དཀར་མཛེས་ཁུལ་རིག་གནས་ཡུལ་སྐོར་འཕེལ་རྒྱས་ཚོགས་ཆེན་འཚོགས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 07-04



ཧྲེན་དབྱང་གིས་དཀར་མཛེས་ཁུལ་རིག་གནས་དང་ཡུལ་སྐོར་འཕེལ་རྒྱས་ཚོགས་ཆེན་དུ། 

 

རྒྱལ་སྤྱིའི་སྐྱེ་ཁམས་རིག་གནས་ཡུལ་སྐོར་བྱ་ཡུལ་མགྱོགས་སུ་བསྐྲུན་ཏེ། དཀར་མཛེས་ཁུལ་གྱི་རིག་གནས་ཡུལ་སྐོར་འཕེལ་རྒྱས་སྤུས་ཚད་མཐོན་པོར་ཡོང་བའི་རྣམ་པ་གསར་པ་གཏོད་དགོས་ཞེས་གསུངས།




      སྤྱི་ཟླ6ཚེས30ཉིན་ལ། དཀར་མཛེས་ཁུལ་རིག་གནས་དང་ཡུལ་སྐོར་འཕེལ་རྒྱས་ཚོགས་ཆེན་དེ་འདབ་པ་རྫོང་དུ་འཚོགས་ཤིང་། ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། ཁོང་གིས་རིག་གནས་དང་ཡུལ་སྐོར་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་དེ་བཞིན་སི་ཁྲོན་དུ་ཕེབས་ནས་རྟོག་ཞིབ་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླང་དགོས། ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པའི་སྙིང་དོན་ཕྱོགས་ཡོངས་ནས་ལག་བསྟར་དང་།འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་ནན་ཏན། སྲིད་ཇུས་ཀྱི་གོ་སྐབས་དམ་འཛིན། ཐོན་ཁུངས་རང་སྤུས་ལ་གཞི་ཚུགས་པ། མཉམ་འདྲེས་འཕེལ་རྒྱས་ལ་སྣང་ཆེན་བཅས་བྱས་ནས་རྒྱལ་སྤྱིའི་སྐྱེ་ཁམས་རིག་གནས་ཡུལ་སྐོར་བྱ་ཡུལ་གང་མགྱོགས་བསྐྲུན་ཏེ་དཀར་མཛེས་ཁུལ་གྱི་རིག་གནས་ཡུལ་སྐོར་འཕེལ་རྒྱས་སྤུས་ཚད་མཐོན་པོར་ཡོང་བའི་རྣམ་པ་གསར་པ་ཧུར་ཐག་གཏོད་དགོས་ཞེས་ནན་གསུང་གནང་བ་རེད།


 


དཀར་མཛེས་ཁུལ་རིག་གནས་ཡུལ་སྐོར་འཕེལ་རྒྱས་ཚོགས་ཆེན་ཡུལ་དངོས། 


      ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་དང་ཁུལ་དཔོན་ཧྥུང་ཧྥ་ཀུའེ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཧྲུའུ་ཏ་ཁྲུན་དང་། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ལེ་ཅན་ཕིང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཧྲི་ཀང་བཅས་ཚོགས་འདུར་ཞུགས་པ་རེད།

