འཆམ་མཐུན་མེ་ཏོག་ལྗོངས་སུ་བཞད། མཐུན་སྒྲིལ་འབད་པས་བདེ་སྐྱིད་བསྐྲུན།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།རྔ་བའི་བོད་སྐད་བརྙན་འཕྲིན། སྤེལ་དུས། 05-31


 


     ཁོར་ཡུག་སྲུང་སྐྱོང་ནི་བྱ་བ་ཀུན་གྱི་མཆོག་དང་། མི་ཀུན་གྱིས་ཕྲག་ཏུ་བབས་པའི་འགན་འཁྲི་ཉག་གཅིག་ཡིན་ལ། ཕྱི་རབས་པ་ལ་བཞག་པའི་རྒྱུ་ནོར་རྩ་ཆེན་ཡང་ཡིན་པས། རྔ་བ་ཁུལ་གྱིས་ཁོར་ཡུག་སྲུང་སྐྱོང་དམིགས་སུ་བཟུང་ནས་བྱ་བ་བསྒྲུབས་པ་ནི་ཀུན་གྱིས་ཤེས་གསལ་ལྟར་ཡིན། དེ་ལྟར་དུ་ཆུ་ཆེན་རྫོང་མ་ལེ་གྲོང་རྡལ་གྱི་མ་ལེ་སྡེ་བས་སྟབས་བདེ་ཞིང་ཀུན་སྤྱོད་དང་མཐུན་པའི་ཁོར་ཡུག་སྲུང་སྐྱོང་ཀྱི་སྒྲིག་ལམ་བཙུགས་ཏེ།  སྡེ་མི་ཀུན་གྱིས་སྲུང་དགོས་པ་གཏན་འཁེལ་བྱས་ཡོད་ལ། དེ་ནི་ཁོར་ཡུག་སྲུང་སྐྱོང་ལ་འབད་པའི་མངོན་ཚུལ་ཞིག་ཡིན་པ་ཚང་མས་ཤེས་ཐུབ།

     ཁོར་ཡུག་སྲུང་སྐྱོང་ནི་ཚང་མས་ཕྱུར་བ་གྲུ་འདེགས་ཀྱིས་ཚུལ་དུ་སྒྲུབ་དགོས་པ་ཞིག་ཡིན་ལ། དེ་ལ་གོ་རིམ་ལྡན་ཞིང་སྒྲིག་གཞི་ཚང་བ། ཡུལ་གྱི་གནས་ཚུལ་དང་མཐུན་པའི་སྒོ་ནས་སྒྲུབ་དགོས་ལ། ཁོ་ཚོས་བྱ་བ་དེ་ལྟར་དུ་བསྒྲུབས་པས། གཞི་རིམ་གྱི་ཁོར་ཡུག་ལེགས་བཅོས་ལ་གྲུབ་འབྲས་ཆེན་པོ་བླངས་ཤིང་། སྡེ་བའི་འཕེལ་རྒྱས་ལ་རྣམ་པ་གསར་བ་ཞིག་བསྐྲུན་པ་དང་། སྡེ་མིའི་འཚོ་བར་སྐས་རིམ་གསར་བ་ཞིག་ཀྱང་བཏོད་པ་རེད།

     སྒེར་དང་ཐུན་མོང་གི་བྱ་བ་ཆེ་ཆུང་གང་ཡིན་རུང་གྲོས་བསྡུར་བྱེད་ན་བྱ་བའི་གནད་རྟོགས་སླ་ཞིང་འགྲུབ་ཀྱང་སླ་ལ། ཀུན་གྱི་བློ་ཁ་དང་མཐུན་པར་འགྱུར་བས་འཆམ་མཐུན་དང་མཐུན་སྒྲིལ་བྱེད་ཐུབ་ལ། སྡེ་བའི་བྱ་བ་དང་སྒེར་གྱི་བྱ་བ་གང་ཡིན་རུང་དེ་ལྟར་གྲོས་བསྡུར་བྱས་པ་ཡིན།

