བསྐྱར་དར་རྟགས་ཅན་ཤར་གཏོང་ཐུབ་ནས་ལོ1འཁོར་བར་རྟེན་འབྲེལ་ཞུ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།བོད་ལྗོངས་ཉིན་ཚགས། སྤེལ་དུས། 06-28



 

བསྐྱར་དར་རྟགས་ཅན་གྱི་མེ་འཁོར་ཤར་གཏོང་ཐུབ་ནས་ལོ་གཅིག་འཁོར་བར་རྟེན་འབྲེལ་ཞུ་བཞིན་པ།

    ཟླ་6ཚེས་25ཉིན། ལྷ་ས་ནས་ཉིང་ཁྲི་བར་གྱི་ལྕགས་ལམ་ཤར་གཏོང་ཐུབ་ནས་ལོ་གཅིག་འཁོར་ཞིང་། ལོ་གཅིག་རིང་ལྷ་ཉིང་ལྕགས་ལམ་གྱིས་རིམ་རྩིས་བྱས་ན་འགྲུལ་པ་མི་ཐེངས་ཁྲི་113.7དང་དངོས་ཟོག་ཏུན་ཁྲི་4.78སྐྱེལ་འདྲེན་བྱས་པས། ལམ་རྒྱུད་ཀྱི་མི་རིགས་ཁག་གི་མི་དམངས་མང་ཚོགས་ཀྱི་འགྲོ་སྐྱོད་སྟབས་བདེ་རུ་སོང་བ་དང་སྦྲགས། གངས་ལྗོངས་ས་མཐོ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་ཐུབ་ནས། དམངས་ཕྱུག་བོད་དར་གྱི་ནུས་པ་ཉིན་རེ་བཞིན་མངོན་གསལ་དོད་དུ་འགྲོ་བཞིན་ཡོད།

 

མེ་འཁོར་གྱི་འགྲུལ་ཞབས་པས་འགྲུལ་པར་འཐུང་ཆུ་སྤྲོད་བཞིན་པ།

    ངོ་སྤྲོད་བྱས་པར་གཞིགས་ན། 2021ལོའི་ཟླ་6ཚེས་25ཉིན་བོད་རང་སྐྱོང་ལྗོངས་ཀྱི་གློག་རླངས་ཅན་གྱི་ལྕགས་ལམ་དང་པོ་སྟེ། ལྷ་ཉིང་ལྕགས་ལམ་དུ་མེ་འཁོར་ཤར་གཏོང་ཐུབ་ནས་བོད་ཀྱི་ཤར་ལྷོའི་ས་ཁུལ་དུ་ལྕགས་ལམ་ཤར་གཏོང་ཐུབ་མེད་པའི་ལོ་རྒྱུས་རྦད་དེ་མཇུག་འགྲིལ་བ་དང་། བསྐྱར་དར་རྟགས་ཅན་གྱི་ས་མཐོའི་ཤུགས་འགྲེམས་མེ་འཁོར་འཛམ་གླིང་ཡང་རྩེར་ཤར་གཏོང་ཐུབ་ཡོད། ལོ་གཅིག་རིང་ལྷ་ཉིང་ལྕགས་ལམ་བརྟན་པོའི་ངང་འཁོར་སྐྱོད་ཐུབ་པ་དང་འགྲུལ་ཟོག་སྐྱེལ་འདྲེན་གྱི་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ཡོད།

 

འགྲུལ་པས་བསྐྱར་དར་རྟགས་ཅན་གྱི་མེ་འཁོར་མདུན་དུ་པར་རྒྱག་བཞིན་པ།

    ལྷ་ས་ནས་ཉིང་ཁྲི་བར་ཉིན་ལྟར་ཤུགས་འགྲེམས་མེ་འཁོར་ཐེངས་4དང་ཤིན་ཏུ་མྱུར་བའི་ཐད་གཏོང་མེ་འཁོར་ཐེངས་2གཏོང་གི་ཡོད་པ་དང་། གཞིས་རྩེ་ནས་ཉིང་ཁྲི་བར་ཤུགས་འགྲེམས་མེ་འཁོར་ཐེངས་2གཏོང་གི་ཡོད་པས། ཉིན་རེར་འགྲུལ་པ་མང་ཤོས་སྐབས་མི་ཐེངས་4300ལྷག་ཙམ་སྐྱེལ་འདྲེན་བྱེད་ཀྱི་ཡོད་པ་དང་། ལམ་རྒྱུད་ཀྱི་འགྲུལ་པའི་འགྲོ་སྐྱོད་ལ་སྟབས་བདེ་ཆེན་པོ་བསྐྲུན་ཡོད།

    ལྷ་ཉིང་ལྕགས་ལམ་གྱིས་ལམ་རྒྱུད་གྲོང་ཁྱེར་དབར་གྱི་འགྲུལ་བཞུད་ཀྱི་དུས་ཚོད་ཐུང་དུ་ཕྱིན་པ་དང་། བོད་ཤར་ལྷོའི་དབུས་རྒྱུད་ཁུལ་དང་ལྗོངས་ཕྱིའི་མི་ཕར་འགྲོ་ཚུར་འོང་དང་དཔལ་འབྱོར་ཚོང་དོན་སྤེལ་རེས་ཟབ་ཏུ་ཕྱིན་ཡོད་ལ། ལྷ་ས་དང་ཉིང་ཁྲི་སོགས་གྲོང་ཁྱེར་གྱི“ཆུ་ཚོད་གསུམ་གྱི་དཔལ་འབྱོར་འཁོར་རྒྱ”རགས་ཙམ་ཆགས་ནས་དམངས་ཕྱུག་བོད་དར་ལ་སྒུལ་ཤུགས་ཆེན་པོ་བསྣན་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1