      གྲོས་ཚོགས་སུ་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་རིག་གནས་དང་ཡུལ་སྐོར་ལས་དོན་ལ་མཐོང་ཆེན་བྱས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་རབ་དང་རིམ་པ་གནང་བ་དང་། མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་ཞིང་།རིག་གནས་དང་ཡུལ་སྐོར་ལས་དོན་གྱི་རྩ་བའི་རང་བཞིན་དང་ཁ་ཕྱོགས་རང་བཞིན་གྱི་གནད་དོན་ལ་ཚན་རིག་དང་མཐུན་པར་ལན་བཏབ་གནང་བ་དང་། དུས་རབས་གསར་པའི་རིག་གནས་དང་ཡུལ་སྐོར་འཕེལ་རྒྱས་སྤུས་ཚད་མཐོན་པོར་ཡོང་བར་སྐུལ་འདེད་གཏོང་བའི་ལས་འགན་གསལ་བཤད་ཟབ་མོ་གནང་བས། ང་ཚོས་ལས་དོན་ལེགས་པོ་སྒྲུབ་པར་ཁ་ཕྱོགས་གསལ་སྟོན་དང་བརྩི་སྲུང་བྱེད་ས་འདོན་སྤྲོད་བྱས་ཡོད། ཞིང་ཆེན་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པའི་ཐོག་ཏུ་དཀར་མཛེས་ཁུལ་ལ་རིག་གནས་ཡུལ་སྐོར་གྱི་ས་རྟགས་གསར་པ་གཏོད་རྒྱུའི་ལས་འགན་བཏོན་ཡོད། རིམ་པ་ཁག་དང་སྡེ་ཚན་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ལག་བསྟར་དོན་འཁྱོལ་ལེགས་པོ་བྱ་རྒྱུ་དེ“གཏན་འཁེལ་གཉིས”ལ་བློ་དཀར་སེམས་དཀར་གྱིས་བརྩི་བཀུར་ཞུ་བ་དང་།“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་བྱེད་ཐུབ་པའི་མཚོན་ཚུལ་ཞིབ་ཕྲར་བརྩིས་ཏེ། ཆབ་སྲིད་ཀྱི་རང་རྟོགས་ཆེ་རུ་གཏོང་བ་དང་འཕེལ་རྒྱས་ཀྱི་ཆོས་ཉིད་སྟངས་འཛིན་བྱས་ནས་རིག་གནས་ཡུལ་སྐོར་གྱི་དཔལ་འབྱོར་ཕན་འབྲས་དང་། དམངས་འཚོའི་ཕན་འབྲས། སྐྱེ་ཁམས་ཀྱི་ཕན་འབྲས། སྤྱི་ཚོགས་ཀྱི་ཕན་འབྲས་བཅས་སྐུལ་སྤེལ་གང་ལེགས་བཏང་སྟེ་དུས་རབས་ཀྱི་ཁྱད་ཆོས་ལྡན་པ་དང་དཀར་མཛེས་ཁུལ་གྱི་ཁྱད་ཆོས་མངོན་པའི་རིག་གནས་དང་ཡུལ་སྐོར་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བའི་ལམ་བུ་གསར་པ་ཞིག་གཏོད་དགོས།


