ཝང་དབྱང་གིས་མཚོ་སྔོན་དུ་རྟོག་ཞིབ་གནང་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། སྤེལ་དུས། 07-01



ཝང་དབྱང་གིས་མཚོ་སྔོན་དུ་རྟོག་ཞིབ་གནང་སྐབས་སྤུས་ཚད་མཐོ་བ་དང་ཚད་གཞི་མཐོ་བའི་སྒོ་ནས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་བྱ་བ་ལེགས་པོར་སྒྲུབ་ཏེ། བོད་འབྲེལ་ཁུལ་དང་རྫོང་གིས་ཕྱོགས་ཡོངས་ནས་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་གོ་རིམ་ཁྲོད་རྗེས་སུ་མི་ལུས་པར་རོགས་འདེགས་བྱེད་དགོས་པར་བསྟན། 



 


ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའམ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་ཉེ་ལམ་མཚོ་སྔོན་ཞིང་ཆེན་ནས་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་བྱ་བར་རྟོག་ཞིབ་གནང་། འདི་ནི་ཟླ6པའི་ཚེས29ཉིན་ཝང་དབྱང་གིས་ཟི་ལིང་གྲོང་ཁྱེར་གྱིས་མཁར་གྲོང་འཛུགས་སྐྲུན་ཁྲོད་ལོ་རྒྱུས་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་ལ་ཤུགས་སྣོན་པའི་གཙོ་གནད་གྲོས་གཞིར་སྐུལ་སྒྲུབ་བྱེད་པའི་གླེང་མོལ་གྲོས་ཚོགས་ལ་མགོ་འཛིན་གནང་།  


         ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའམ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་ཉེ་ལམ་མཚོ་སྔོན་ཞིང་ཆེན་ནས་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་བྱ་བར་རྟོག་ཞིབ་གནང་། ཁོང་གིས་ནན་གྱིས་བསྟན་དོན། དུས་རབས་གསར་བའི་ཏང་གི་བོད་སྐྱོང་སྲིད་ཇུས་ལ་གོ་བ་གཏིང་ཟབ་བླངས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་གཙོ་ཐིག་ཏུ་འཛིན་རྒྱུ་རྒྱུན་འཁྱོངས་དང་། མཚོ་སྔོན་ལ་རོགས་སྐྱོར་བྱེད་པར་བྱ་བའི་བསམ་ཕྱོགས་གསར་གཏོད་བྱས་ནས། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ཕྱོགས་བསྡུས་ཕན་འབྲས་མཐོར་བཏེགས་ཏེ། བོད་འབྲེལ་ཁུལ་དང་རྫོང་གིས་ཕྱོགས་ཡོངས་ནས་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་གོ་རིམ་ཁྲོད་རྗེས་སུ་མི་ལུས་པར་རོགས་འདེགས་བྱེད་དགོས།

        ཚེས27ཉིན་ནས་ཚེས28ཉིན་བར། ཝང་དབྱང་ཟི་ལིང་གྲོང་ཁྱེར་དང་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་ཕེབས་ཏེ། ཧྲང་ཧེ་ཡིས་རོགས་སྐྱོར་འཛུགས་སྐྲུན་བྱས་པའི་ཟི་ལིང་མགོ་ལོག་སློབ་འབྲིང་དང་། ཐེན་ཅིན་གྱིས་ཁ་གཏད་རོགས་སྐྱོར་བྱས་པའི་གཅན་ཚ་རྫོང་གི་བདེ་སྐྱིད་སྡེ་བའི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས། ཁོང་གིས་ནན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་ནས་བཟུང་། འབྲེལ་ཡོད་ཞིང་ཆེན་དང་གྲོང་ཁྱེར་སོ་སོ་དང་། ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས་དང་ཀྲུང་དབྱང་ཁེ་ལས་ཀྱིས་ཕྱོགས་ཡོངས་ནས་ཏང་ཀྲུང་དབྱང་གི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་འཆར་འགོད་ལས་འགན་ཡོངས་སུ་དོན་འཁྱོལ་བྱས་པས། ཁྱབ་ཁོངས་སོ་སོའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་བླངས་ཤིང་། མཚོ་སྔོན་གྱིས་རྒྱལ་ཡོངས་དང་དུས་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པར་བྱས་རྗེས་བཞག་ཡོད། མདུན་སྐྱོད་ཀྱི་ལམ་བུ་གསར་བའི་སྟེང་། སྔར་ལས་ལྷག་པར“ཁྲག་གསོའི”བྱེད་ནུས་ལ་ཤུགས་སྣོན་པར་མཐོང་ཆེན་དང་། རོགས་སྐྱོར་བྱ་ཡུལ་གྱི་ཁྱད་ལྡན་ལེགས་ཆའི་ཐོན་ལས་དང་ཁྲོམ་ར་རྒྱ་བསྐྱེད་པར་རོགས་རམ་བྱས་ནས། མི་རིགས་ས་ཁུལ་དེང་རབས་ཅན་དང་ཐུན་མོང་འབྱོར་ཕྱུག་གི་ལམ་དུ་བསྐྱོད་པའི་བགྲོད་ལམ་འཚོལ་ཞིབ་བྱེད་དགོས། སྔར་ལས་ལྷག་པར་རིག་ནུས་རོགས་སྐྱོར་ལ་མཐོང་ཆེན་གནང་སྟེ། སློབ་གསོས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་། མི་རིགས་ས་ཁུལ་མང་ཚོགས་ཀྱིས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་དང་ལས་ཞུགས་ནུས་རྩལ་ཁོང་དུ་ཆུད་པར་རོགས་སྐྱོར་བྱེད་དགོས། སྔར་ལས་ལྷག་པར་གྲངས་ཉུང་མི་རིགས་ཀྱི་མང་ཚོགས་རྣམས་དབུས་ཤར་ས་ཁུལ་དུ་སོང་ནས་སློབ་གྲྭ་འགྲིམ་པ་དང་ལས་ཞུགས་ལས་སྐྲུན་བྱེད་པར་རོགས་སྐྱོར་དང་། ཡོང་སྒོ་འཕར་སྣོན་དང་ཕྱུག་འགྱུར་གྱི་ཐབས་ལམ་རྒྱ་བསྐྱེད་དེ། རིགས་སོ་སོའི་མི་དམངས་རྣམས་ཕན་ཚུན་བརྗེ་རེས་དང་མཉམ་འདྲེས་བྱེད་པར་སྐུལ་འདེད་གཏོང་དགོས།

