ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གཉིས་པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་ལག་ལེན་དུ་བསྟར།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 06-06




    སྤྱི་ཟླ5པའི་ཚེས31ཉིན། དཀར་མཛེས་ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱིས་རྒྱས་འཛོམས་ཚོགས་འདུ་འཚོགས་ཏེ་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་ལག་བསྟར་བྱས་པ་དང་། རང་རེའི་ཁུལ་གྱིས་ལག་བསྟར་དོན་འཁྱོལ་བྱེད་སྟངས་ཀྱི་བསམ་འཆར་ལ་ཞིབ་འཇུག་བྱས་པ་རེད། ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གནང་བ་རེད། 


    ཚོགས་འདུའི་ཐོག་བསྟན་དོན། ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པ་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སི་ཁྲོན་སྒོ་ཀུན་ནས་འཛུགས་སྐྱོང་བྱེད་པའི་རྒྱང་སྐྱོད་ལམ་བུ་གསར་པ་དང་ཏང་གི་ཚོགས་ཆེན་ཉི་ཤུ་པར་བསུ་མ་ཞུ་བའི་འགག་རྩའི་དུས་སྐབས་སུ་འཚོགས་པའི་ཚོགས་འདུ་གལ་ཆེན་ཞིག་ཡིན་པར་བརྟེན།དུས་རབས་གསར་པར་སི་ཁྲོན་བཅོས་སྐྱོང་དར་སྤེལ་སླར་ཡང་སྐས་རིམ་གསར་པར་བསླེབ་པར་སྐུལ་འདེད་གཏོང་རྒྱུའི་ངོས་ནས་བཤད་ན་གལ་འགངས་ཆེ་ལ་གཏིང་ཟབ་པའི་དོན་སྙིང་ལྡན་པ་རེད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཞའོ་ཧུའེ་ཡིས་ཞིང་ཆེན་ཏང་ཨུའི་ཚབ་མཛད་ནས་ལས་དོན་སྙན་ཞུ་ཕུལ་ཏེ་འདས་པའི་ལོ་ལྔའི་རིང་གི་ལས་ཀའི་གྲུབ་འབྲས་ལ་ཁྱོན་ཡོངས་ནས་ཕྱི་མིག་བལྟས། ཚན་རིག་དང་མཐུན་པར་འབྱུང་འགྱུར་ལོ་ལྔའི་བརྗིད་ཉམས་ཆེ་བའི་འཆར་འགོད་བཟོས་ནས“ཆབ་སྲིད་ལ་དང་དོད། འཕེལ་རྒྱས་ལ་དམ་འཛིན།དམངས་འཚོར་ཕན་འདོགས།བདེ་འཇགས་འགན་ལེན”བཅས་ཀྱི་ལས་ཀའི་སྤྱི་ཡོངས་ཀྱི་བསམ་ཕྱོགས་གསལ་པོར་བཏོན། ཕྱོགས་བསྡུས་འཕེལ་རྒྱས་ཀྱི་དངོས་ཡོད་སྟོབས་ཤུགས།མི་དམངས་ཀྱི་འཚོ་བའི་སྤུས་ཚད།མཛེས་སྡུག་ལྡན་པའི་སི་ཁྲོན་འཛུགས་སྐྱོང་།སྤྱི་ཚོགས་དཔལ་ཡོན་ཡར་ཐོན།དམངས་གཙོ་ཁྲིམས་སྐྱོང་འཛུགས་སྐྱོང་།ཕྱོགས་ཡོངས་ནས་ཏང་ནན་སྐྱོང་སོགས་ཀྱི་ཐད་ནས་བཀོད་སྒྲིག་ཞིབ་ཕྲ་བྱས་པར་བརྟེན། ཀྲུང་དབྱང་གི་དགོངས་དོན་དང་རྩ་བ་ནས་མཐུན་པ།སི་ཁྲོན་གྱི་དོན་དངོས་དང་འཚམ་པ།མང་ཚོགས་ཀྱི་རེ་སྒུག་དང་མཐུན་པ་བཅས་བྱས་ཐོག་ཞིང་ཆེན་ཏང་ཨུས་མངགས་བཅོལ་བློ་ལ་བརྟན་པོར་བཅངས་པ་དང་ལྟེ་བར་བརྩི་བཀུར་ཞུ་བའི་ཚད་མཐོའི་ཆབ་སྲིད་ཀྱི་རང་རྟོགས་མཚོན་པ་འདི་ནི་སི་ཁྲོན་འཕེལ་རྒྱས་ཀྱི་ལེའུ་གསར་པ་རྩོམ་པའི་བྱ་སྤྱོད་ཀྱི་ཕྱོགས་སྟོན་ཞིག་རེད། ཝང་ཞའོ་ཧུའེ་ལེའང་ཧྲན་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དེ་དཀར་མཛེས་ཁུལ་གྱི་ལས་དོན་ཁག་ཡག་པོ་བསྒྲུབ་རྒྱུར་མཛུབ་ཁྲིད་ཀྱི་དོན་སྙིང་གལ་ཆེན་ལྡན་པ་རེད། ཁུལ་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཚོགས་འདུའི་ཐབས་ཇུས་བཀོད་སྒྲིག་ལ་དམིགས་ཏེ་ཞིང་ཆེན་ཏང་ཨུའི་ལས་ཀའི་སྤྱི་ཡོངས་ཀྱི་བསམ་ཕྱོགས་ལ་གཞིགས་ནས་ངེས་གནས་འཕྱུགས་མེད་འཚོལ་བ་དང་དོན་དངོས་དང་ཟུང་འབྲེལ་བྱེད་པ།ཇུས་འགོད་གཏན་འཁེལ་བྱས་ནས་སྒྲུབ་པ།ཡུལ་དེ་གའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་།ཡུལ་དེ་གའི་དམངས་འཚོར་ཕན་འདོགས་པ།ཡུལ་དེ་གའི་བདེ་འཇགས་འགན་ལེན་བྱེད་པ་བཅས་ཀྱི་ལོ་རྒྱུས་ལས་འགན་མཐའ་གཅིག་ཏུ་བསྒྲུབས་ནས་མཐུན་སྒྲིལ་འབྱོར་ཕྱུག་།ཞི་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གསར་པ་ནུས་ཤུགས་ཡོད་རྒུས་འཛུགས་སྐྱོང་བྱ་དགོས།  


     གྲོས་ཚོགས་ཐོག་ནན་གསུང་གནང་དོན། ལྟ་བ་གསལ་སྟོན་གྱིས་ཆབ་སྲིད་ལ་དང་དོད་བྱས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་ལས་དོན་ཐད་གནང་བའི་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལ་བརྟེན་ནས་དཀར་མཛེས་ཁུལ་གྱི་ལས་དོན་ཁག་ལ་གཅིག་འདོམས་བྱས་ཤིང་། རང་རྟོགས་ངང“གཏན་འཁེལ་གཉིས་”ལ་བརྩི་བཀུར་བྱེད་མཁན་དང“སྲུང་སྐྱོང་གཉིས་”བློ་བརྟན་འགྱུར་མེད་ཀྱིས་ལག་ལེན་བསྟར་མཁན་བྱས་ནས་གཙོ་འཛིན་གྱི་ཐུགས་ཁུར་ཟབ་མོ་དེ་ཡར་བརྩོན་གྱི་སྟོབས་ཤུགས་སུ་བསྒྱུར་རྒྱུ་རྒྱུན་འཁྱོངས་བྱས་པ་དང་། གཙོ་འཛིན་གྱི་མངགས་བཅོལ་ནན་པོ་དེ་རང་འགུལ་གྱི་བྱ་སྤྱོད་དུ་མཐའ་གཅིག་ཏུ་སྒྱུར་བ། གཙོ་འཛིན་གྱི་འཐབ་ཇུས་འཆར་འགོད་དེ་མཛེས་སྡུག་ལྡན་པའི་དོན་དངོས་སུ་མཐའ་གཅིག་ཏུ་སྒྱུར་བ།ཏང་ཀྲུང་དབྱང་གི་སྲིད་དོན་གལ་ཆེན་གྱི་བྱེད་ཕྱོགས་དང་ཞིང་ཆེན་