      ཚོགས་འདུར་བསྟན་དོན། དཀར་མཛེས་ཁུལ་གྱི་ཡུལ་སྐོར་ཐོན་ཁུངས་ཕུན་སུམ་ཚོགས་པ་དང་། རིག་གནས་ཀྱི་ནང་དོན་གཏིང་ཟབ་པ། སྐྱེ་ཁམས་ཀྱི་ལེགས་ཆ་མངོན་གསལ་དོད་པ་བཅས་ཡོད་པས་ཐུན་མོང་མ་ཡིན་པའི་ལྷན་སྐྱེས་ལེགས་ཆ་ལྡན་ཡོད། ཉེ་བའི་ལོ་ཤས་རིང་། ང་ཚོས་རིག་གནས་ཡུལ་སྐོར་ལས་རིགས་དེ་གཙོ་རྟེན་ཐོན་ལས་ཤིག་ཏུ་བརྩིས་ནས་དམ་འཛིན་བྱ་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ཤིང་། རིག་གནས་ཐོན་ལས་དང་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཀྱི་ངར་ཤུགས་ཆེན་པོ་ལྡན་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་དང་། མང་ཚོགས་འབབ་འཕར་ཕྱུག་འགྱུར། མི་རིགས་ཁག་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་ནུས་པ་གལ་ཆེན་ཐོན་ཡོད། ལྷག་པར་དུ་རིམས་ནད་ཀྱི་རྡབ་རྡེག་ལ་ཁ་གཏད་དེ། ང་ཚོས་དཀའ་ངལ་སེལ་བའི་བྱེད་ཐབས་རབ་དང་རིམ་པ་བཏོན་ནས་ཡུལ་སྐོར་ལས་རིགས་ཀྱི་ལས་རྣམ་ཕུན་སུམ་ཇེ་ཚོགས་སུ་བཏང་བ་དང་། ཡུལ་སྐོར་གྱི་སྤུས་རྟགས་གྲགས་ཅན་སྐྱེད་སྲིང་བྱས་པ། ཞབས་ཞུའི་སྤུས་ཚད་མཐོ་རུ་བཏང་བ།རིག་གནས་དང་ཡུལ་སྐོར་ཐོན་ལས་སླར་གསོ་ཡོང་བའི་འཕེལ་ནུས་དང་སྒུལ་ནུས་བསགས་ནས། འཕེལ་རྒྱས་ཀྱི་མྱུར་བགྲོད་ལམ་བུའི་ཐོག་བསྐྱར་དུ་སྐྱོད་བཞིན་ཡོད། ད་སྔར། གོ་སྐབས་དང་འགྲན་སློང་མཉམ་དུ་གནས་པས། ང་ཚོས་ཡིད་ཆེས་དང་ཆོད་སེམས་བརྟན་དུ་བཏང་སྟེ་ཉམས་ཉེན་ཁྲོད་གོ་སྐབས་སྔོན་ལ་འཚོལ་བ་དང་། འགྱུར་ལྡོག་ཁྲོད་རྣམ་པ་གསར་པ་འབྱེད་ཅིང་། མི་འདང་ས་དང་ཞན་ཆ་གསབ་སྟེ་ཁུལ་ཡོངས་ཀྱི་རིག་གནས་དང་ཡུལ་སྐོར་ལས་རིགས་དེ་རྣམ་པ་ནས་ནང་དོན་དང་། ཕྱི་ཚུལ་ནས་གཏན་ཚིགས་བར་བསྐྱར་དུ་བཞེངས་པར་སྐུལ་འདེད་བཏང་སྟེ་རིག་གནས་ཡུལ་སྐོར་དེ་འཕེལ་རྒྱས་སྤུས་ཚད་མཐོན་པོར་ཡོང་བའི་ལམ་བུའི་ཐོག་བསྐྱོད་རྒྱུའི་འགན་ལེན་བྱ་དགོས།


