ཞི་ཅིན་ཕིང་གིས་ལི་ཅ་ཁྲའོ་དང་མཇལ་འཛོམས་གནང་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 07-04


 


ཟླ་7ཚེས་1ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཤང་ཀང་དུ་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་གྱི་འགན་བཞེས་མ་ཐག་པའི་ལི་ཅ་ཁྲའོ་དང་མཇལ་འཛོམས་གནང་བཞིན་པ། 

     ཤིན་ཧྭ་གསར་འགྱུར་ཁང་ཤང་ཀང་ནས་ཟླ་7ཚེས་1ཉིན་གློག་འཕྲིན་འབྱོར་གསལ། ཟླ་7ཚེས་1ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཤང་ཀང་དུ་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་གྱི་འགན་བཞེས་མ་ཐག་པའི་ལི་ཅ་ཁྲའོ་དང་མཇལ་འཛོམས་གནང་བ་རེད།

     ཞི་ཅིན་ཕིང་གིས་ལི་ཅ་ཁྲའོ་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ལས་ཐོག་དྲུག་པར་བསྐོ་གཞག་བྱས་པར་རྟེན་འབྲེལ་ཞུས་གནང་ཞིང་། ཁོང་གིས་ལོ་25ཡི་རིང“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་ལག་ལེན་ཡིན་ནའང་འདྲ། ཤང་ཀང་གི་འཕེལ་རྒྱས་གང་ཞིག་ཡིན་རུང་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པར་སླེབས་པ་དང་། རྒྱ་ཆེའི་གྲོང་མིས་ཁྱེད་དང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་གཞུང་སྐབས་གསར་པར་རེ་སྒུག་ཆེན་པོ་བྱེད་ཀྱི་ཡོད།

    ཁྱེད་ཀྱིས་སྲིད་འཛིན་དཔོན་གྱི་རྩ་ཁྲིམས་ལམ་ལུགས་ཀྱི་འགན་འཁྲི་ལྷག་བསམ་རྣམ་དག་ངང་བསྒྲུབས་ནས། དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གི་སྣེ་ཁྲིད་དེ“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་མཛད་ཕྱོགས་དང་གཞི་རྩའི་བཅའ་ཁྲིམས་ཁྱོན་ཡོངས་དང་ཡང་དག་པའི་སྒོ་ནས་ལག་བསྟར་དོན་འཁྱོལ་དང་། ཤང་ཀང་གི་ལས་རིགས་ཁག་གི་མི་སྣར་མཐུན་སྒྲིལ་བྱས་ཏེ་དངོས་སྒྲུབ་དོན་གཉེར། ཤང་ཀང་ཟང་ཟིང་ནས་བཅོས་སྐྱོང་བར་དང་བཅོས་སྐྱོང་ནས་དར་རྒྱས་ཕྱོགས་སུ་འགྲོ་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཤང་ཀང་གི“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་ལག་ལེན་གྱི་ལེའུ་གསར་པ་མུ་མཐུད་རྩོམ་པའི་རེ་བ་ཡོད། ཀྲུང་དབྱང་གིས་ནུས་ཤུགས་ཡོད་རྒུས་ཁྱེད་དང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་གཞུང་སྐབས་གསར་པས་ཁྲིམས་ལྟར་སྲིད་སྐྱོང་བར་རྒྱབ་སྐྱོར་བྱེད་ཀྱི་ཡིན་པས། ང་ཚོས་ཁྱེད་དང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་གཞུང་སྐབས་གསར་པར་ཡིད་ཆེས་ཆེན་པོ་ཡོད་ལ། ཤང་ཀང་གི་འབྱུང་འགྱུར་ལའང་ཡིད་ཆེས་ཆེན་པོ་ཡོད་ཅེས་གསུངས་པ་རེད།

     ལི་ཅ་ཁྲའོ་ཡིས་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཀྲུང་དབྱང་སྲིད་གཞུང་གིས་ཡིད་ཆེས་གནང་བར་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས་ངས་འགན་འཁྲི་ལྕི་པོ་ཡིན་པ་གསལ་པོ་ཤེས་པར་བརྟེན་ནུས་ཤུགས་ཡོད་རྒུས་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གི་སྣེ་ཁྲིད་དེ་ལས་དོན་ཏན་ཏིག་སྒྲུབ་པ་དང་། སྲིད་བསྟར་གྱི་རྣམ་པ་གསར་པ་མངོན་པ། འཕེལ་རྒྱས་ཀྱི་ལེའུ་གསར་པ་རྩོམ་པ་བཅས་བྱེད་ཀྱི་ཡིན་པས། ཀྲུའུ་ཞི་ཞི་ཅིན་ཕིང་ཐུགས་བློ་བདེ་པོ་གནང་རོགས་ཞེས་ཞུས་པ་རེད།

     དེ་རྗེས་ལི་ཅ་ཁྲའོ་ཡི་ཕེབས་རོགས་འོག་ཞི་ཅིན་ཕིང་གིས་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་གསར་དུ་བསྐོ་གཞག་བྱས་པའི་སྲིད་འཛིན་དང་། ཁྲིམས་འཛུགས། ཁྲིམས་འཛིན་བཅས་ལས་ཁུངས་ཀྱི་འགན་འཁུར་བ་དང་མཇལ་འཛོམས་གནང་བ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1