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་ཆད་ལུས་མེད་པར་དཀར་མཛེས་ཁུལ་དུ་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་བ།ལྷག་པར་དུ་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཉེན་མེད་སྲུང་སྐྱོང་བྱེད་པའི་འཐབ་ཇུས་སྲུང་ཡོལ་བརྟན་དུ་གཏོང་བ་དང་བོད་བརྟན་ཁམས་འཇགས་སྲ་བརྟན་མངོན་འགྱུར་བྱེད་པའི་འཐབ་ཇུས་ཀྱི་གནད་ཆེའི་ས་ཆའི་ཁྲོད་འགན་འཁྲི་འཁུར་ནས་དཀར་མཛེས་ཁུལ་ཡུན་རིང་བདེ་འགོད་དང་འཕེལ་རྒྱས་སྤུས་ཚད་མཐོན་པོར་སྐུལ་འདེད་གཏོང་དགོས། བློ་བརྟན་འགྱུར་མེད་ཀྱིས་འཕེལ་རྒྱས་ལ་དམ་འཛིན། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཁྱོན་ཡོངས་ནས་དོན་འཁྱོལ། རང་རྟོགས་ཀྱིས་འཕེལ་རྒྱས་ཀྱི་རྣམ་པ་གསར་པར་མཉམ་འདྲེས་བྱས་མཐར། ཐོན་ཁུངས་དང་ནུས་ཁུངས།ཁྱད་ཆོས་ཀྱི་ཞིང་འབྲོག་ལས།རིག་གནས་ཡུལ་སྐོར་བཅས“ལས་དོན་ཆེན་པོ་གསུམ་”གཅིག་གྱུར་གྱིས་འཆར་འགོད་ཡག་པོ་བྱས་ཤིང་། རྨང་གཞིའི་སྒྲིག་བཀོད་ཀྱི་ལས་གྲྭ་གལ་ཆེན་ཁག་ཅིག་ལག་བསྟར་བྱེད་འགོ་འཛུགས་དགོས། ཚན་རིག་དང་མཐུན་ཞིང་གོ་རིམ་ལྡན་པའི་སྒོ་ནས་ཆུའི་མཛེས་ལྗོངས་ཀྱི་ནུས་ཁུངས་གཙང་མ་གསར་སྤེལ་བྱེད་པར་སྐུལ་འདེད་གཏོང་བ། རྒྱལ་ཁབ་རིམ་པའི་གནགས་ཕྱུགས་ཐོན་ལས་འདུས་འཛོམས་ཇེ་མགྱོགས་སུ་འཛུགས་སྐྱོང་བྱེད་པ་དང་།རྒྱང་སྐྱོད་རྒྱལ་ཁབ་རིག་གནས་གླིང་ག། འབྲི་ཆུ་དང་རྨ་ཆུའི་རིག་གནས་གླིང་ག་དཀར་མཛེས་ཁུལ་དུམ་མཚམས་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་དང་།འདབ་པའི་ཉི་སྟེན་དང་གནམ་དཔྱད་ཚན་རིག་ཞིབ་འཇུག།ཕན་རོགས་གནའ་ཤུལ་སོགས་ཀྱི་ཐོན་ཁུངས་སྤྱི་འདོམས་བེད་སྤྱོད་བྱས་ནས་རིག་གནས་ཡུལ་སྐོར་གྱི་ས་གནས་མཚོན་རྟགས་གསར་པ་གཏོད་པ།“ས་ཁུལ་གཉིས་དང་ས་གནས་གསུམ”མགྱོགས་མྱུར་གཏོད་པ་བཅས་བྱས་ནས་དཀར་མཛེས་ཁུལ་གྱི་ཁྱད་ཆོས་ལྡན་པའི་འཕེལ་རྒྱས་སྤུས་ཚད་མཐོ་བའི་ལམ་བུའི་ཐོག་བསྐྱོད་དགོས། འགན་འཁྲི་ལག་བསྟར།དམངས་འཚོར་ཕན་འདོགས་པ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་དེ་ཡུལ་སྡེ་དར་རྒྱས་གཏང་རྒྱུ་དང་འབྲེལ་མཐུད་ནུས་ལྡན་བྱས་ཤིང་། ཞིང་ཆེན་ཕྱི་ནང་གི་རིགས་མཐུན་རོགས་སྐྱོར་ལས་སྟེགས་གཅིག་གྱུར་འཆར་འགོད་ཀྱིས་ལེགས་པར་སྤྱོད་པ་དང་།སྲིད་ཇུས་དང་བྱེད་ཐབས་ཀྱི་དྲོད་ཚད་ལྡན་པ།དམངས་ལ་བདེ་དྲོད་སྟེར་བའི་དམངས་འཚོའི་ལས་གཞི་ཁག་ཅིག་ལག་བསྟར་བྱེད་པ།སློབ་གསོ་དང་སྨན་བཅོས།རྒན་གསོ་སོགས་སྤྱི་པའི་ཞབས་ཞུའི་ལམ་ལུགས་ཀྱི་མ་ལག་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་བ།སྤྱི་པའི་ཞབས་ཞུའི་ཐོན་ཁུངས་བཀོད་སྒྲིག་ལུགས་མཐུན་བཅས་བྱས་ནས་མི་རིགས་ས་ཁུལ་ཐུན་མོང་ཐོག་ཕྱུག་པོར་ཆགས་པའི་དཀར་མཛེས་ཁུལ་གྱི་མ་དཔེ་འཛུགས་སྐྱོང་བྱེད་གང་ཐུབ་བྱ་དགོས། གཞི་ཐིག་བརྟན་སྲུང་བྱས་ནས་བདེ་འཇགས་སྲུང་སྐྱོང་། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་ལག་བསྟར་ནན་ཏན། འཕེལ་རྒྱས་དང་བདེ་འཇགས་གཅིག་གྱུར་འཆར་འགོད། ཁ་བྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་ནས་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་མུ་མཐུད་ནས་ཡག་པོ་རྒྱག་པ་དང་།འཕྲལ་སྡོམ་དོ་དམ་མ་ལག་འཐུས་ཚང་དུ་གཏོང་བ།ཆུ་གློག་ས་ཚུགས་དང་རང་སྐྲུན་སྡོད་ཁང་འགེབ་པ།སྨན་རྫས་དང་འགྲིམ་འགྲུལ་སྐྱེལ་འདྲེན།འབྲུབ་འགོག་ཞོད་འགོགས་ཡོམ་གྱི་གནོད་འཚེ་སོགས་ཁྱབ་ཁོངས་ཀྱི་ཉེན་ཁའི་མངོན་མེད་རྐྱེན་ངན་ནུས་ཤུགས་ཡོད་རྒུས་འགོག་ཟོན་དང་སེལ་ཐབས་བྱེད་པ།བརྒྱུད་རིམ་ལྡན་པའི་ཉེན་ཁ་མི་ཐོན་པའི་མ་མཐའི་མཚམས་ཐིག་བསྲུངས་ནས་ཆབ་སྲིད་བདེ་འཇགས་དང་།སྐྱེ་ཁམས་ཉེན་མེད།ཐོན་སྐྱེད་ཉེན་མེད་བཅས་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱེད་དགོས། སེམས་ཤུགས་གཅིག་སྒྲིལ་གྱིས་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ། རང་གིས་རང་ལ་གསར་བརྗེའི་སྙིང་སྟོབས་ལ་བརྟེན་ནས་ཕྱོགས་ཡོངས་ནས་ཏང་ནན་པོ་སྐྱོང་བར་སྐུལ་འདེད་གཏིང་ཟབ་གཏང་རྒྱུ་མཐའ་འཁྱོངས་ ཞིང་འབྲོག་ཁུལ་གྱི་ཏང་འཛུགས་སྐྱོང་གི་རྨང་གཞི་བརྟན་དུ་གཏོང་བ་དང་ཏང་ཡོན་དཔུང་སྡེའི་ནུས་པ་ཆེ་རུ་བཏང་ནས་ཏང་འཛུགས་སྐྱོང་གི་སྣེ་ཁྲིད་དཔེ་སྟོན་འདུ་འགོད་ལག་ལེན་བསྟར་བ་དང་།ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་མུ་མཐུད་ནས་ཤུགས་སྣོན་བརྒྱབ་སྟེ་སྤྱོད་ཡོན་གཉིས་ལྡན་དང་།ལྷག་བསམ་ཟོལ་མེད།སྤྱོད་གཙང་བཅས་ཀྱི་བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་སྲིད་འཛིན་རྐང་འཛིན་དཔུང་སྡེ་འཛུགས་སྐྱོང་བྱེད་གང་ཐུབ་བྱས་ནས་ཆབ་སྲིད་ཀྱི་ཁོར་ཡུག་བཟང་པོ་བཏོད་དེ་ཏང་གིས་དཀར་མཛེས་ཁུལ་དུ་སྲིད་སྐྱོང་བའི་རྨང་གཞི་མཐའ་གཅིག་ཏུ་བརྟན་དུ་གཏང་དགོས།  


