ཞི་ཅིན་ཕིང་ནས་གྲོགས་པོ་ཆུང་ཆུང་ཚོར་བཀྲ་ཤིས་བདེ་ལེགས་ཞུས་འདུག

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། སྤེལ་དུས། 06-02



       ཀྲུང་གོའི་བྱིས་པའི་ལྟེ་གནས་དབུ་བརྙེས་ནས་ལོ་ངོ་40འཁོར་བའི་སྐབས་འདིར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་ནས་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་མ་ཟད། དྲུག་གཅིག་རྒྱལ་སྤྱིའི་བྱིས་པའི་དུས་ཆེན་སླེབས་པའི་མཚམས་འདིར། ཏང་ཀྲུང་དབྱང་གི་ཚབ་ཞུས་ཏེ་རྒྱལ་ཡོངས་ཀྱི་རྒྱ་ཆེའི་གཞོན་ནུ་ལོ་ཆུང་ལ་དུས་ཆེན་གྱི་བཀྲ་ཤིས་རྟེན་འབྲེལ་ཞུས་པ་དང་། གྲོགས་པོ་ཆུང་ཆུང་ཚོ་སློབ་སྦྱོར་ཡར་རྒྱས་དང་། འཚོ་བ་བདེ་སྐྱིད། བདེ་ཐང་ངང་འཚར་ལོངས་ཡོང་རྒྱུ་བཅས་ཀྱི་སྨོན་འདུན་ཞུས་གནང་ཡོད།

       ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་ནང་། ལོ་ངོ་40སོང་ཚུན། ཀྲུང་གོའི་བྱིས་པའི་ལྟེ་གནས་ཀྱིས་ཏང་གི་ཆེད་དུ་མི་སྣ་གསོ་སྐྱོང་དང་། རྒྱལ་ཁབ་ཀྱི་དོན་དུ་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱེད་པའི་ཐོག་མའི་བསམ་འདུན་བརྟན་སྲུང་བྱེད་པ་དང་། ཀུན་སྤྱོད་ལ་བརྟེན་ནས་མི་སྣ་སྐྱོང་བའི་རྩ་བའི་ལས་འགན་དོན་འཁྱོལ་བྱེད་པ། རྒྱ་ཆེའི་བྱིས་པར་ཞབས་འདེགས་ཞུ་བ་བཅས་བྱས་ཐོག སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་འཛུགས་སྐྲུན་བྱེད་མཁན་དང་རྒྱུན་འཛིན་བྱེད་མཁན་གསོ་སྐྱོང་བྱ་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད་ཅེས་བསྟན་འདུག

       ཞི་ཅིན་ཕིང་གིས། ཁྱེད་ཚོས་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་དར་སྤེལ་གཏོང་བ་དང་། རྒྱ་ཆེའི་བྱིས་པའི་ལས་དོན་པས་མཐུན་སྒྲིལ་བྱེད་པ། བྱིས་པ་འཚར་ལོངས་ཡོང་བར་ལམ་སྟོན་བྱེད་མཁན་དང་། བྱིས་པའི་ཁེ་དབང་ལ་སྲུང་སྐྱོང་བྱེད་མཁན། བྱིས་པའི་མ་འོངས་པའི་ཕུགས་འདུན་གཏོད་མཁན་བཅས་སུ་འགྱུར་བ་བྱས་ཏེ། ཀུན་སློང་བཟང་པོ་དང་བརྩེ་བ་ཟབ་མོས་བྱིས་པ་བདེ་ཐང་ངང་འཚར་ལོངས་ཡོང་བ་དང་ཁྱོན་ཡོངས་ནས་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་ཅེས་ནན་སྟོན་གནང་བ་རེད།

       ཀྲུང་གོའི་བྱིས་པའི་ལྟེ་གནས་ནི་སྤྱི་ལོ་1982ལོར་དབུ་བརྙེས་ཤིང་། བསྒྱུར་བཅོས་སྒོ་དབྱེ་བྱས་རྗེས་རང་རྒྱལ་གྱི་རྒྱལ་ཁབ་རིམ་པའི་སློབ་ཕྱིའི་སློབ་གསོ་དང་བྱིས་པའི་གོང་འཕེལ་ཐད་ཀྱི་ཞིབ་འཇུག་ཚན་པ་ཞིག་ཡིན་ཞིང་། ལོ་ངོ་40སོང་ཚུན། ཀྲུང་གོའི་བྱིས་པའི་ལྟེ་གནས་ཀྱི་བྱ་གཞག་ཁག་དབྱར་མཚོ་རྒྱས་ལྟར་གོང་འཕེལ་བྱུང་བ་དང་། རིམ་རྩིས་བྱས་ན་བྱིས་པ་དུང་ཕྱུར་ཁ་ཤས་ལྟེ་གནས་དེས་སྒྲིག་འཛུགས་བྱས་ཏེ་སྤེལ་བའི་རིགས་ཁག་གི་བྱེད་སྒོའི་ནང་ཞུགས་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1