མཚོ་སྔོན་གྱི་ཤྭ་བ་གསོ་ཚགས་ར་བར་བཅར་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 06-29


 

        ཟླ་6ཚེས་24ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་ཏ་ཐུང་རྫོང་ཁོངས་ཀྱི་མཚོ་སྔོན་ཞིང་ཆེན་འབྲི་གཡག་གསོ་སྤེལ་ཁྱབ་གདལ་ཞབས་ཞུའི་ལྟེ་གནས་ཀྱི་ཤྭ་བ་གསོ་ཚགས་ར་བར་བཅར་འདྲི་བྱས། ཤེས་རྟོགས་བྱུང་བར་གཞིགས་ན། དུས་རབས་20པའི་ལོ་རབས་70པར། ཤྭ་བ་གསོ་ཚགས་ར་བ་དེས་ཆོག་མཆན་ཐོབ་པ་བརྒྱུད་མི་ཐབས་ལ་བརྟེན་ནས་རི་སྐྱེས་ཤྭ་བ་གསོ་ཚགས་བྱས་པ་དང་། སྔ་རྗེས་སུ་ཅི་ལིན་དང་། ཞིན་ཅང་། པེ་ཅིང་བཅས་དང་དེ་བཞིན་མཚོ་སྔོན་ཞིང་ཆེན་མདོ་ལ་དང་ཡུལ་ཤུལ་སོགས་ནས་ཤྭ་བ་ནང་འདྲེན་བྱས་ཏེ། མི་ཐབས་ལ་བརྟེན་ནས་འདུལ་གསོ་རྒྱུད་སྤེལ་ཚན་ཞིབ་ལས་དོན་སྤེལ་བ་རེད། མིག་སྔར། མི་ཐབས་ལ་བརྟེན་ནས་གསོ་ཚགས་བྱས་པའི་ཤྭ་བ་300ལྷག་ཙམ་ཡོད་པ་དེའི་ནང་ཤྭ་དམར་དང་། ཤྭ་ཁྲ། ཤྭ་སྐྱ་བཅས་ཚུད་ཡོད་པ་རེད། པར་འདི་ནི་ཤྭ་ཁྲ་རེད།  

  

  

  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1