མཐོ་སྒང་སློབ་མའི་ཕུགས་འདུན་འགྲུབ་ཕྱིར་སློབ་སྐྱོར་རོགས་སྐྱོར་གྱི་སྣེ་འཁྲིད་པ་བྱེད།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 06-14




ཁྲེང་ཏུའུ་ཝུན་ཅང་ཆུས་ཀྱི་སློབ་སྐྱོར་དགེ་རྒན་

ལི་ཞའོ་ཡི་གནས་ཚུལ་རགས་བཀོད། 


 

ལི་ཞའོ་ཡིས་གསེར་རྟ་རྫོང་གི་གསོ་སྦྱོང་ནང་ཞུགས་པའི་དགེ་རྒན་རྣམས་སྒྲིག་འཛུགས་དང་མཛུབ་ཁྲིད་བྱས་ཏེ་ཚོགས་ཆུང་བགོས་ནས་ཟབ་སྦྱོང་བྱེད་བཞིན་པའི་ཚུལ་རེད།


 

རྒྱལ་ཁབ་རིམ་པའི་གསོ་སྦྱོང་འཆར་གཞིའི་དྲྭ་ཐོག་ནས་ཐད་གཏོང་བྱེད་པའི་གཅིག་བསྡུས་སློབ་སྦྱོང་འཛིན་གྲྭའི་སློབ་འགོ་ཚུགས་པའི་མཛད་སྒོའི་ཡུལ་དངོས། 



        2022ལོའི་སྤྱི་ཟླ5པའི་ཚེས7ནས15ཉིན་བར། གསེར་རྟ་རྫོང་གིས་སི་ཁྲོན་ཞིང་ཆེན་གྱི་རྒྱལ་ཁབ་རིམ་པའི་གསོ་སྦྱོང་འཆར་གཞིའི་སློབ་ཆུང་སྐད་ཡིག་དུས་རིམ་གཉིས་པའི་གཅིག་སྡུད་གསོ་སྦྱོང་གི་བྱེད་སྒོ་སྤེལ་བ་རེད། ཁྲེང་ཏུའུ་གྲོང་ཁྱེར་ཝུན་ཅང་ཆུས་ཡུང་ཉིང་སློབ་ཆུང་ནས་ཡོང་བའི་གསེར་རྟ་རྫོང་སློབ་གསོ་ལུས་རྩལ་ཅུས་སུ་འགན་བཏགས་སྦྱོང་བརྡར་བྱེད་བཞིན་པ་དང་།རྒྱའི་སྐད་ཡིག་གི་སློབ་དཔྱོད་པ་དགེ་རྒན་ལི་ཞའོ་ཡིས་གསེར་རྟ་རྫོང་གི་ཕུལ་བྱུང་སྐད་ཡིག་དགེ་རྒན39སྣེ་ཁྲིད་དེ་དུས་ཡུན་ཉིན9རིང་ལ་རྒྱལ་ཁབ་རིམ་པའི་གསོ་སྦྱོང་བདེ་བླག་ངང་འགྲུབ་པ་རེད།

        2020ལོའི་སྤྱི་ཟླ8པར་ལི་ཞའོ་བློ་ཐག་ཆོད་པོས་གསེར་རྟ་རྫོང་དུ་སློབ་སྐྱོར་བྱེད་དུ་སྐྱོད་པ་རེད། ལོ་གཉིས་ཙམ་རིང་ཁོས་ལ་དུག་ཕོག་ནས་གཟུགས་པོ་མི་བདེ་བ་དང་། ཕ་ཡུལ་གྱི་གཉེན་ཉེ་དང་ཐག་རིང་བྲལ་ཏེ་སེམས་ཁམས་མི་བདེ་བ། ལས་འགན་འགྱུར་ལྡོག་ཕྱིན་ནས་ལས་ཀ་སྒྲུབ་མི་བདེ་བ་སོགས་ཀྱི་དཀའ་ངལ་ཁྱད་བསད་བྱས་ནས། འབད་བརྩོན་ལྷོད་མེད་དང་དཀའ་ངལ་ཁྱད་བསད་ཀྱིས་སློབ་སྐྱོར་དགེ་རྒན་ཞིག་གི་དུས་རབས་ཀྱི་ལས་འགན་བསྒྲུབས་དང་སྒྲུབ་བཞིན་ཡོད་པར་བརྟེན། ཝུན་ཅང་དང་གསེར་རྟའི་སློབ་གསོའི་རོགས་སྐྱོར་གྱི་མི་སེམས་འགུལ་བའི་གཏན་རྒྱུད་མུ་མཐུད་ནས་བྲིས་བཞིན་ཡོད་པ་རེད།


