ལྷ་སའི་ཟམ་ཆེན་འདི་བསྐྲུན་ནས་ལེགས་པར་གྲུབ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 07-04


 

   གནས་ཚུལ་གསར་ཤོས། ལྷ་སའི་ཁོངས་ཀྱི་ཆུ་བརྒལ་ཟམ་ཆེན་གཞན་ཞིག་སྟེ་གཙང་རལ་ཟམ་ཆེན་གྱི་ཨར་ལས་གྲུབ་ནས་རླངས་འཁོར་ཤར་གཏོང་ཐུབ་པ་རེད། 

གཙང་རལ་ཟམ་ཆེན་ནི་2020ལོའི་ཟླ་4པར་དངོས་སུ་སྐྲུན་འགོ་ཚུགས་ཤིང་། ཁྱོན་མ་དངུལ་སྒོར་དུང་ཕྱུར་3.12བཏང་བ་དང་། ལམ་ཐིག་གི་སྤྱིའི་རིང་ཚད་ལ་སྨི་905ཡོད་པ། ཕྱོགས་གཉིས་དང་འཁོར་ལམ་དྲུག་ཡོད་པའི་གྲོང་ཁྱེར་གྱི་མ་ལམ་འཆར་འགོད་ཚད་གཞི་སྤྱད་པ། ཟམ་པའི་ཚད་ལྡན་ཆད་ངོས་ཀྱི་ཞེང་ཚད་ལསྨི་38.5ཡོད་པ། ལམ་རྒྱུད་དུ་གློག་ཤུགས་དང་དེ་བཞིན་འཕྲིན་གཏོང་སྦུག་ཤུར་དང་། ཆུ་འབུད་མདོང་ལམ་སོགས་སྒྲིག་སྦྱོར་ཚང་བའི་སྒྲིག་བཀོད་བཀོད་སྒྲིག་བྱས་ཡོད་པ་རེད། 

   གཙང་བྲན་ཟམ་ཆེན་གྱི་འགོ་འཛུགས་ས་ནི་ལྷ་སའི་སྐྱིད་ཆུའི་བྱང་ངོགས་ནས་ཡིན་པ་དང་། གསར་དུ་བསྐྲུན་པའི་ཆུ་ངོགས་ལམ་དང་གཙང་རལ་ལམ་སྦྲེལ་ཏེ་ལྷོ་ངོས་ཀྱི་ལྷ་སའི་སྐྱིད་ཆུ་བརྒལ་མཐར། ལྷ་སའི་ལྷོ་ངོས་ཀྱི་སྐོར་ལམ་དང་མཐུད་ཡོད། མིག་སྔར་ལས་གཞི་དེ་ཡོངས་སུ་ཨར་ལས་གྲུབ་ནས་རླངས་འཁོར་ཤར་གཏོང་ཐུབ་སྟེ་ལྷ་ས་གྲོང་ཁྱེར་གྱི་ལྷོ་བྱང་གྲོང་ཁུལ་སྦྲེལ་མཐུད་བྱ་བྱེད་ཀྱི་ཆུ་སྒྲོལ་ཟམ་ཆེན་གཞན་ཞིག་ཏུ་གྱུར་ཡོད།   

  

   ལས་གཞིའི་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། གཙང་རལ་ཟམ་ཆེན་ཐོག་མཛེས་ལྗོངས་སྲུང་ར་དང་ངལ་གསོ་ཁྱམས་ཁང་4ཆེད་དུ་ཇུས་འགོད་བྱས་ཡོད་ལ། ད་དུང་ཚོན་མདོག་ཅན་གྱི་མཛེས་ལྗོངས་གློག་སྒྲོན་ཁུལ་ཡང་བཀོད་སྒྲིག་བྱས་པ་སྟེ། ལམ་སྒྲོན་གྱི་ཕྱི་དབྱིབས་ནི་ལྷ་སའི་སྐྱིད་ཆུའི་ཆུ་བྱ་ལྟར་ཇུས་འགོད་བྱས་པའི་ཐོག་ནས་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཡོང་བ་མཚོན་ཡོད། གཙང་རལ་ཟམ་ཆེན་བསྐྲུན་ཚར་རྗེས། གྲོང་མིའི་འགྲོ་སྐྱོད་སྟབས་བདེ་ཡོང་བ་མ་ཟད། ད་དུང་གྲོང་ཁྱེར་གྱི“ཤར་སྣུར་ནུབ་སྐྱེད་ལྷོ་བརྒལ་”འཕེལ་རྒྱས་དམིགས་ཚད་ཀྱང་མགྱོགས་སུ་གཏོང་ཐུབ་པ་མ་ཟད། བྱང་གྲོང་ཁུལ་དང་ཤར་གྲོང་ཁུལ་གསར་པ། དེ་བཞིན་དུ་སྣེའུ་ཁུལ་གསར་བཅས་བར་གྱི་འབྲེལ་བར་སྔར་བས་ཤུགས་སྣོན་བརྒྱབ་སྟེ། ལྷ་སའི་ཟམ་ཆེན་དང་། སྣེའུ་ཟམ་ཆེན། རྔ་ཆེན་ཟམ་ཆེན་བཅས་ཀྱི་འགྲིམ་འགྲུལ་གནོན་ཤུགས་ཆུང་དུ་བཏང་ནས་གྲོང་ཁྱེར་འཕེལ་རྒྱས་ཀྱི་བར་མཐོངས་རྒྱ་ཆེར་གཏོང་བ་དང་གྲོང་ཁྱེར་གྱི་ནུས་པ་དང་ཁོར་ཡུག་ལེགས་སུ་གཏོང་བའི་དམིགས་ཡུལ་གལ་ཆེན་འགྲུབ་ཡོད་པ་རེད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1