      ཚོགས་འདུར་བསྟན་དོན། རིག་གནས་དང་ཡུལ་སྐོར་འཕེལ་རྒྱས་ཀྱི་གནས་བབ་གསར་པ་ཕྱོགས་ཡོངས་ནས་བསྐྲུན་དགོས། རིག་གནས་དང་ཡུལ་སྐོར་འཕེལ་རྒྱས་གཏོང་བའི་སྤྱིའི་བསམ་གཞི་ཁ་གསལ་བཟོ་བ་དང་། རྒྱལ་སྤྱིའི་སྐྱེ་ཁམས་རིག་གནས་ཡུལ་སྐོར་གྱི་བྱ་ཡུལ་གལ་ཆེན་བསྐྲུན་རྒྱུ་དམིགས་འབེན་དུ་བཟུང་ཞིང་།“འཕྲེད་རྒྱུག་རི་བོ་ཆེན་པོ་དང་། མཉམ་འདྲེས་ཆེན་པོ། མཛེས་ལྗོངས་ཆེན་པོ”བཅས་ཀྱིས་སྤྱི་འདོམས་བྱས་ཤིང་། རྒྱལ་ལམ318པ་ཀྲུང་གོའི་མཛེས་ལྗོངས་ལམ་ཆེན་མཛེས་ཤོས་དང་རྒྱལ་ལམ317པ་མཐོ་སྒང་དར་ལམ་རིག་གནས་རྒྱུད་ལམ་དུ་བྱ་རྒྱུ་གཙོ་སྙིང་དུ་བཟུང་ཞིང་།“ཁོངས་ཡོངས་དངོས་མང་བཤམ་སྟོན་ཁང་གི་ཁུལ”བསྐྲུན་རྒྱུ་རྨང་གཞིར་བྱེད་པ། འདབ་པའི་གནམ་དཔྱད་གནའ་རྫས་རྟོག་ཞིབ་སྤྱི་གླིང་བསྐྲུན་རྒྱུ་འཕར་གཞི་གསར་པར་བྱེད་ཅིང་། ཤམ་བྷ་ལ་ཆེན་པོ་དང་། གངས་དཀར་ཆེ་མོ། ཁམས་པའི་རིག་གནས། གསར་བརྗེའི་རིག་གནས་སོགས་ཐོན་ཁུངས་གཙོ་བོར་བརྟེན་ནས་ས་ཁོངས་ཧྲིལ་པོ་འཕེལ་རྒྱས་དང་དམངས་ཕན་དམངས་ཕྱུག་གི་དེང་རབས་རིག་གནས་ཡུལ་སྐོར་ཐོན་ལས་མ་ལག་ཅིག་ཆགས་པ་བྱ་དགོས། རིག་གནས་དང་ཡུལ་སྐོར་འཕེལ་རྒྱས་ཀྱི་འབྲེལ་བ་གལ་ཆེན་སྟངས་འཛིན་བྱས་ཏེ་རིག་གནས་དང་ཡུལ་སྐོར་དང་། བྱ་གཞག་དང་ཐོན་ལས། ཆ་ཤས་དང་ཁྱོན་ཡོངས། སྲུང་སྐྱོང་དང་གསར་སྤེལ་བཅས་ཀྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ནས་མཉམ་འདྲེས་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་དང་། དམངས་ཕྱུག་ཁུལ་སྟོབས་ལྡན་པའི་ལམ་བུའི་ཐོག། ས་ཁོངས་ཧྲིལ་པོའི་འཕེལ་རྒྱས་ལམ་བུའི་ཐོག། རྒྱུན་སྲིང་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བཅས་ཡག་པོ་བསྐྱོད་དགོས། རིག་གནས་དང་ཡུལ་སྐོར་འཕེལ་རྒྱས་ཀྱི་གཞི་རྟེན་མང་པོ་འཛུགས་པ། གནམ་རིག་ཚན་ཞིབ་དང་། གངས་རིའི་སྐྱེ་དངོས། ཡི་གེ་མ་བྱུང་གོང་གི་རིག་གནས་བཅས་སྤུས་རྟགས་གྲགས་ཅན་གསུམ་སྟོབས་ཆེར་གཏོང་བ་དང་། གཙོ་གནད་ལྗོངས་ཁུལ་གྱིས་རྐང་འཛིན་དང་ཟུར་རིམ་ལྗོངས་ཁུལ་གྱིས་ཁ་གསབ་བྱེད་པ། ལྟེ་བའི་གྲོང་ཁྱེར་གྱིས་འདེགས་སྐྱོར་བྱེད་པ་བཅས་ཀྱི་ཡུལ་སྐོར་བྱ་ཡུལ་མ་ལག་བཙུགས་ནས་གསར་བརྗེའི་རིག་གནས་དང་། བདེ་གསོ་སྤྲོ་གསེང་། ཡུལ་སྡེ་ཡུལ་སྐོར་སོགས་ཀྱི་ལས་རྣམ་དང་ཐོན་རྫས་འཕེལ་རྒྱས་ཤུགས་ཆེན་གཏོང་ཞིང་། ཡུལ་སྐོར་གྱི་གྲུབ་རྐྱེན་གཙོ་བོ་མཁོ་སྤྲོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དཀར་མཛེས་ཁུལ་གྱི་ས་ཁོངས་དང་མི་རིགས་ཀྱི་ཁྱད་ཆོས་མངོན་གསལ་དོད་པའི་རིག་གནས་གསར་གཏོད་ཐོན་རྫས་དེ་བས་མང་བ་བཏོན་ནས་རིག་གནས་དང་ཡུལ་སྐོར་གྱི་སྤུས་རྟགས་སྐད་གྲགས་ཆོད་ཚད་དང་མཚན་སྙན་ཐོབ་ཚད་མུ་མཐུད་ཆེ་རུ་གཏང་དགོས།