     དེང་སང་མ་ལེ་གྲོང་རྡལ་གྱིས་འཆམ་མཐུན་དང་མཐུན་སྒྲིལ་གཙོར་བཟུང་བས།   སྡེ་མི་ཚང་མ་ནི་ཁྱིམ་ཚང་གཅིག་གི་བཟའ་མི་ལྟར་མཛའ་གཤེས་ལྡན་པར་གྱུར་ཡོད་ལ། ཡ་རབས་ཚུལ་མཐུན་གྱི་བྱ་བ་མིག་དཔེར་བཟུང་སྟེ་སྡེ་བའི་གོམས་གཤིས་ལ་གྱུར་ཡོད། ད་དུང་ཁོ་ཚོའི་སེམས་སུ་སྤྱི་ཚོགས་རིང་ལུགས་ཀྱི་རིན་ཐང་ལྟ་བ་ནི་རྡོ་ལ་རི་མོ་བརྐོས་པ་ལྟར་བྲིས་ཡོད་པས། དེའི་རྩ་བ་རྒྱས་ཤིང་རྩེ་མོ་སྨིན་པར་གྱུར་ཡོད།

     སྔོན་ཆད་ཆུ་ཆེན་རྫོང་གོར་ཡུལ་ཚོའི་ཏེ་ཧྲེན་སྡེ་བའི་འཚོ་བ་ཤིན་ཏུ་སྡུག་ཅིང་ཕན་ཚུན་དབར་མཐུན་སྒྲིལ་མེད་པ། སྒེར་གྱི་ཁེ་ཕན་ཁོ་ནར་བསྙེགས་པའི་སྡེ་བ་གཅིག་ཡིན་པས། སྡེ་བའི་ནང་ཁུལ་དུ་གཅིག་ལ་གཅིག་བརྟེན་གྱི་འདུ་ཤེས་མེད་ལ། ཕན་ཚུན་རོགས་རམ་དང་། མཛའ་བརྩེ་ནི་ཉིན་མོའི་སྐར་མ་ལྟར་གྱུར་མོད། ཆུ་ཆེན་རྫོང་གིས་ཀྲུང་གོའི་སྲོལ་རྒྱུན་རིག་གནས་ཁྱབ་བསྒྲགས་ཡང་ཡང་བྱས་པར་བརྒྱུད།  གོར་ཡུལ་ཚོའི་ཏེ་ཧྲེན་སྡེ་བའི་ཕོ་མོ་རྒན་གཞོན་མེད་པར་བཟང་བོའི་སྤྱོད་པ་ལ་འཇུག་ཅིང་བསྙེན་བཀུར་གྱི་བྱ་བ་མིག་འབྲས་བཞིན་སྲུང་སྟེ། རང་བདེ་ན་གཞན་བདེ། ཆུ་བདེ་ན་ཉ་བདེ་ཞེས་པ་ལྟར་སྡེ་བ་ཡོངས་འཆམ་མཐུན་ལ་མོས་ཤིང་མཐུན་སྒྲིལ་ལྡན་པར་གྱུར། དཔལ་འབྱོར་ནི་བདེ་སྐྱིད་ཀྱི་འཚོ་བའི་འབྱུང་ཁུངས་དང་། སྤྱི་ཚོགས་འཕེལ་རྒྱས་ཀྱི་རྩ་བར་གྱུར་པས། མའོ་རྫོང་གི་ཐུའུ་ཧྲི་མུན་གྲོང་རྡལ་གྱི་ཀྲུའུ་པའོ་སྡེ་བས་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་ལ་གཞོལ་ཅི་ཐུབ་བྱེད་བཞིན་ཡོད་ལ། རྣམ་པ་གསར་བའི་སྒྲིག་གཞིའི་སྲོལ་ཡང་གཏོད་ཡོད། དེ་ལྟར་བྱས་ན་སྡེ་མིའི་ཀུན་སྤྱོད་དང་སྤུས་ཚད་མཐོར་འདེགས་སུ་གཏོང་ཐུབ་ལ། ཐུན་མོང་དཔལ་འབྱོར་གྱི་གྲུབ་འབྲས་ཆེན་པོ་ལེན་ཐུབ་པ་རྟོགས་ཏེ། རང་གིས་བཏོད་པའི་སྒྲིག་གཞི་ལྟར་དུ་ཐུན་མོང་དཔལ་འབྱོར་ལ་ཅིག་ཅར་དུ་གཞོལ་སྟབས། སྤྱི་ཚོགས་ཀྱི་ཁེ་ཕན་ཇེ་ལེགས་སུ་ཕྱིན་པ་དང་། གཞི་རིམ་ལེགས་བཅོས་ཀྱི་ནུས་པ་དང་ཆུ་ཚད་ཇེ་བཟང་དུ་གྱུར་ཏེ།  2019ལོར་རྒྱལ་ཁབ་རིམ་པའི་གཞི་རིམ་ལེགས་བཅོས་དཔེ་སྟོན་སྡེ་བར་བདམས་པ་རེད།

