ལྷ་གྲུ་ཨང་རྟགས་བཅུ་བཞི་པའི་མི་བཞུགས་འཕུར་གྲུ་འཕེན་གཏོང་ལེགས་འགྲུབ་བྱུང།

སྒྲོལ་མ་ཚེ་བརྟན་གྱིས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 07-04


སྤྱི་ཟླ་6པའི་ཚེས་6ཉིན་གྱི་ཉིན་གུང། ལྷ་གྲུ་ཨང་རྟགས་བཞི་པའི་ཟོག་འདྲེན་གྲུ་ཚང་གི་སྒོ་མོ་བདེ་བླག་ངང་ཕྱེ་བ་དང་བསྟུན་ནས་ལྷ་གྲུ་ཨང་རྟགས་བཅུ་བཞི་པའི་འཕུར་སྐྱོད་ཚོ་ཆུང་གི་འཇིག་རྟེན་འཕུར་སྐྱོད་པ་དུས་ཡུན་ཟླ་བ་དྲུག་རིང་འཁོར་ལམ་ཀྱི་བཅའ་སྡོད་ལས་ཀ་འགོ་ཚུགས་པ་རེད། ཁོང་ཚོས་བར་སྣང་ས་ཚིགས་ཀྱི་ལས་སྟེགས་སྲུང་སྐྱོང་དང་ལྟ་རྟོག །འཕྲུལ་ཆས་དཔུང་པའི་བཀོལ་སྤྱོད། གྲུ་ཚང་ནས་བུད་པའི་བྱ་སྤྱོད། གྲུ་ཚང་གནས་སྤོར་སོགས་ཀྱི་ལས་དོན་དང་དེ་བཞིན་བར་སྣང་ཚན་རིག་ཚོད་ལྟ་དང་ལག་རྩལ་ཚོད་ལྟ་བྱ་རྒྱུ་ཡིན་པས། “བྲེལ་བ་ཆེས་ཆེ་བའི་བར་སྣང་གཞུང་སྒྲུབ་མི་གསུམ་ཚོ་ཆུང”ཞེས་བརྗོད་ཀྱི་ཡོད་པ་རེད། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1