     ཚོགས་འདུའི་ཐོག་བླང་བྱ་བཏོན་དོན།ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས།ལག་བསྟར་བཅས་བྱ་རྒྱུ་དེ་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩི་དགོས།ཁུལ་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་ལྷག་པར་དུ་འགོ་ཁྲིད་ལས་བྱེད་པས་སྔོན་ལ་སློབ་སྦྱོང་དང་།སློབ་སྦྱོང་གཏིང་ཟབ་བྱས་ཏེ་རང་ཉིད་དེའི་ནང་ཞུགས་པ་དང་།འགན་འཁྲི་དེའི་ནང་བཞག་པ།ལས་དོན་དེའི་ནང་བཞག་ནས་གོ་དོན་མཐིལ་རྟོགས་དང་ཤེས་སྤྱོད་ཟུང་འབྲེལ་ཐུབ་པ་བྱ་དགོས། དྲིལ་བསྒྲགས་སྡེ་ཚན་གྱིས་འཕྲིན་སྦྱོར་སྣ་ཚོགས་ལ་སྤྱི་འདོམས་བྱས་ཏེ་སྤུས་ཚད་མཐོ་བ་དང་།གཏིང་ཟབ་པ།ཤུགས་རྐྱེན་ལྡན་པ་བཅས་ཀྱི་གསར་འགྱུར་འཕྲིན་སྤེལ་དང་ཆེད་དོན་འགྲེལ་བཤད་རྒྱག་པ་དང་།པར་ངོས་གལ་ཆེན་དང་དུས་མཚམས་གལ་ཆེན་དུ་ཆེད་སྒྲིག་ལེ་ཚན་བཟོས་ནས་རྣམ་པ་བཟང་པོ་གཏོད་དེ་མགྱོགས་མྱུར་ཚ་རླབས་ཤིག་འཕྱུར་བ་བྱས་ནས་ཚོགས་འདུའི་དགོངས་དོན་མང་ཚོགས་ཁྲོད་དུ་གཏིང་ཟབ་འཇགས་པ་དང་མི་སེམས་སུ་གཏིང་ཟབ་ཟུག་རྒྱུར་འགན་ལེན་བྱ་དགོས། རིམ་ཁག་ཏང་ཨུ(ཏང་ཙུའུ)ཡིས་མིག་སྔའི་ལས་འགན་དངོས་དང་ཟུང་འབྲེལ་བྱས་ནས་འཆར་གཞི་བཟོ་བ་དང་ཆེད་དོན་འགོད་པ།རིགས་པའི་གཞུང་ལུགས་ཀྱི་ལྟེ་བའི་ཚོ་ཆུང་གི་སློབ་སྦྱོང་དང་།ལས་བྱེད་པ་གསོ་སྦྱོང་།རིགས་གཅིག་མཁས་ཅན་གྱིས་སློབ་ཚན་འཆད་ཁྲིད་བྱེད་པ་སོགས་ཀྱི་བྱེད་ཐབས་བརྒྱུད་ནས་ལས་བྱེད་པ་དང་ལས་བཟོའི་སྣེ་ཁྲིད་དེ་བསམ་པའི་ངོ་བོར་གོ་བ་ལེན་པ་དང་།ཡར་བརྩོན་གྱི་ཁ་ཕྱོགས་ཡང་དག་འཚོལ་བ།ནུས་ལྡན་དང་གོ་རིམ་ལྡན་པའི་ངང་ལས་དོན་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ཡག་པོ་བྱེད་པ་བཅས་བྱས་ནས་ལོ་འཁོར་གྱི་དམིགས་ཡུལ་ལས་འགན་ཁྱོན་ཡོངས་ནས་ལེགས་སུ་འགྲུབ་པར་རྨང་གཞི་བརྟན་པོ་འདིང་བ་དང་ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་མ་ཞུ་དགོས།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1