མཚོ་བོད་མཐོ་སྒང་དུ“མེ་ཏོག་རེག་སྐུམ”གསར་རྙེད་བྱུང་བ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 06-14


 

      ཀྲུང་གོའི་ཚན་རིག་གླིང་ཝུའུ་ཧན་རྩི་ཤིང་སྐྱེད་ཚལ་གྱིས་རྩ་འཛུགས་བྱས་པའི་མཚོ་བོད་མཐོ་སྒང་གི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཐེངས་གཉིས་པའི་ཆུ་སྐྱེས་རྩི་ཤིང་གི་ཆེད་དོན་བརྟག་དཔྱད་ཁྲོད། ཧུའུ་པེ་སློབ་ཆེན་དང་ཝུའུ་ཧན་སློབ་ཆེན། བོད་ལྗོངས་སློབ་ཆེན། དེ་བཞིན་ཝུའུ་ཧན་རྩི་ཤིང་སྐྱེད་ཚལ་གྱི་ཞིབ་འཇུག་ཚོགས་པས་ཐེངས་དང་པོར་མཚོ་བོད་མཐོ་སྒང་དུ་སྐྱེས་པའི“མེ་ཏོག་རེག་སྐུམ”གསར་རྙེད་བྱུང་བ་རེད།

     ཚན་རིག་པས་ཤེས་རྟོགས་བྱུང་བར། སྤང་རྒྱན་སྡེའི་སྤང་རྒྱན་རིགས་ཀྱི་དངོས་རིགས་བཞིའི་མེ་ཏོག་གི་འདབ་མར་ཐུག་རེག་བྱས་རྗེས། སྐར་ཆ་7ནས་སྐར་ཆ་210ནང་མགྱོགས་མྱུར་ངང་སྐུམ་སྟེ། ཚགས་དམ་པའི་མེ་ཏོག་གང་བུའི་རྣམ་པར་འགྱུར་བ་དང་། མེ་ཏོག་འདབ་མ་ཟུམ་རྗེས་ཡང་བསྐྱར་ཁ་འབྱེད་པའི་ནུས་པ་ལྡན་ཞིང་། བརྒྱུད་རིམ་དེར་གནམ་གཤིས་དྭངས་བའི་སྐབས་སུ་ཕལ་ཆེར་སྐར་མ་20ཙམ་དགོས་ཀྱི་ཡོད། གལ་ཏེ་ཡང་བསྐྱར་ཐུག་རེག་བྱས་ཚེ། མེ་ཏོག་འདབ་མ་སླར་ཡང་ཁ་ཟུམ་པ་དང་དེ་ནས་སླར་ཡང་ཁ་འབྱེད་ཀྱི་ཡོད། དེ་ལྟར་ཡང་ཡང་བྱས་ཀྱང་འགྱུར་བ་གཞན་མེད།

     ཟིན་ཐོར་བཀོད་པའི་འབུ་བཟའ་སྐྱེ་དངོས་ཀྱི་ཁྱད་འགྱུར་ལོ་ལེབ་ཀྱི་འགུལ་སྐྱོད་སྟོང་ཟུར་སྐར་ཆའི་ནང་བྱུང་བ་ཡིན་ནའང་། འདབ་མའི་འགུལ་སྐྱོད་ཕྱོགས་ནས་ད་སྔའི་བར་དུ་ལྗར་པན་དུ་སྐྱེས་པའི་སྔོ་འབུ་གཟན་ཁོངས་གཏོགས་ཀྱི་རྩི་ཤིང་གི་མེ་ཏོག་ལ་ཐུག་རེག་བྱས་རྗེས་སྐར་མ་ཁ་ཤས་ནང་སྐུམ་པ་དང་། ཆུ་ཚོད་འགའི་རྗེས་སུ་ཡོངས་སུ་ཁ་ཟུམ་པ་ཡིན། དེ་དང་བསྡུར་ན། ཐེངས་འདིར་གསར་རྙེད་བྱུང་བའི་ཆུ་སྐྱེས་སྤང་རྒྱན་རྫུན་མར་མཚོན་ན་དེའི་མེ་ཏོག་ཁ་དོག་རིགས་གཉིས་ལས་ཚོགས་གནས་བརྒྱད་ཀྱི་ཆ་སྙོམས་ཁ་ཟུམ་དུས་ཚོད་ནི་སྐར་ཆ་29ཡིན་ཞིང་། ཁ་ཟུམ་དུས་ཚོད་ཐུང་ཤོས་སྐར་ཆ་7ཡིན། དེར་བརྟེན་དེ་ནི་འཛམ་གླིང་གི་ཁ་ཟུམ་འགྲོས་ཚད་ཆེས་མགྱོགས་པའི་མེ་ཏོག་ཏུ་བརྗོད་ཆོག 

