ཞི་བདེ་ཉི་མའི་སྙན་རྩོམ་རིང་མོ་《གངས་ལྗོངས་སྨོན་ལམ་ཆེན་མོ།》ལ་ཁྱད་འཕགས་སྙན་རྩོམ་གྱི་བྱ་དགའ་ཐོབ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-17


བོད་ཀྱི་སྙན་ངག་པ་གྲགས་ཅན་ཞི་བདེ་ཉི་མའི་སྙན་རྩོམ་རིང་མོ་《གངས་ལྗོངས་སྨོན་ལམ་ཆེན་མོ།》ལ་ཁྱད་འཕགས་སྙན་རྩོམ་གྱི་བྱ་དགའ་ཐོབ།

  

          ཞི་བདེ་ཉི་མའི་སྙན་རྩོམ་རིང་མོ་《གངས་ལྗོངས་སྨོན་ལམ་ཆེན་མོ།》ཡི་རྒྱ་ཡིག་གི་པར་གཞི་ལ་ཉེ་ལམ་ཀྲུང་གོའི་སྙན་ངག་མཐུན་ཚོགས་དང་། ཀྲུང་གོའི་དྲ་ཚིགས་རྩོམ་རིག་ཚོགས་པ།     2014ལོའི་ཀྲུང་གོའི་དྲ་རྩོམ་ཉིང་བཏུས་རྩོམ་སྒྲིག་ཨུ་ཡོན་ལྷན་ཁང་སོགས་ཀྱིས་དཔྱད་གདམས་བརྒྱུད་དེ་ཁྱད་འཕགས་སྙན་རྩོམ་གྱི་བྱ་དགའ་ཐོབ་པར་མ་ཟད། (2014ལོའི་ཀྲུང་གོའི་དྲ་ཚིགས་རྩོམ་རིག་ཉིང་བཏུས།) ནང་གདམས་ཏེ་དངོས་སུ་པར་སྐྲུན་འགྲེམ་སྤེལ་བྱས་འདུག  

          སྙན་རྩོམ་འདིའི་བོད་ཡིག་གི་པར་གཞི་དེ། 2014ལོའི་གངས་རྒྱན་མེ་ཏོག་དེབ་གཉིས་པའི་སྟེང་བཀོད་ཡོད་ལ། དཔྱད་རྩོམ་ཆེད་བསྒྲིགས་ལེ་ཚན་དེབ་གསུམ་པའི་སྟེང་དུའང་བཀོད་ཡོད། །

 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1