ཨུ་རུ་སུས་ས་ཆ་འདི་ནས་དམག་ཕྱིར་འཐེན་བྱ་རྒྱུ་བསྒྲགས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 07-04



    ཨུ་རུ་སུའི་རྒྱལ་སྲུང་པུའུ་ཡིས་ཟླ་6ཚེས་30ཉིན་སྤྱི་བསྒྲགས་སྤེལ་ནས། ཨུ་རུ་སུའི་རྒྱལ་ཕྲན་མཉམ་འབྲེལ་གྱི་དྲག་ཆས་སྟོབས་ཤུགས་ཀྱིས་ཧྲེ་ཏའོ་གླིང་ཕྲན་གྱི་དམིགས་འཛུགས་ལས་འགན་ལེགས་གྲུབ་བྱས་ཟིན་པ་མ་ཟད། ཉིན་དེར་དེ་གའི་བཅའ་སྡོད་དམག་དཔུང་ཕྱིར་འཐེན་བྱས་ཞེས་བཀོད་ཡོད་པ་རེད། 

ཨུ་རུ་སུའི་རྒྱལ་སྲུང་པུའུ་ཡིས་དེ་ནི་ཨུ་རུ་སུའི་སེམས་བཟང་གི་བྱེད་ཐབས་ཤིག་ཡིན་པ་མ་ཟད། དེར་བརྟེན་ནས་རྒྱལ་སྤྱིའི་སྤྱི་ཚོགས་ལ་ཨུ་རུ་སུའི་རྒྱལ་ཕྲན་མཉམ་འབྲེལ་གྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་མི་ཆོས་རིང་ལུགས་ཀྱི་བར་ཁྱམས་བསྐྲུན་ནས་ཞིང་ལས་ཐོན་རྫས་ཡུག་རེན་ལ་སྐྱེལ་འདྲེན་བྱེད་པའི་འབད་བརྩོན་ལ་འགོག་རྐྱེན་བཟོས་མེད་ཅེས་ནན་བཤད་བྱས་པ་རེད། 

   ཨུ་རུ་སུའི་རྒྱལ་སྲུང་པུའུ་ཡིས་ཨུ་རུ་སུའི་དམག་དཔུང་ཧྲེ་ཏའོ་གླིང་ཕྲན་ནས་ཕྱིར་འཐེན་བྱས་རྗེས། ཅི་ཕུའུ་ཡིས་ཨུ་རུ་སུས་ཧེ་ཧའེ་ནུབ་བྱང་རྒྱུད་ཀྱི་ས་ཁུལ་རྦད་དེ་ཚོད་འཛིན་བྱས་ནས་འབྲུ་རིགས་ཕྱིར་གཏོང་བྱེད་ཐབས་བྲལ་བ་རྒྱུ་མཚན་དུ་བྱས་ནས་འབྲུ་རིགས་ཉམས་ཉེན་ལ་འཕྲད་པ་འུད་སྒྲོག་བྱེད་མི་ཆོག ད་ཆ་ཡུག་རེན་ཕྱོགས་ཀྱི་བྱ་སྤྱོད་ལ་དོ་ཁུར་བྱེད་དགོས་ཀྱང་། ཡུག་རེན་ཕྱོགས་ཀྱིས་སྔར་བཞིན་ཧེ་ཧའེ་རྒྱུད་གཙང་བཤེར་བྱས་མེད་ལ། དེའི་གྲུ་ཁའི་ཉེ་འགྲམ་ཆུ་ཁོངས་ཀྱང་ཚུད་ཡོད།

   ཡུག་རེན་གྱི་ཙུང་ཐུང་གཞུང་དོན་ཁང་གི་འགན་འཁུར་བ་ཡེར་མ་ཁེ་ཡིས་ཀྱང་ཉིན་དེར་གནས་ཚུལ་སྤེལ་ནས། ཡུག་རེན་གྱི་དྲག་ཆས་དཔུང་སྡེའི་བྱ་སྤྱོད་ཀྱི་དབང་གིས་ཨུ་རུ་སུའི་དམག་དཔུང་ཧྲེ་ཏའོ་གླིང་ཕྲན་ནས་ཁ་བྲལ་ཞེས་བཤད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1