འདབ་པའི་འཁྲབ་སྟོན་ཆེ་གྲས་འདི་ལ་ལྟ་མཁན་བྱེ་བ3འདུག

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 06-30


        སྤྱི་ཟླ6པའི་ཚེས28ཉིན་འདབ་པ་རྫོང་གིས་གླུ་གར་གྱི་རྒྱ་མཚོ་འཁྱིལ་ཞིང་གློག་འོད་ཀྱི་མུ་ཏིག་བཀྲམ་ནས་ཁུལ་ཡོངས་ཀྱི་རིག་གནས་དང་ཡུལ་སྐོར་འཕེལ་རྒྱས་ཚོགས་ཆེན་འཚོག་པར་བསུ་མ་ཞུས་པ་རེད། 

 འདབ་པའི་འཁྲབ་སྟོན་ཆེ་གྲས་འདི་ལ་ལྟ་མཁན་བྱེ་བ3འདུག།  

     ཀུང་གུང་འདབ་པ་རྫོང་ཨུ་དང་འདབ་པ་རྫོང་མི་དམངས་སྲིད་གཞུང་གིས་བློ་རྩེ་གཅིག་སྒྲིམ་གྱིས་གསར་གཏོད་བྱེད་པའི་ཕན་རོགས་གླུ་གཞས་ཚན་པ་མཉམ་སྤྱོད་སྟོན་ཚོགས་དང་རོལ་དབྱངས།ཞབས་བྲོ། སྙན་ངག། རི་མོ་སོགས་གཅིག་ཏུ་འཛོམས་པའི་འཁྲབ་ཚན་ཆེ་གྲས《སོ་སྲུང་ཁྲོད་ཀྱི་འདབ་པ》ཞེས་པ་དེ་འདབ་པ་རྫོང་དུ་འཁྲབ་སྟོན་བྱས་པ་རེད། སྒྱུ་རྩལ་གྱི་རྣམ་པའི་ཐོག་ནས་འདབ་པའི་རིག་གནས་ཡུལ་སྐོར་ཐོན་ཁུངས་ཕུན་སུམ་ཚོགས་པ་དང་བློ་གཅིག་སེམས་གཅིག་གིས་མཉམ་དུ་འཕེལ་རྒྱས་དོན་དུ་གཉེར་བའི་བསམ་པའི་ཉམས་འགྱུར་མངོན་ཡོད་ཅིང་། ཡིད་ཆེས་བརྟན་པོ་དང་བྱ་ཐབས་ཏན་ཏིག་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་པར་བསུ་མ་ཞུས་པ་རེད། ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ།ཁུལ་དཔོན་ཧྥུང་ཧྥ་ཀུའེ།ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཧྲུའུ་ཏ་ཁྲུན།ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ལེ་ཅན་ཕིང་སོགས་མགོ་ཁྲིད་འདབ་པ་རྫོང་མང་ཚོགས་དང་མཉམ་དུ་ཡུལ་དངོས་སུ་འཁྲབ་སྟོན་ལ་གཟིགས་པ་རེད། 

 གླུ་སྐད་སྙན་མོ་མཁའ་ལ་མཆེད།། སྟངས་སྟབས་གར་གྱི་དཔལ་ལ་རོལ།། 

     འཁྲབ་ཚན་ཧྲིལ་པོ་ལོ་ངོ་འབུམ་གཅིག་ཁྲི་གསུམ་སྔོན་གྱི་ཕན་རོགས་གཞིས་དམངས་ཀྱི་སྣང་ཚུལ་མཚོན་པའི་གཙོ་དོན་གསར་རྩོམ་ཞབས་བྲོ《ཕན་རོགས་ཞབས་བྲོ》ཞེས་པ་ནས་འགོ་ལེགས་པར་ཚུགས། 

 འདབ་པའི་འཁྲབ་སྟོན་ཆེ་གྲས་འདི་ལ་ལྟ་མཁན་བྱེ་བ3འདུག།  

《རྨི་ལམ་ནས་ཕན་རོགས་ལ་ལོག་པ།》《གནའ་རྡོས་སྐད་ཆ་བཤད་ཤེས།》《འདབ་པའི་གཏམ་རྒྱུད་ངོ་མཚར་ཅན།》《ལོ་ལེགས་ཀྱི་ཞབས་བྲོ》《གྱང་བྲོ།》སོགས། 

  

འདབ་པའི་འཁྲབ་སྟོན་ཆེ་གྲས་འདི་ལ་ལྟ་མཁན་བྱེ་བ3འདུག། 

སྙན་ཞིང་འཇེབས་པའི་གླུ་སྐད་དང་། སྟངས་སྟབས་ངོམ་པའི་ཞབས་བྲོ་རེ་རེས།  ཡུལ་དངོས་ཀྱི་ལྟད་མོ་བའི་ཡིད་སེམས་དགའ་བདེའི་དཔལ་ལ་བཀོད། 