      ཚོགས་འདུར་བསྟན་དོན། ཕྱི་ནང་གཉིས་ཆ་ལེགས་པའི་སྤྱི་ཡོངས་ཀྱི་སྟོབས་ཤུགས་ཆེ་རུ་གཏོང་བར་ཤུགས་བརྒྱག་དགོས། དཀར་མཛེས་ཁུལ་གྱི་རིག་གནས་ཀྱི་ཤུགས་རྐྱེན་ཆེ་རུ་གཏོང་བ། ཁམས་པའི་རིག་གནས། མི་རིགས་རིག་གནས། གནའ་བོའི་ཚོང་འདྲེན་རྡལ་ལམ་བཅས་ཀྱི་རིག་གནས་དོན་སྙིང་སྔོག་འདོན་གཏིང་ཟབ་བྱེད་ཅིང་། བོད་རིགས་ཀྱི་ལ་གླུ་དང་། བོད་ཡིག་ཡིག་གཟུགས། མི་རིགས་ལག་ཤེས་བཟོ་རྩལ་སོགས་རྒྱལ་ཁབ་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག་བརྒྱུད་འཛིན་དང་དར་སྤེལ་བཏང་ནས་གནའ་རྫས་རྟོག་ཞིབ་ལས་དོན་དང་ལོ་རྒྱུས་རིག་གནས་ཞིབ་འཇུག་ལ་ཤུགས་བརྒྱབ་སྟེ་ས་གཤིས་མཛེས་ལྗོངས་དང་།ལོ་རྒྱུས་རྗེས་ཤུལ།གསར་བརྗེའི་རྟགས་མ།ཚན་ཞིབ་རྟེན་གཞི།ཁྱད་ཆོས་ཨར་སྐྲུན་སོགས་ཀྱི་ཐོན་ཁུངས་ལ་བརྟེན་ནས་ལམ་ཐིག་སྤུས་དག་དེ་བས་མང་བ་བསྐྲུན་ནས་རིག་གནས་དང་ཡུལ་སྐོར་ཐོན་ཁུངས་སྤུས་ཚད་མཐོན་པོས་འགྱུར་ལྡོག་འགྲོ་རྒྱུར་སྐུལ་འདེད་གཏང་དགོས། ས་ཁོངས་མཐུན་སྦྱོར་གྱི་སྐུལ་ཁྲིད་ནུས་པ་ཆེ་རུ་བཏང་ནས་ས་ཁོངས་ལེགས་ཆ་ལྡན་པས་རྗེས་ཐོན་ས་ཁུལ་ལ་སྐུལ་ཤུགས་སྤྲད་པ་དང་། ལྗོངས་ཁུལ་ཉམས་མྱོང་ཡོད་པས་ཐོན་ཁུངས་འདོན་རིན་ཡོད་པར་སྐུལ་ཁྲིད་བྱེད་ཅིང་། ཧེ་བག་ཡོད་པའི་སྒོ་ནས་རིག་གནས་ཡུལ་སྐོར་ཐོན་ལས་བཀོད་སྒྲིག་བྱས་ཏེ་ལམ་རྒྱུད་ཀྱི་ ལྗོངས་ཁུལ་དང་ལྗོངས་གནས་ཕྲེང་འབྲེལ་བྱས་ནས་མེ་ཏོག་མཉམ་བཞད་དང་ འཕེལ་རྒྱས་ལ་འགྲན་ཞིང་རྩོད་པའི་རྣམ་པ་གསོན་ཉམས་དོད་པ་ཞིག་ཆགས་པ་བྱ་དགོས། རིག་གནས་དང་ཡུལ་སྐོར་གྱི་ཕྱོགས་བསྡུས་འགྲན་རྩོད་ནུས་པ་ཆེ་རུ་བཏང་ནས་ཡུལ་བབ་དང་བསྟུན་ནས་གཙོ་དོན་མི་འདྲ་བའི་ཡུལ་སྐོར་ལམ་ཐིག་སྤུས་དག་དང་དྲྭ་ཐོག་ཡུལ་སྐོར་བྱ་ཡུལ་བཟོ་བ་དང་། མྱོང་རོལ་རང་བཞིན་དང་མཉམ་འགུལ་རང་བཞིན་ཆེ་བའི་རིག་གནས་ཡུལ་སྐོར་ལམ་ཐིག་དང་རིག་གནས་གསར་འཆར་རྣམ་གྲངས་དེ་བས་མང་བ་བསྐྲུན་ནས་སྤུས་ཚད་བཟང་ལ་སྙན་གྲགས་ཀྱང་ལྡན་པའི་རིག་གནས་དང་ཡུལ་སྐོར་སྤུས་རྟགས་ཁག་གཅིག་བཟོས་ཏེ་སྤུས་ཚད་མཐོན་པོའི་ཐོན་རྫས་ལ་བརྟེན་ནས་མང་ཚོགས་ཀྱི་དགའ་བསུ་ཐོབ་པ་དང་།འཛད་སྤྱོད་ཐོབ་པ། ཁྲོམ་ར་ཐོབ་པ་བཅས་བྱ་དགོས། རྨང་གཞིའི་སྒྲིག་བཀོད་ཀྱི་ཐེག་ནུས་ཆེ་རུ་གཏོང་བ། རིག་ལྡན་ཡུལ་སྐོར་གྱི་འཛུགས་སྐྱོང་མགྱོགས་སུ་གཏོང་ཞིང་། དར་མདོ་གནམ་གྲུ་ཐང་དང་། འདབ་པའི་ཉི་སྟེན་གནམ་གྲུ་ཐང་། གེ་སར་གནམ་གྲུ་ཐང་བཅས་ཀྱི་མཁའ་ལམ་རྒྱ་སྐྱེད་གཏོང་བ་དང་།“མཁའ་འགྲུལ་དང་སྒེར་འཁོར”སོགས་འཁོར་གཏོང་ཡུལ་སྐོར་ཞབས་ཞུ་འཕེལ་རྒྱས་ཤུགས་ཆེན་གཏོང་བ། རླངས་སྣོན་ས་ཚུགས་དང་གློག་གསོག་ཀ་བ་སོགས་རྨང་གཞིའི་འཛུགས་སྐྲུན་གསར་པ་ཁག་ཅིག་བཀོད་པ།“གསང་སྤྱོད་གསར་བརྗེ”དང་། ས་ཁོངས་ཡོངས་སུ་གད་སྙིགས་མེད་པའི་བྱ་སྤྱོད། མཐོ་གནོན་གསོ་རླུང་ཁང་བཅས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། ཞག་སྡོད་ལས་རིགས་དང་བཟའ་བཏུང་ལས་རིགས་ཀྱི་ཞབས་ཞུའི་སྤུས་ཚད་དང་འཕེལ་རྒྱས་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས་ཡུལ་སྐོར་བ་ཡོང་ཐུབ་པ་དང་། ཡུལ་སྐོར་དལ་ལྷོད་ལྷོད་བྱེད་པ། སྐྱིད་པོ་འཁྱམ་ཐུབ་པ་བཅས་བྱ་དགོས།


