སྲིད་གྲོས་སྡེ་དགེ་རྫོང་ཨུ་ཡོན་ལྷན་ཁང་གིས་ཧུར་ཐག་གིས་སྨན་བཅོས་འགན་སྲུང་གི་དཔྱད་བསྡུར་བྱེད་སྒོ་སྤེལ་བ།

ལྷ་མཚོ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 06-24


 

         ཉེ་ཆར་སྡེ་དགེ་རྫོང་སྲིད་གྲོས་ཀྱིས་སྲིད་གྲོས་ཨུ་ཡོན་དང་ལས་ཁུངས་་ཀྱི་ལས་བྱེད་པ།     གཞན་ལས་འཁྱུར་ངལ་གསོ་བྱས་པའི་ལས་བྱེད་པ་རྒན་གྲས་ཁ་ཤས་བཅས་གདན་ཞུས་བྱས་ནས།  སྨན་བཅོས་འགན་སྲུང་ལས་དོན་གྱི་ཆེད་དོན་བཞུགས་མོལ་ཚོགས་འདུ་འཚོགས།  རྫོང་སྲིད་གྲོས་ཀྲུའུ་ཞི་གཞོན་པ་བཀྲ་ཤིས་མཚོས་གཙོ་འགན་བཞེས་ཞིང་གསུང་བཤད་གནང་བ། ཚོགས་འདུ་ཐོག་ཐོག་མ་སྡེ་དགེ་རྫོང་སྨན་བཅོས་འགན་སྲུང་ཅུས་ཀྱིས་ཉེ་བའི་ལོ་ཤས་རིང་གི་ལས་དོན་སྒྲུབ་ཚུལ་སྙན་ཞུ་ཕུལ་བ་དང་། དེ་རྗེས་ཚོགས་ཞུགས་ཨུ་ཡོན་དང་ལས་ཁུངས་ཀྱི་ལས་བྱེད་པ།  ལས་འཁྱུར་ངལ་གསོ་བྱས་པའི་ལས་བྱེད་པ་རྒན་གྲས་བཅས་ཀྱིས་སྨན་བཅོས་འགན་སྲུང་ལས་དོན་ཐད་གྲོས་མོལ་གླེང་མོལ་བྱས་ནས།   རིན་ཐང་ལྡན་པའི་བསམ་འཆར་དང་གྲོས་འགོ་མང་ཙམ་འདོན་པ་མ་ཟད།  དམངས་གཙོས་དཔྱད་སྡུར་གྱི་ལས་ཀ་སྤེལ་བ་རེད། གཞན་ཡང་སྡེ་དགེ་རྫོང་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་བསམ་གཏན་གྱིས་ལས་སྒྲུབ་རུ་ཁག་སྣེ་ཁྲིད་དེ་ས་ཁུལ་དང་ཤང་སོ་སོར་སོང་ནས་སྨན་བཅོས་འགན་སྲུང་ཐད་བརྟག་དཔྱད་ཞིབ་འཇུག་གི་ལས་དོན་སྤེལ་བ། ཐེངས་འདིའི་བརྟག་དཔྱད་ཞིབ་འཇུག་ལས་ཀས་ཞིང་འབྲོག་མང་ཚོགས་དང་ངོ་བཅར་འཚམས་འདྲི་མིའི་ཐེངས་གྲངས་་༥༦སྤེལ་ཞིང་། མང་ཚོགས་དང་ངོ་ཐུག་གདོང་འཕྲད་ཀྱིས་བསམ་ཚུལ་བརྗེ་རེས་བྱས་ནས་བསམ་འཆར་དང་གྲོས་འགོ་བསྡུ་ལེན་བྱས་ནས། བརྟག་དཔྱད་ཞིབ་འཇུག་གིས་སྙན་ཞུ་བཟོས་པ་དང་། གོང་རིམ་འབྲེལ་ཡོད་ལས་ཁུངས་ལ་ཕུལ་ཏེ།  རྗེས་མ་སྨན་བཅོས་འགན་སྲུང་གི་ལས་དོན་དེ་བས་ཡག་པོའི་སྒོ་ནས་སྤེལ་ཐུབ་ཕྱིར་ནུས་པ་ངེས་ཅན་བཏོན་ཡོད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1