 འདབ་པའི་འཁྲབ་སྟོན་ཆེ་གྲས་འདི་ལ་ལྟ་མཁན་བྱེ་བ3འདུག། 

    བོད་ཀྱི་གཞས་པ་གྲགས་ཅན་ཡ་དུང་གི《སྒྲོལ་མ》དང་དབྱིས་རིགས་ཀྱི་གཞས་པ་ཨའོ་ཅེ་ཨ་ཀེའི《ཤར་རིའི་མཛེས་མ》སོགས་འཁྲབ་སྟོན་གྱི་ཕྲ་རྒྱན་དུ་ཕུལ་ཡོད་པ་རེད། 

  

 འདབ་པའི་འཁྲབ་སྟོན་ཆེ་གྲས་འདི་ལ་ལྟ་མཁན་བྱེ་བ3འདུག། 

     དོ་དགོང་གི་འཁྲབ་སྟོན་ནང་ང་ཚོས་ད་དུང་སྤྱི་ཟླ5པའི་ཚེས27ཉིན་དངོས་སུ་ཁྱབ་བསྒྲགས་བྱས་པའི་ཕན་རོགས་ཏེ་གསར་རྙེད་དང་ཧུར་སྐྱོད་ཅེས་པའི་གླུ་གཞས་ཁ་ཤས་ཀྱང་མཉམ་དུ་དྲངས་ནས་ཡུལ་དངོས་ཀྱི་ལྟད་མོ་བར་འོད་སྣང་ཁྲོད་ཡུལ་དུས་ལ་འགྱུར་ལྡོག་ཕྱིན་པ་དང་ལོ་འབུམ་གཅིག་ཁྲི་གསུམ་གོང་གི་ཕན་རོགས་ཀྱི་མཛེས་སྡུག་ཉམས་སུ་མྱོང་དུ་འཇུག་རྒྱུ་ཡིན་ཞེས་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་དེ་ལྟར་བྱས་པ་རེད། 

 འདབ་པའི་འཁྲབ་སྟོན་ཆེ་གྲས་འདི་ལ་ལྟ་མཁན་བྱེ་བ3འདུག། 

     ལྟད་མོ་བའི་ཐལ་མོའི་རྡེབ་སྒྲ་དང་དགའ་འབོད་ཀྱི་ཁྲོད་དུ་སྐར་མ90ཡི་དུས་ཡུན་གྱི་འཁྲབ་སྟོན《ཉི་སྟེན་ལ་ཡིད་སྨོན་བྱེད་པ》ཞེས་པའི་གླུ་སྐད་སྙན་མོ་ཁྲོད་ནས་མཇུག་ལེགས་པར་གྲོལ། 

 འདབ་པའི་འཁྲབ་སྟོན་ཆེ་གྲས་འདི་ལ་ལྟ་མཁན་བྱེ་བ3འདུག། 

     དེ་རིང་གི་མཚན་ཚོགས་ཧ་ཅང་ཕུན་སུམ་ཚོགས་པོ་འདུག། ངས་དཀར་མཛེས་ཁུལ་དང་འདབ་པ་རྫོང་ལ་རྒྱུས་མངའ་སྔར་ལས་ལྷག་པ་བྱུང་སོང་། འདབ་པ་རྫོང་ལ་དམིགས་བསལ་དུ་ཡོད་པའི་གནམ་རིག་ཚན་ཞིབ་དང་། གངས་རིའི་སྣོད་བཅུད། ཡི་གེ་མ་བྱུང་གོང་གི་རིག་གནས་སོགས་ཐོན་ཁུངས་ཀྱིས་དཀར་མཛེས་ཁུལ་རིག་གནས་ཡུལ་སྐོར་འཕེལ་རྒྱས་ལ་གསོན་ཤུགས་གསར་པ་སྣོན་ངེས་ཡིན་པར་མ་ཟད། དཀར་མཛེས་ཁུལ་གྱི་རིག་གནས་དང་ཡུལ་སྐོར་འཕེལ་རྒྱས་ཐད་ལའང་ས་གཤིས་ཀྱི་མཚོན་རྟགས་གསར་པ་གཏོད་ངེས་ཡིན་པའི་ཡིད་ཆེས་ཡོད་ཅེས་ཁྲེང་ཏུའུ་ནས་ཡོང་བའི་ཡུལ་སྐོར་བ་སྐུ་ཞབས་ལི་ལགས་ཀྱིས་དེ་ལྟར་བཤད།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1