 ཀ འཚམས་འདྲི་བྱས་ཞོར་བརྟག་དཔྱད་ཞིབ་འཇུག་བྱས་ཏེ་བརྩེ་སེམས་ཟབ་མོས་རོགས་སྐྱོར་བྱས།

        གསེར་རྟ་ལ་ཐོན་མ་ཐག་པའི་དུས་སུ་ཝུན་ཅང་དང་བསྡུར་ན་ལས་ཀའི་ཁོར་ཡུག་དང་ལས་ཀའི་ནང་དོན་མི་འདྲ་ཞིང་། ལྷག་པར་དུ་ལས་གྲྭ་དང་པོར་སློབ་ཁྲིད་བྱེད་མཁན་ནས་སློབ་དཔྱོད་ཁང་གི་ཞིབ་འཇུག་ལས་ཀ་སྒྲུབ་མཁན་ཞིག་ཏུ་གྱུར། ལི་ཞའོ་ཡིས་ལས་ཞོར་གྱི་དུས་ཚོད་བེད་སྤྱད་ནས་སློབ་གསོའི་གསུང་རྩོམ་གྲགས་ཅན་འབོར་ཆེན་ཞིབ་ཀློག་བྱས་པ་དང་ཆབས་ཅིག། 《སློབ་ཁྲིད་བརྟག་ཐབས་སྨྲ་བ》ནས《སློབ་གསོའི་འདུ་ཤེས་གསར་པ》ལ་སོགས་པ་ཞིབ་ཀློག་བྱས་ནས་ཟིན་བྲིས་འབོར་ཆེན་བཀོད་པར་མ་ཟད། སློབ་ཁྲིད་ཞིབ་འཇུག་གི་ལག་ལེན་ཁྲོད་ཚོད་ལྟ་བྱས་ནས་རང་ངོས་ཀྱི་ལས་སྒོའི་འཇོན་ནུས་རྒྱུན་མི་ཆད་པར་ཆེ་རུ་བཏང་སྟེ། གསེར་རྟ་རྫོང་གི་བྱང་ཆ་ཡོད་མཁན་དང་གསར་གཏོད་ཀྱི་ནུས་པ་ཡོད་མཁན། ཤུགས་རྐྱེན་ལྡན་པའི་སློབ་དཔྱོད་པ་ཞིག་ཏུ་རིམ་བཞིན་གྱུར་བ་རེད།

        སློབ་ཁྲིད་ཀྱི་རྒྱུ་ཆ་ཨང་དང་པོ་ཁོང་དུ་ཏན་ཏིག་ཆུད་པའི་ཆེད་དུ། ལོ་གཉིས་ཀྱང་མ་འགོར་བའི་དུས་ཚོད་ནང་རིམ་རྩིས་བྱས་ན་ལི་ཞའོ་ཉིན75ལ་གཞི་རིམ་དུ་ཕྱིན་ནས་སློབ་གྲྭར་འགྲོ་ཐེངས160ལ་སླེབས་ཡོད་པས། ཐག་རིང་ལུང་ཁུག་ཡུལ་ཤོག་གི་སློབ་གྲྭར་བསྐྱོད་དེ་སློབ་ཚན་ཉན་པ་དང་སློབ་ཚན་སྤེལ་བ། སློབ་ཁྲིད་ལ་ལྟ་སྐུལ་མཛུབ་ཁྲིད་བཅས་བྱེད་པ་དང་ཐ་ན་དགེ་རྒན་དང་སློབ་མ་ཚོ་དང་མཉམ་ཟ་མཉམ་སྡོད་བྱས་ནས་ཞིབ་འཇུག་དང་མཛུབ་ཁྲིད་བྱས་པ་རེད། གྲོང་སྡེ་དགེ་རྒན་གྱི་གཅེས་སེམས་དང་འགན་འཁྲིའི་བསམ་པ། སློབ་གསོ་བཅས་ཀྱི་བརྩེ་སེམས་ལས་ཁོ་ལ་སེམས་འགུལ་ཟབ་མོ་ཐེབས་པར་མ་ཟད། ཁོའི་གསེར་རྟ་དང་སློབ་གསོར་ཞབས་འདེགས་ཞུ་བའི་ཆོད་སེམས་སྔར་བས་བརྟན་དུ་ཕྱིན་པ་རེད། ཁོས་འབད་འབུངས་ཧུར་ཐག་བྱས་ཏེ་ཝུན་ཅང་ཆུས་ཀྱི་སློབ་གྲྭ་དང་གསེར་རྟ་རྫོང་གི་སློབ་གྲྭར་ཁ་གཏད་རོགས་སྐྱོར་བྱས་ནས་སློབ་ཁྲིད་དང་གསོ་སྦྱོང་བྱེད་སྒོར་ཁྲིད་སྟོན་བྱེད་པ་དང་། གསེར་རྟའི་དགེ་རྒན་དང་སློབ་མར་དགོས་གཏུགས་ཆེ་ཤོས་ཀྱི་འཚོ་བའི་དངོས་ཟོག་བསྐྱལ་ནས་ཁོ་ཚོའི་དངོས་ཡོད་གནད་དོན་ཐག་གཅོད་བྱེད་རོགས་བྱས་པ་རེད།