     མཚོ་བོད་མཐོ་སྒང་གི་རྩྭ་རིགས་སྐྱེ་དངོས་ཁྲོད་དུ། སྤང་རྒྱན་སྡེའི་སྤང་རྒྱན་རིགས་ཀྱི་རྩི་ཤིང་ནི་མཐོ་སྒང་གི་ཆེས་མཛེས་པའི་དངོས་རིགས་ཤིག་ཡིན་ཐག་ཆོད་ཡིན། སྤང་རྒྱན་རིགས་ནི་འཛམ་གླིང་རང་བཞིན་ཕལ་པའི་དྲོད་ཁུལ་རིགས་ཤིག་ཡིན་ཞིང་། སྤང་རྒྱན་སྡེའི་ཆེས་ཕུན་སུམ་ཚོགས་པའི་དངོས་རིགས་ཤིག་ཡིན་ལ། གོ་ལ་ཧྲིལ་པོར་ཕལ་ཆེར་རིགས་400ཙམ་ཡོད། མཚོ་བོད་མཐོ་སྒང་དུ་སྤང་རྒྱན་རིགས་ཀྱི་རྩི་ཤིང་རིགས་100ལྷག་ཡོད་པ་དང་། ཀྲུང་གོའི་སྤང་རྒྱན་རིགས་ཀྱི་རྩི་ཤིང་ཕྱེད་ཀ་ཙམ་འདི་ནས་རྙེད་པ་རེད། 

  

     མཚོ་བོད་མཐོ་སྒང་གི་སྤང་རྒྱན་ཁྱིམ་རྒྱུད་ཁྲོད་སྤང་རྒྱན་ཁྱུ་ཚོགས་འདི་འདྲ་ཞིག་ཡོད་དེ། དེ་དག་མཐོ་སྒང་དུ་གཟེངས་སུ་ཐོན་པ་མིན་ན་ཡང་། ཉེ་བའི་ལོ་ཤས་རིང་རིམ་གྱིས་སྐྱེ་དངོས་རིག་པ་བའི་མཐོང་ལམ་དུ་བུད་ཅིང་། ཚན་རིག་པ་རྣམས་ཀྱི་ཞིབ་འཇུག་བྱེད་ཡུལ་གཙོ་བོ་ཞིག་ཏུ་གྱུར་ཡོད། སྤང་རྒྱན་ཚོགས་དེའི་མེ་ཏོག་ལ་ཐུག་རེག་བྱས་རྗེས“གར་འཁྲབ་པའི”ཁྱད་གཤིས་ལྡན་པས། མི་འགྱངས་བར་མཛེས་སྡུག་ཉམས་དགའ་བའི་སྒོ་ནས་མཚོ་བོད་མཐོ་སྒང་གི་རྩི་ཤིང་མིང་གྲགས་ཅན་ཞིག་ཏུ་འགྱུར་སྲིད། དེ་དག་ནི་སྤང་རྒྱན་རིགས་ཁྲོད་ཀྱི་བྲོ་གར་ལྷ་མོ་སྟེ་ཆུ་སྐྱེས་སྤང་རྒྱན་རྫུན་མ་རེད། དེའི་མེ་ཏོག་ནི་སྔོ་རེག་སྐུམ་དང་འདྲ་བར་ཕྱི་རོལ་ནས་ཐུག་རེག་བྱུང་རྗེས་མྱུར་དུ་འཁུམ་གྱི་ཡོད། དེའི་ཕྱིར་མིང་གཞན་ལ་མཚོ་བོད་མཐོ་སྒང་གི“མེ་ཏོག་རེག་སྐུམ”ཞེས་ཀྱང་ཟེར།

     ཆུ་སྐྱེས་སྤང་རྒྱན་རྫུན་མ་ཡི་འདབ་མའི་རེག་ཚོར་ཁ་ཟུམ་སྣང་ཚུལ་ལ་སྐྱེ་དངོས་རིག་པའི་ཁྲོད་དུ་མེ་ཏོག་འདབ་མའི་འགུལ་སྐྱོད་སྣང་ཚུལ་ཟེར་ཞིང་། འདབ་མའི་འགུལ་སྐྱོད་ནི་རྩི་ཤིང་འཕྲོད་མཐུན་རང་བཞིན་འཕེལ་འགྱུར་བྱུང་བའི་མཇུག་འབྲས་ཡིན། རྩི་ཤིང་གི་འདབ་མ་འགུལ་སྐྱོད་བྱེད་པའི་རྒྱུ་རྐྱེན་གཙོ་བོ་ཞིག་ནི་རང་ཉིད་སྲུང་སྐྱོང་བྱས་ནས། རང་ཉིད་ཀྱི་འཚོ་གནས་དང་སྐྱེ་འཕེལ་གྱི་ལས་འགན་འགྲུབ་ཆེད་ཡིན།


རྩོམ་ཡིག་སྔོན་མ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1