མགོ་ལོག་གི་སྐྱེ་ཁམས་སྲུང་སྐྱོང་ཐད་གྲུབ་འབྲས་ཆེན་པོ་ཐོབ་ཡོད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 06-13


 

          ཚེས7ཉིན་གསར་འགོད་པས་མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་ཨུད་དྲིལ་བསྒྲགས་པུའུ་ནས་ཤེས་རྟོགས་བྱུང་བ་ལྟར་ན། གཙང་གསུམ་འབྱུང་ཡུལ་གྱི་དབུས་རྒྱུད་དུ་གནས་པའི་མགོ་ལོག་གིས་མཚོ་སྔོན་དང་། བོད་ལྗོངས། སི་ཁྲོན། ཡུན་ནན། ཀན་སུའུ་བཅས་ཀྱི་འབྲེལ་མཚམས་ས་ཁུལ་ལ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་མཐུན་སྦྱོར་འཕེལ་རྒྱས་ཀྱི་མཉམ་ལས་ལམ་སྲོལ་བཙུགས་ནས་མཐའ་མཚམས་ས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ངང་འཕེལ་རྒྱས་ཡོང་རྒྱུར་ཐུན་མོང་གིས་སྐུལ་འདེད་བཏང་བ་རེད།

          གཙང་གསུམ་འབྱུང་ཡུལ་གྱི་དབུས་རྒྱུད་དུ་གནས་པའི་མགོ་ལོག་ས་ཁུལ་ནི་མཚོ་སྔོན་གྱི་ཤར་ལྷོར་གནས་ཤིང་། བ་ཡན་ཧ་རིའི་བྱང་རྒྱུད་དུ་གནས་པའི་རྨ་ཆུའི་ཆུ་འགོར“གངས་ལྗོངས་དག་ཞིང་། སྦས་ཡུལ་མགོ་ལོག”ཅེས་པའི་མཚན་སྙན་ཡོད། དེ་ནི་ཀྲུང་གོའི་གེ་སར་རིག་གནས་ཀྱི་ཕ་ས་དང་རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་ཁུངས་གསོ་སྐྱོང་ས་ཁུལ་གལ་ཆེན་ཞིག་ཡིན་ལ། “ཀྲུང་ཧྭ་ཆུ་མཛོད”ཀྱི་གྲུབ་ཆ་གལ་ཆེན་དང་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་ཀྱང་ཡིན།

 

          མཚམས་སྦྱོར་བྱས་པར་གཞིགས་ན། མགོ་ལོག་ས་ཁུལ་ནི་གཙང་གསུམ་འབྱུང་ཡུལ་དང“ཀྲུང་ཧྭ་ཆུ་མཛོད”ཀྱི་ས་ཁུལ་གལ་ཆེན་ཞིག་ཡིན་པའི་ཆ་ནས། ལྗང་མདོག་དང་མཛེས་སྡུག་ལྡན་པའི་སྐྱེ་ཁམས་འཛུགས་སྐྲུན་བྱ་རྒྱུ་དམིགས་ཚད་དུ་འཛིན་པ་དང་། ཐཱན་ཉུང་དང་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུ་ནང་དོན་དུ་བྱས་ཏེ། གནམ་སྔོན་པོ་ནས་ས་དོག་མོ་དང་དེ་ནས་ཆུ་བོ་སྣ་ཚོགས་བཅས་ཕྱོགས་ཡོངས་ནས་ཡུལ་ཁོངས་ཧྲིལ་བོར་སྲུང་སྐྱོང་བྱེད་པ་ཞིག་ཡིན།

          ཉེ་བའི་ལོ་ཤས་རིང་མགོ་ལོག་ཁུལ་གྱིས་གནམ་སྔོན་པོ་ནས་ས་དོག་མོ་དང་དེ་ནས་ཆུ་བོ་སྣ་ཚོགས་བཅས་སུ་བྱེད་ཐེབས་བཅུ་ལག་བསྟར་བྱས་ནས“སྐྱེ་ཁམས་ལ་བརྟེན་ནས་ཁུལ་བཙུགས་པ”དེས། སྐྱེ་ཁམས་ཁོར་ཡུག་འཆར་འགོད་ཀྱི་མཛུབ་ཁྲིད་ནུས་པ་མངོན་གསལ་དོད་པ་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལམ་སྲོལ་གྱི་འགན་ལེན་རིམ་བཞིན་འཐུས་སྒོ་ཇེ་ཚང་དུ་འགྲོ་བ། ས་ཁོངས་ཀྱི་སྐྱེ་ཁམས་ཁོར་ཡུག་གི་མཐུན་སྦྱོར་ནུས་པ་ཟམ་མི་ཆད་པར་ཆེ་རུ་ཕྱིན་ཡོད་པ་རེད། དེའི་ནང་མགོ་ལོག་གིས་མཚོ་བོད་ཁྲོན་ཡུན་ཀན་འབྲེལ་མཚམས་ས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་མཐུན་སྦྱོར་འཕེལ་རྒྱས་ཀྱི་མཉམ་ལས་ལམ་སྲོལ་བཙུགས་ཏེ་མཐའ་མཚམས་ས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་རྒྱུར་ཐུན་མོང་གིས་སྐུལ་འདེད་བཏང་ཡོད། “ཆེད་ལས་ཅན་གྱི་བཅའ་ཁྲིམས་ལྟ་སྐུལ+ཉམས་གསོའི་རང་བཞིན་གྱི་ཁྲིམས་འཛིན་ལག་ལེན+སྤྱི་ཚོགས་ཅན་གྱི་ཕྱོགས་བསྡུས་བཅོས་སྐྱོང”བཅས་ཀྱི་སྐྱེ་ཁམས་ཞིབ་དཔྱོད་བྱེད་སྟངས་འཚོལ་ཞིབ་དང་ལག་བསྟར་བྱས་ཏེ། “3+2”སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཁྲིམས་འཛིན་མཉམ་ལས་ལམ་སྲོལ་དང་རྨ་ཆུའི་སྟོད་རྒྱུད(མཚོ་སྔོན་དུམ་བུ)ཀྱི་སྐྱེ་ཁམས་ཁོར་ཡུག་དང་ཐོན་ཁུངས་སྲུང་སྐྱོང་ས་ཁོངས་ལས་བརྒལ་བའི་ཞིབ་དཔྱོད་མཉམ་ལས་ལམ་སྲོལ་བཙུགས་ཤིང་། ལས་རིགས་ལྟ་སྐུལ་དོ་དམ་སྡེ་ཚན་གྱིས་མཉམ་སྒྲུབ་མཉམ་འགུལ་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་སྐྱེ་ཁམས་ཁོར་ཡུག་གི་ཁྲིམས་འགལ་བྱ་སྤྱོད་ལ་རྡུང་རྡེག་ཚ་ནན་གཏོང་རྒྱུ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1