 ཁ སྐད་ཡིག་སློབ་དཔྱོད་ཇུས་འགོད་ལ་གསར་གཏོད་བྱས།

        སློབ་དཔྱོད་ཁང་དུ་སྣ་མང་རྙོག་འཛིང་ཆེ་བའི་ལས་ཀའི་མདུན་དུ་ལི་ཞའོ་ཡིས་ཞིབ་འཇུག་དང་མཛུབ་ཁྲིད། ཞབས་ཞུ་བཅས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་སྐད་ཡིག་སློབ་དཔྱོད་ཀྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་རེད།

        ལི་ཞའོ་ཡིས་སྐད་ཡིག་སློབ་ཚན་གྱི་དགེ་རྒན་གྲགས་ཅན་ལས་དོན་ཁང་འཛུགས་རྒྱུའི་འབོད་སྐུལ་བྱས་ནས་ད་ཆར་ལས་དོན་ཁང་གི་ཁོངས་མི10ཡོད་ཅིང་། ཟླ་བ་རེ་རེར་མོས་ལས་དོན་ཁང་གི་ཁོངས་མི་འཁྲིད་དེ་གསེར་རྟ་རྫོང་གི་ཐག་རིང་ཤོས་དང་སློབ་ཁྲིད་ནུས་པ་ཞན་ཤོས་ཀྱི་སློབ་གྲྭར་བསྐྱོད་དེ་སློབ་ཁྲིད་སྤེལ་བ་དང་དགེ་རྒན་གྲགས་ཅན་གྱི་འཆད་ཁྲིད་བྱེད་སྒོ་སྤེལ་ནས་ས་གནས་དེ་གའི་དགེ་སློབ་ཚོའི་དགའ་བསུ་དང་གདེང་འཇོག་ཡག་པོ་ཐོབ་པ་རེད། ལི་ཞའོ་ཡིས་ད་དུང་ཁ་གཏད་རོགས་སྐྱོར་གྱི་སློབ་གསོའི་ཐོན་ཁུངས་འདོན་སྤེལ་གང་ལེགས་བྱས་ཏེ། ཇུས་འགོད་དང་སྒྲིག་འཛུགས་བྱས་ནས་སློབ་ཁྲིད་བྱེད་སྟངས་ལེགས་འགྱུར་དང་སློབ་ཁང་གི་རྒྱུན་སྲོལ་ཚད་ལྡན། སློབ་ཁང་གི་ལས་ཕྱོད་ཆེ་རུ་གཏོང་བ་བཅས་ཀྱིས་བརྗོད་བྱ་གཙོ་བོར་བྱས་ཏེ། གསེར་རྟ་དང་ཁྲེང་ཏུའུ་ཝུན་ཅང་། ཀྲེ་ཅང་ཅའོ་ཅང་བཅས་ཕྱོགས་གསུམ་གྱི་ཕུལ་བྱུང་སློབ་གསོའི་ཐོན་ཁུངས་ཀྱི་སྐད་ཡིག་སློབ་གསོ་ཞིབ་འཇུག་བྱེད་སྒོ་སྤེལ་ནས་རྫོང་ཡོངས་ཀྱི་སྐད་ཡིག་དགེ་རྒན་ལ་སྤེལ་རེས་ཀྱི་སྟེགས་བུ་བཏོད་པ་རེད། ཁོས་ད་དུང་རྫོང་དེའི་སྐབས་དང་པོའི་སློབ་གྲྭ་འབྲིང་ཆུང་གི་སྐད་ཡིག་སློབ་ཚན་དྲྭ་རྒྱའི་ཐད་གཏོང་སློབ་ཚན་བཀོད་སྒྲིག་བྱས་ནས་བརྒྱུད་རིམ་ཧྲིལ་པོར་དྲྭ་རྒྱའི་ཐོག་ནས་ཐད་གཏོང་བྱེད་པའི་སློབ་ཁྲིད་ཞིབ་འཇུག་བྱེད་སྟངས་ཐོག་མར་མངོན་འགྱུར་བྱུང་ནས་རྫོང་དེའི་དྲྭ་རྒྱའི་ཐོག་ནས་སློབ་ཁྲིད་ཞིབ་འཇུག་སྤེལ་རེས་བྱ་རྒྱུའི་འགོ་བཙུགས་པ་རེད། མིག་སྔར་རྫོང་དེས་དྲྭ་རྒྱའི་ལས་སྟེགས་བརྒྱུད་ནས་སློབ་ཚན་ཁག་གི་སློབ་ཁྲིད་ཞིབ་འཇུག་མཉམ་སྤྱོད་དང་དགེ་རྒན་གསོ་སྦྱོང་བྱེད་སྒོ་ཐེངས་མང་སྤེལ་ནས་སློབ་མ་ཚང་མ་དེའི་ནང་ཞུགས་ནས་ཕན་པ་ཐོབ་པའི་སློབ་དཔྱོད་ཀྱི་ཕུགས་འདུན་མངོན་འགྱུར་བྱུང་ཡོད་པ་རེད།


