་སོན་པའི་བྱིས་པའི་སྲུང་སྐྱོབ་བྱེད་པའི་བཅའ་ཁྲིམས།》《བདེ་འཇགས་དོ་དམ་གྱི་ཆད་གཅོད་བཅའ་ཁྲིམས།》《གན་རྒྱའི་བཅའ་ཁྲིམས།》《བུད་མེད་དང་བྱིས་པ་སྲུང་སྐྱོབ་བྱེད་པའི་བཅའ་ཁྲིམས།》《རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་བྱེད་པའི་བཅའ་ཁྲིམས》སོགས་ཁྲིམས་སྲོལ་འགྲེལ་བཤད་བརྒྱབ། དཔེ་མཚོན་གྱོད་གཞི་སྤྱད་དེ་སྒྲོག་འགྲེལ་བྱས་ནས་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཁྲོད་བཅའ་ཁྲིམས་བློ་ལ་ངེས་པར་བྱས་ཏེ་འགལ་ཟླ་དང་རྩོད་གཞི་སྣ་ཚོགས་ཇེ་ཉུང་དུ་བཏང་བ་རེད། དེ་དང་ཆབས་ཅིག་ཞིང་འབྲོག་མང་ཚོགས་ལ་དབྱར་རྩྭ་དགུན་འབུ་རྐོ་བའི་བརྒྱུད་རིམ་ཁྲོད་ཀྱི་འགྲིམ་འགྲུལ་བདེ་འཇགས་དང་། ནགས་ཚལ་དང་རྩྭ་ཐང་གི་མེ་གསོད་དང་རིམས་ནད་སྔོན་འགོག་ཚོད་འཛིན། གློག་འཕྲིན་གྱི་མགོ་སྐོར།དབྱར་རྩྭ་དགུན་འབུའི་ཉོ་ཚོང་སོགས་ཀྱི་དོ་སྣང་བྱ་གཞི་འགྲེལ་བཤད་བརྒྱབ་པ་རེད། 

  

        ཚང་མས་ཁྲིམས་ལུགས་སྒྲོག་འགྲེལ་བྱེད་སྒོ་སྤེལ་བ་དེས་ཞིང་འབྲོག་མང་ཚོགས་ཀྱི་འབབ་འཕར་ལ་ཁྲིམས་སྐྱོང་གི་འགན་ལེན་ཐུབ་ནས་སྐྱོན་བྲལ་དང་། གོ་རིམ་ལྡན་པ། ཞི་མཐུན་བཅས་ཀྱི་དབྱར་རྩྭ་དགུན་འབུ་རྐོ་བའི་ཁྲིམས་སྐྱོང་ཁོར་ཡུག་ཅིག་བཏོད་ཡོད་ཅེས་བཤད་པ་རེད། ཞིང་འབྲོག་མང་ཚོགས་ཀྱིས་རང་རྟོག་ལྡན་པར་ཁྲིམས་སྲུང་བ་དང་། བྱ་བ་སྒྲུབ་སྐབས་ཁྲིམས་བཞིན་སྐྱོང་བ། བྱ་བ་འཕྲད་སྐབས་ཁྲིམས་ལ་བརྟེན་པ། གནད་དོན་ཐག་གཅོད་བྱེད་སྐབས་ཁྲིམས་སྤྱོད་པ།འགལ་ཟླ་སེལ་སྐབས་ཁྲིམས་ལ་བརྟེན་པ་བཅས་ཀྱི་འདུ་ཤེས་ཟབ་ཏུ་བཏང་ཡོད། 

  

        བྱེད་སྒོ་སྤེལ་བ་བརྒྱུད་ནས་ཞིང་འབྲོག་མང་ཚོགས་ཀྱི་རང་ངོས་སྲུང་སྐྱོང་འདུ་ཤེས་ལ་སྔར་བས་ཤུགས་སྣོན་ཐེབས་པ་དང་ཞིང་འབྲོག་མང་ཚོགས་ཀྱི་ཁྲིམས་ལུགས་འདུ་ཤེས་ཟབ་ཏུ་ཕྱིན་པ་མ་ཟད། ས་ཁུལ་གྱི་སྤྱི་ཚོགས་བརྟན་ལྷིང་ཡོང་རྒྱུར་དགེ་མཚན་ལྡན་པའི་སྔོན་འགོག་གི་ནུས་པ་ཐོན་ཡོད།


རྩོམ་ཡིག་སྔོན་མ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1