     རང་ཁུལ་གྱི་གཞི་རིམ་ལེགས་བཅོས་ནི་ཁོར་ཡུག་སྲུང་སྐྱོང་དང་སྤྱི་ཚོགས་འཆམ་མཐུན་ལ་གཞོལ་བའི་ལས་གཞི་ཆེན་པོ་ཞིག་སྟེ། གཞི་རིམ་གྱི་མང་ཚོགས་རྣམས་ཀྱིས་འགན་འཁྲི་ཕྲག་ཏུ་བླངས་ཤིང་རང་དོན་རང་གིས་བསྒྲུབས་པ་དང་། དམིགས་འབེན་གཅིག་པའི་ལེགས་བཅོས་ཀྱི་བྱ་བ་ཡང་འབད་པས་བསྒྲུབས་ཏེ་གྲུབ་འབྲས་མངོན་གསལ་བླངས་པ་དང་། ཁུལ་ཡོངས་སུ་འདྲ་མཉམ་དང་རོགས་རེས་ཀྱི་རྣམ་པ་བཟང་བོ་ཞིག་ས་ཁྱབ་རྡོ་ཁྱབ་ཏུ་གྱུར།

     འདས་པའི་ལོ་ངོ་ལྔའི་རིང་དུ་རང་ཁུལ་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་མཛུབ་སྟོན་དུ་བཟུང་སྟེ། ཁྲིམས་སྐྱོང་གི་འདུ་ཤེས་གཏིང་ཟབ་ཏུ་བཏང་ཞིང་། གཞི་རིམ་གྱི་རྩ་འཛུགས་དང་སྤྱི་ཚོགས་ལེགས་བཅོས་ཀྱི་བྱ་བ་གཞི་རྩར་བཟུང་སྟེ། བྱ་བར་གོ་རིམ་ལྡན་ཞིང་སྒྲིག་གཞི་ཚང་བ། དམངས་དོན་གནད་དུ་བཟུང་ནས་བསྒྲུབས་པས། གཞི་རིམ་ལེགས་བཅོས་ཀྱི་ཕན་ནུས་དང་ཆུ་ཚད་ཇེ་བཟང་དུ་གྱུར། བཟང་བོས་སྤྱོད་པ་སྐྱོང་ཞིང་བརྩེ་བས་བྱ་བར་གཞོལ་བས། གཞི་རིམ་གྱི་ལེགས་བཅོས་ཇེ་ལེགས་སུ་གྱུར་པ་དང་། ཁུལ་ཡོངས་སུ་གྲུབ་འབྲས་གསར་བ་བླངས་པས་དཔལ་ཡོན་གྱི་རྣམ་པ་གསར་བ་རྒྱས་ཏེ། གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་བཞིན་སྒང་ཡིན་ནོ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1