 ག ས་གནས་དེ་གའི་དགེ་རྒན་དཔུང་སྡེ་འཛུགས་སྐྱོང་བྱས།

        སློབ་སྐྱོར་རོགས་སྐྱོར་བྱ་རྒྱུ་ནི་བྱེད་ཐབས་ཤིག་ཡིན་ཞིང་ཕུལ་དུ་བྱུང་ཞིང་སོར་གནས་ཐུབ་ལ་བྲལ་མི་འགྲོ་བའི་ས་གནས་དེ་གའི་དགེ་རྒན་དཔུང་སྡེ་ཞིག་འཛུགས་རྒྱུ་ནི་རོགས་སྐྱོར་གྱི་དམིགས་ཡུལ་ཡིན་པ་རེད། ལི་ཞའོ་ཡིས་མ་སྐུལ་དང་བླངས་ཀྱིས་སྐད་ཡིག་སློབ་ཚན་གྱི་གསོ་སྦྱོང་བྱ་སྤྱོད་ནང་ཧུར་ཐག་ཞུགས་ནས་ས་གནས་དེ་གའི་སྐད་ཡིག་དགེ་རྒན་དཔུང་སྡེ་འཛུགས་སྐྱོང་བྱ་རྒྱུར་རམ་འདེགས་བྱས་པ་རེད།

        ལི་ཞའོ་དང་སློབ་གྲྭ་གཉིས་ཀྱི་སྐད་ཡིག་དགེ་རྒན་གསུམ་གྱིས་དགེ་སློབ་བསྒྲིགས་ནས། རོགས་རམ་དང་བརྒྱུད་སྤྲོད། ཁྲིད་སྟོན་བཅས་བྱས་ནས་གཟའ་འཁོར་རེ་རེར་དགེ་ཕྲུག་གི་སློབ་ཁང་དུ་བསྐྱོད་དེ་དགེ་ཕྲུག་གི་སློབ་ཁྲིད་ལས་ཀར་མཛུབ་ཁྲིད་བྱས་ཏེ། རང་ཉིད་ཀྱི་ལས་ཀའི་མྱོང་ཚོར་དང་ཉམས་མྱོང་བརྒྱུད་སྤྲོད་བྱས་པས་ཁོ་ཚོའི་སློབ་གསོའི་འདུ་ཤེས་དང་བྱ་ཐབས་ལ་འགྱུར་ལྡོག་ཆེ་ཙམ་བྱུང་ཡོད། དེའི་ནང་རྫོང་གྲོང་སློབ་ཆུང་གི་དགེ་རྒན་ཁྲེན་ཆིན་ནི་གསེར་རྟ་རྫོང་སྐད་ཡིག་དགེ་རྒན་གྲགས་ཅན་གྱི་ལས་དོན་ཁང་གི་སྣེ་ཁྲིད་པ་ཞིག་ཏུ་གྱུར་ཡོད།