      ཚོགས་འདུར་ནན་པོར་བསྟན་དོན། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཀྱི་མཉམ་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་དགོས། སྤྱི་འདོམས་མཉམ་འགུལ་ཐད་ཤུགས་བརྒྱབ་སྟེ་ས་ཁོངས་ཡོངས་སུ་ཁྱབ་པ་དང་། གྲུབ་རྐྱེན་གཙོ་བོ་བསྡུ་སྒྲིལ། ཁྱབ་ཁོངས་ཡོངས་མཉམ་འགུལ། སྤྱི་ཚོགས་ཧྲིལ་པོ་ཞུགས་པ་བཅས་ཀྱི་རྩ་དོན་གཞིར་བཟུང་ནས། ཁྲོམ་རའི་སྒྲིག་ལམ་ལ་མཉམ་དུ་སྲུང་སྐྱོང་དང་། དྲིལ་བསྒྲགས་གཉེར་འཚོང་ལ་སྐུལ་འདེད། སྤུས་རྟགས་ཀྱིས་སྣེ་ཁྲིད་གཏིང་ཟབ་བཅས་བྱས་ནས་རིག་གནས་ཡུལ་སྐོར་བྱ་གཞག་གི་བཀོད་སྒྲིག་ཁག་དོན་འཁྱོལ་བྱ་རྒྱུར་སེམས་ནུས་གཅིག་སྒྲིལ་ངང་སྐུལ་འདེད་གཏང་དགོས། འཕེལ་རྒྱས་ལ་སྐུལ་མ་གཏོང་བའི་ཐད་བྱ་ཐབས་དངོས་འདོན་པ་དང་། རིག་གནས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཀྱི་མ་དངུལ་ཐེབས་རྩ་བཙུགས་ཤིང་། སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་། གྲུབ་རྐྱེན་གཙོ་བོའི་མ་འཇོག། བརྩོན་སྐུལ་འགན་ལེན་སོགས་ཀྱི་ཕུགས་ཕན་ལམ་སྲོལ་བཟོ་བ་དང་འཐུས་ཚང་དུ་གཏང་དགོས། ཤེས་ལྡན་མི་སྣའི་འདེགས་སྐྱོར་ཐད་ཚད་བརྒལ་བྱེད་ཕོད་པ་དང་། གངས་དཀར་ཤེས་ལྡན་མི་སྣ་དང་ཡུལ་སྐོར་ཆེད་ལས་ཤེས་ལྡན་མི་སྣའི་སྤེལ་རེས་གནས་སྦྱར་སོགས་ཀྱི་འཆར་གཞིར་སྐུལ་འདེད་གཏོང་ཞིང་། ཇུས་འགོད་མཁས་པ་དང་དོ་དམ་ལ་མཁས་པའི་རིམ་པ་མཐོ་བའི་ཤེས་ལྡན་པ་དེ་བས་མང་བ་ནང་འདྲེན་བྱེད་པ།“ཡུལ་སྐོར་སྣེ་ཤན་པ་གྲགས་ཅན”དཔྱད་འདེམས་ལམ་སྲོལ་འཚོལ་ཞིབ་བྱས་ནས་འཛུགས་པ། དྲྭ་གྲགས་པ་དེ་བས་མང་པོ་དཀར་མཛེས་ཁུལ་དུ་སྲ་ཚུགས་པ་དང་དཀར་མཛེས་ཁུལ་དྲིལ་བསྒྲགས་བྱ་རྒྱུར་རྒྱབ་སྐྱོར་བྱེད་པ། དཀར་མཛེས་ཁུལ་གྱི་རིག་གནས་ཡུལ་སྐོར་འཕེལ་རྒྱས་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་འགྲོ་བའི་འགན་ལེན་མ་ལག་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏང་དགོས།