 


ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའམ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་ཉེ་ལམ་མཚོ་སྔོན་ཞིང་ཆེན་ནས་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་བྱ་བར་རྟོག་ཞིབ་གནང་། འདི་ནི་ཟླ6པའི་ཚེས27ཉིན་ཝང་དབྱང་ཧྲང་ཧེ་ཡིས་རོགས་སྐྱོར་འཛུགས་སྐྲུན་བྱས་པའི་ཟི་ལིང་མགོ་ལོག་སློབ་འབྲིང་དུ་རྟོག་ཞིབ་གནང་བཞིན་པའི་ཚུལ་རེད། 

        ཝང་དབྱང་གིས་སྔ་གཞུག་ཏུ་མཚོ་སྔོན་བོད་ཀྱི་རིག་གནས་རྟེན་མཛོད་གླིང་དང་རེབ་གོང་ཀླུ་སྒྲུབ་སྒྱུ་རྩལ་གླིང་། སྣང་ར་སྟོང་དཔོན་གཞིས་ཀ་དང་མགུར་དགོན་པ་བཅས་སུ་རྟོག་ཞིབ་གནང་སྟེ། ལོ་རྒྱུས་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་གནས་ཚུལ་ལ་རྒྱུས་ལོན་གནང་། ཚེས29ཉིན་ཟི་ལིང་གྲོང་ཁྱེར་གྱིས་མཁར་གྲོང་འཛུགས་སྐྲུན་ཁྲོད་ལོ་རྒྱུས་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་ལ་ཤུགས་སྣོན་པའི་གཙོ་གནད་གྲོས་གཞིར་སྐུལ་སྒྲུབ་བྱེད་པའི་གླེང་མོལ་གྲོས་ཚོགས་བསྡུས། ཁོང་གིས་ནན་གྱིས་བསྟན་དོན། ལོ་རྒྱུས་རང་རྟོགས་ལ་ཤུགས་སྣོན་པ་དང་རིག་གནས་ཡིད་ཆེས་བརྟན་པོར་གཏོང་བའི་མཐོ་ཚད་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ལོ་རྒྱུས་རིག་གནས་ཤུལ་བཞག་ལ་སྲུང་སྐྱོང་དང་རྒྱུན་འཛིན་བྱེད་དགོས་པའི་ཐད་ཀྱི་རྣམ་བཤད་གལ་ཆེན་ལ་གོ་བ་གཏིང་ཟབ་ལེན་པ་དང་། ཏང་ཀྲུང་དབྱང་གི་འབྲེལ་ཡོད་སྲིད་ཇུས་དང་བཀོད་སྒྲིག་དོན་འཁྱོལ་བྱས་ནས། མུ་མཐུད་དུ་མི་དམངས་སྲིད་གྲོས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས།