        ལི་ཞའོ་ཡིས་ད་དུང་གཟའ་མཇུག་དང་དགུན་ཁའི་གུང་གསེང་དང་དབྱར་ཁའི་གུང་གསེང་གི་དུས་ཚོད་གང་ལེགས་སྤྱད་དེ་རྫོང་དེའི་དགེ་རྒན་ཚོར་འཆད་ཁྲིད་དང་གསོ་སྦྱོང་བྱས་ནས་རང་ཉིད་ཀྱི་ལོ་བཅོ་བརྒྱད་རིང་གི་ལས་གྲྭ་དང་པོའི་སློབ་ཁྲིད་ཉམས་མྱོང་དང་འདུ་ཤེས་མཉམ་སྤྱོད་བྱས་པ་རེད། ཁོས་གསེར་རྟ་རྫོང་སློབ་ཆུང་གི་དགེ་རྒན་གྱི་སློབ་ཁྲིད་རྩལ་ནུས་མཐོར་གཏོང་གི་གསོ་སྦྱོང་ལས་ཀའི་ནང་ཧུར་ཐག་ཞུགས་ནས་ཉིན3ནང་གཞོན་ནུ་དགེ་རྒན80ལ་སློབ་དེབ་གསལ་འགྲེལ་དང་། ཉམས་མྱོང་མཉམ་སྤྱོད། ཚོད་ཁྲིད་དཔེ་སྟོན། སློབ་ཚན་དཔྱད་བསྡུར་སྤེལ་རེས་བཅས་ཀྱི་གསོ་སྦྱོང་དུམ་མཚམས་བཞི་དང་དགེ་རྒན་གྱི་ནུས་པ་ཚད་ལེན་ཚོད་ལྟ་ཐེངས་གཅིག་བྱས་པར་མ་ཟད། གསེར་རྟ་རྫོང་གི་ཕུང་བྱུང་དགེ་རྒན80སྣེ་ཁྲིད་བྱས་ནས་དུས་ཡུན་ཉིན16རིང་གི2022ལོའི་གསེར་རྟ་རྫོང་སློབ་ཆུང་གི་དགེ་རྒན་དགུན་ཁའི་གུང་གསེང་ནང་ཝུན་ཅང་དུ་གསོ་སྦྱོང་ནང་ཞུགས་པ་དང་། སྐད་ཡིག་ལེགས་གཏོང་འཛིན་གྲྭའི་དགེ་རྒན40ལ་དུས་ཡུན་ཉིན6རིང་གི་སྐད་ཡིག་སློབ་གཞི་གསོ་སྦྱོང་བྱས་པ་རེད།

        ལི་ཞའོ་ཏན་ཏན་ཏིག་ཏིག་དང་གསར་འབྱེད་ཡར་བརྩོན་གྱི་སློབ་གསོའི་རོགས་སྐྱོར་ལས་ཀ་སྤེལ་བས་གསེར་རྟ་རྫོང་གི་སྐད་ཡིག་སློབ་ཁྲིད་ཀྱི་ནུས་པ་བརྟན་པོའི་ངང་ཆེ་རུ་ཕྱིན་ཞིང་། ན་ནིང་ཁོ་ལ་སྔོན་རྗེས་སུ་ཕུང་བྱུང་གསོ་སྦྱོང་དགེ་རྒན་དང་གསེར་རྟ་རྫོང་གི་ཕུལ་བྱུང་སློབ་སྐྱོར་དགེ་རྒན་གྱི་མཚན་སྙན་ཐོབ་པ་རེད།

        ན་ནིང་སྤྱི་ཟླ9པར་ཁོས་སློབ་སྐྱོར་མཇུག་འགྲིལ་ནས་ཝུན་ཅང་དུ་ལོག་ཆོག་མོད། འོན་ཀྱང་གསེར་རྟ་རྫོང་སློབ་གསོ་ཅུས་ཀྱིས་ཁོ་བཞུགས་སུ་བཅུག་པ་དང་ཁོས་ཕ་ཡུལ་གཉིས་པར་བཅངས་པའི་དགའ་ཞེན་གྱི་དབང་གིས་ཁོས་སླར་ཡང་གསེར་རྟའི་སློབ་གསོར་རྒྱབ་སྐྱོར་བྱས་པ་རེད། ཁོས་གསེར་རྟ་སློབ་གསོར་རོགས་རམ་བྱེད་པའི་ཐོག་མའི་བསམ་འདུན་དང་ལས་འགན་སྔར་བཞིན་བསྲུངས་ནས། གསེར་རྟ་སློབ་གསོའི་ལས་གྲྭའི་ལས་རོགས་ཚོ་དང་ལག་གདང་སྦྲེལ་ནས་མདུན་སྐྱོད་དང་ཕུགས་འདུན་དོན་གཉེར་གྱིས་མདུན་སྐྱོད་བྱས་ཏེ་མཐོ་སྒོང་གི་ཕྲུ་གུ་ཚོར་རང་ཉིད་ཀྱི་རྒྱང་རིང་ཕུགས་བསམ་མངོན་འགྱུར་བྱེད་རོགས་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1