 

      ཚོགས་འདུ་མ་འཚོག་གོང་ཚོགས་ཞུགས་མི་སྣས་འདབ་པའི་གསལ་ལའི་དཔག་སྨད་མི་རིགས་མཐུན་སྒྲིལ་དཔེ་སྟོན་གྲོང་ཚོ་དང་། ཙེ་ཝུའུ་དུས་ཐེངས་གཉིས་པ། ཕན་རོགས་གནའ་ཤུལ། ས་བབ་མཐོ་བའི་འཇིག་རྟེན་འཕྲོ་ཐིག་ལྟ་ཞིབ་ཚད་འཇལ་ཚོད་འཛིན་རྟེན་གཞི་སོགས་ལ་རྟོག་ཞིབ་བྱས་པ་རེད།


      ཚོགས་འདུའི་ཐོག་ཏུ་ཁུལ་ཨུའི་རྒྱུན་ཨུ། རྒྱུན་ལས་ཁུལ་དཔོན་གཞོན་པ་ཏེང་ལི་ཅུན་གྱིས《དཀར་མཛེས་ཁུལ་གྱི་རིག་གནས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་སྤུས་ཚད་མཐོན་པོར་ཡོང་བའི་བརྩོན་སྐུལ་བྱ་ཐབས》ཁྱབ་བསྒྲགས་བྱས་ཤིང་། ཁུལ་ཨུའི་རྒྱུན་ཨུ་དང་། དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་ཝང་ཡུས་ཆུང་གིས་སྔོན་ཐོན་ཐུན་མོང་དང་སྔོན་ཐོན་མི་སྒེར་ལ་གཟེངས་བསྟོད་བྱེད་པའི་བརྡ་ཁྱབ་བསྒྲགས། འདབ་པ་རྫོང་དང་། ལྕགས་ཟམ་རྫོང་། དཀར་མཛེས་རྫོང་། དཀར་མཛེས་ཁུལ་ཙུང་ཨོ་ཡུལ་སྐོར་འཕེལ་རྒྱས་སྤྱི་གཉེར་ཁང་བཅས་ཀྱིས་སྤེལ་རེས་གཏམ་བཤད་བྱས། དཀར་མཛེས་ཁུལ་རིག་གནས་ཡུལ་སྐོར་དྲིལ་བསྒྲགས་ཐད་བྱས་རྗེས་མངོན་གསལ་དོད་པོ་ཕུལ་མཁན་ལིའུ་ཧུང་རིག་གནས་ཡུལ་སྐོར་སྤྱི་ཕན་དྲིལ་བསྒྲགས་ལས་དོན་ཁང་དང་། གཡང་མཚོའི་འགྲུལ་བཞུད་དཀར་མཛེས་རྒྱང་སྐྱོད་རིག་གནས་སྤྱི་ཕན་དྲིལ་བསྒྲགས་ལས་དོན་ཁང་།བསྟན་འཛིན་གྱི“གནས་མཆོག་དཀར་མཛེས་ཁུལ”ས་ཁོངས་ཀྱི་སྤུས་རྟགས་ཁྱབ་གདལ་གཏོང་བའི་སྤྱི་ཕན་དྲིལ་བསྒྲགས་ལས་དོན་ཁང་བཅས་ལ་སྒོ་བྱང་སྤྲད་པ་རེད།

 


      འབྲེལ་ཡོད་ཁུལ་མགོ་ཁྲིད་དང་། ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན། རྫོང(གྲོང་ཁྱེར)ཁག་གི་ཏང་ཨུའི་ཧྲུའུ་ཅིའམ་རྫོང(གྲོང་ཁྱེར)གི་གྲོང་དཔོན་དང་རྫོང་དཔོན། རིག་གནས་རླུང་འཕྲིན་བརྙན་འཕྲིན་ཡུལ་སྐོར་ཅུས་ཀྱི་འགན་འཁུར་བློ་མཐུན། ཁུལ་ནང་ཁུལAརིམ་པའི་ཡུལ་སྐོར་ལྗོངས་ཁུལ་དང་རིག་གནས་ཡུལ་སྐོར་ཁེ་ལས་ཀྱི་འཐུས་མི་སོགས་ཚོགས་འདུར་ཞུགས་ཡོད་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1