        གྲོས་མོལ་ཚོགས་འདུའི་སྟེང་། ཨུ་ཡོན7གྱིས་བརྟག་དཔྱད་དང་ཞིབ་འཇུག་གཏིང་ཟབ་བྱས་པའི་རྨང་གཞིའི་སྟེང་གྲོས་མོལ་བརྗོད་གཞིར་དམིགས་ནས་གཏམ་བཤད། ཚང་མས་ཉེ་བའི་ལོ་འགའི་རིང་ས་གནས་སོ་སོའི་སྡེ་ཁག་གིས་ལོ་རྒྱུས་རིག་གནས་ཤུལ་བཞག་ལ་སྔ་ན་མེད་པའི་སྲུང་སྐྱོང་བྱས་ལ། བྱེ་བྲག་གི་བྱ་བའི་ཁྲོད་སྔར་བཞིན་ཐག་གཅོད་བྱེད་དགོས་པའི་གནད་དོན་ཡོད་པས། རིག་དངོས་སྲུང་སྐྱོང་བཅའ་ཁྲིམས་དང་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་ཤུལ་བཞག་བཅའ་ཁྲིམས་བཟོ་བཅོས་བྱེད་ཚད་ཇེ་མགྱོགས་སུ་གཏོང་བ་དང་། ས་གནས་རང་བཞིན་གྱི་ཁྲིམས་སྲོལ་བཟོས་ནས། སྲུང་སྐྱོང་ཁྱབ་ཁོངས་དང་རྒྱུན་འཛིན་བྱེད་ཐབས་འོས་འཚམ་ངང་གཏན་འཁེལ་བྱེད་དགོས། ལོ་རྒྱུས་རིག་གནས་ཤུལ་བཞག་ལ་ཡོངས་བཤེར་བྱེད་པ་དང་། འགུལ་མེད་རིག་དངོས་ཀྱི་གཞི་གྲངས་མཛོད་འཛུགས་དགོས། ལོ་རྒྱུས་རིག་གནས་ཤུལ་བཞག་གི་ཞིབ་འཇུག་ལ་ཤུགས་བསྣན་ཏེ། དེའི་ཁྲོད་ཀྱི་ལོ་རྒྱུས་གཏམ་རྒྱུད་དང་རིག་གནས་རིན་ཐང་། བསམ་བློའི་ནང་དོན་སྔོག་འདོན་བྱེད་དགོས། སྲུང་སྐྱོང་དང་བཀོལ་སྤྱོད་གཅིག་གྱུར་བྱེད་པ་རྒྱུན་འཁྱོངས་དང་། ལོ་རྒྱུས་རིག་གནས་ཤུལ་བཞག་བེད་སྤྱོད་བྱེད་པ་དེ་དེང་རབས་སྤྱི་ཚོགས་ནང་འདྲེས་པར་སྐུལ་འདེད་གཏོང་དགོས། ནོར་སྲིད་མ་དངུལ་ལ་འགན་སྲུང་བྱེད་པའི་སྒྲིག་གཞི་བཙུགས་ཏེ། ཁེ་ལས་དང་ཚོགས་པ། མི་སྒེར་བཅས་ཀྱི་མ་དངུལ་ཚུར་འགུག་བྱེད་པ་དང་། འཕེལ་རྒྱས་ཅུང་ཞན་པའི་ས་ཁུལ་དང་གཞི་རིམ་ས་ཁུལ་ལ་མ་དངུལ་གཏོང་ཚད་ཇེ་མང་དུ་གཏོང་དགོས། སྲོལ་རྒྱུན་བཟོ་རྩལ་གྱི་འཇོན་མི་སྐྱེད་སྲིང་བྱ་རྒྱུ་དང་། ལྷག་པར་དུ་གནའ་བོའི་བཟོ་སྐྲུན་དང་འབྲེལ་ཡོད་རིག་དངོས་ཉམས་གསོ་བྱེད་པའི་འཇོན་མི་སྐྱེད་སྲིང་བྱེད་པར་མཐོང་ཆེན་བྱེད་དགོས། སྡེ་ཁག་གི་བྱེད་ནུས་དང་འགན་འཁྲི་གསལ་འབྱེད་བྱས་ཏེ་བྱ་བའི་མཉམ་ཤུགས་དངོས་གནས་ཆགས་པར་བྱེད་དགོས།

        མཚོ་སྔོན་ཞིང་ཆེན་ཏང་ཨུའི་འགན་འཁུར་བློ་མཐུན་གཙོ་བོས་ལོ་རྒྱུས་རང་བཞིན་ལྡན་པའི་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་སྐོར་གྱི་གནས་ཚུལ་ངོ་སྤྲོད་བྱས། གྲོས་གཞི་འགན་སྒྲུབ་ལས་ཁུངས་ཏེ་སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་པུའུ་དང་ནོར་སྲིད་པུའུ། རིག་གནས་དང་ཡུལ་སྐོར་པུའུ། རྒྱལ་ཁབ་རིག་དངོས་ཅུའུ་བཅས་ཀྱི་འགན་འཁུར་བློ་མཐུན་གྱིས་གྲོས་གཞི་ལས་སྒྲུབ་ཀྱི་འཕེལ་རིམ་ངོ་སྤྲོད་བྱས་པ་མ་ཟད། ཨུ་ཡོན་གྱིས་བཏོན་པའི་གནད་དོན་དང་བསམ་འཆར་ལ་ལན་བཏབ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1