ཞི་ཅིན་ཕིང་གི་《ཞིང་གསུམ་ལས་ཀར་དཔྱད་པ》དཔེ་སྐྲུན་འགྲེམས་སྤེལ་བྱས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 06-08


        ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གིས་རྩོམ་སྒྲིག་བྱས་པའི་བློ་མཐུན་ཞི་ཅིན་ཕིང་གི་《ཞིང་གསུམ་ལས་ཀར་དཔྱད་པ》ཞེས་པའི་དཔེ་དེབ་ཉེ་ཆར་ཀྲུང་དབྱང་ཚད་ལྡན་ཡིག་ཆ་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་ནས་རྒྱལ་ཡོངས་སུ་འགྲེམས་སྤེལ་བྱས་པ་རེད།

        ཆེད་དོན་རྩོམ་ཡིག་ཕྱོགས་བསྒྲིགས་འདིའི་ནང་བློ་མཐུན་ཞི་ཅིན་ཕིང་གི་ཞིང་གསུམ་ལས་དོན་སྐོར་གྱི་གལ་ཆེའི་རྩོམ་ཡིག་61བསྡུས་ཡོད། དེའི་ནང་གི་རྩོམ་ཡིག་ཁག་གཅིག་ཡོངས་བསྒྲགས་ངང་འགྲེམས་སྤེལ་བྱེད་ཐེངས་དང་པོ་ཡིན་པ་རེད།

        ཞིང་ལས་དང་། གྲོང་གསེབ། ཞིང་པ་བཅས་ཀྱི་གནད་དོན་ནི་རྒྱལ་ཇུས་དམངས་འཚོ་དང་འབྲེལ་བ་ཡོད་པའི་རྩ་བའི་རང་བཞིན་གྱི་གནད་དོན་ཞིག་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཞིང་གསུམ་གནད་དོན་ཐག་གཅོད་ཡག་པོ་བྱ་རྒྱུ་དེ་ཏང་ཡོངས་ཀྱི་ལས་ཀའི་གལ་ཆེའི་ནང་གི་འགངས་ཆེར་བརྩིས་ནས། དབུལ་སྒྲོལ་འགག་གཏོར་དམག་འཐབ་ཀྱི་རྒྱལ་ཁ་བླངས་པ་དང་། བལྟོས་མེད་དབུལ་ཕོངས་ཀྱི་གནད་དོན་ལོ་རྒྱུས་རང་བཞིན་གྱི་སྒོ་ནས་ཐག་གཅོད་བྱས་པ། ཤང་གྲོང་བསྐྱར་དར་ཡོང་བ་བྱེད་པའི་འཐབ་ཇུས་ལག་བསྟར་བྱས་པ། ཞིང་ལས་དང་གྲོང་གསེབ་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་རྒྱུ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་ཡོང་རྒྱུར་སྐུལ་འདེད་བཏང་ཡོད། ཞིང་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ་དང་། ཞིང་པའི་ཡོང་འབབ་རྒྱུན་མཐུད་ངང་འཕར་བ། གྲོང་གསེབ་ཀྱི་དམངས་འཚོ་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ། གྲོང་གསེབ་ཀྱི་རྣམ་པ་གསར་རྐྱང་དུ་གྱུར་པ་བཅས་ཀྱིས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གི་རྣམ་པ་གསར་པ་ཁྱོན་ཡོངས་ནས་གཏོད་ཆེད་འདེགས་སྐྱོར་གལ་ཆེན་བྱས་ཡོད། བློ་མཐུན་ཞི་ཅིན་ཕིང་གིས་ལོ་རྒྱུས་ཀྱི་ལྟ་བ་ཆེན་པོར་བརྟེན་ནས་ཞིང་ལས་དང་གྲོང་གསེབ་ཞིང་པ་བཅས་ཀྱི་གནད་དོན་ལ་ལྟ་སྟངས་འཛིན་རྒྱུ་རྒྱུན་འཁྱོངས་གནང་བ་མ་ཟད། རྣམ་བཤད་གལ་ཆེན་རབ་དང་རིམ་པ་སྤེལ་ནས་ཞིང་གསུམ་ལས་དོན་གྱི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་རབ་དང་རིམ་པར་ཚན་རིག་དང་མཐུན་པའི་ལན་བཏབ་གནང་བ་དང་། དུས་རབས་གསར་པའི་ཞིང་གསུམ་ལས་དོན་ཡག་པོ་བསྒྲུབ་ཆེད་བྱ་སྤྱོད་ཀྱི་རྩ་འཛིན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། ཞིང་གསུམ་ལས་དོན་སྐོར་གྱི་བློ་མཐུན་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་། དེས་ཏང་ཡོངས་ཀྱིས་གོང་འཕེལ་གྱི་དུས་མཚམས་གསར་པར་ཞིང་གསུམ་ལས་དོན་ཡག་པོ་བསྒྲུབ་རྒྱུའི་གལ་ཆེའི་རང་བཞིན་དང་ཁ་ཚ་དགོས་གཏུགས་རང་བཞིན་ལ་ངོས་འཛིན་གང་ལེགས་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུ་དང་། ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་གྲོང་གསེབ་དར་རྒྱས་ཡོང་རྒྱུར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་རྒྱུ། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་དུ་འགྱུར་མགྱོགས་སུ་གཏོང་རྒྱུ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཞིག་སྒོ་ཀུན་ནས་བསྐྲུན་རྒྱུ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བ་བྱ་རྒྱུ་བཅས་ཀྱི་ཐད་མཛུབ་ཁྲིད་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1