མཚོ་ཐོག་གི་ཟོག་འདྲེན་རྒྱལ་པོ་སྟེ་ཀྲུང་གོའི་འཛམ་གླིང་གི་ཟོག་འདྲེན་གྲུ་གཟིངས་ཆེ་ཤོས་ཐོག་མ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 07-04


་ཟླ་6པའི་ཚེས་22ཉིན། ཀྲུང་གོའི་ཚད་ལྡན་དོས་སྒམ་24000ཤོང་བའི་འཛམ་གླིང་གི་ཆེས་ཆེ་བའི་དོས་སྒམ་གྲུ་གཟིངས་ཆེ་ཤོས་ཐོག་མ་རྩིས་སྤྲད་བྱས། གྲུ་གཟིངས་དེའི་སྤྱིའི་རིང་ཚད་ལ་སྨི་399.99དང་ཞེང་ཚད་ལ་སྨི་61.5ཡོད་ཅིང་། གྲུ་གཅལ་གྱི་རྒྱ་ཁྱོན་སྨི་གྲུ་བཞི་མ་24000ཟིན་ཞིང་། དེ་ནི་ཚད་ལྡན་གྱི་རྐང་རྩེད་སྤོ་ལོ་ར་བ་3.5ཡི་ཆེ་ཆུང་ཡོད་པ་དང་། གྲུ་མཛོད་ཀྱི་ཟབ་ཚད་ལ་སྨི་33.2ཟིན་གྱི་ཡོད་པས་དངོས་ཟོག་ཏུན་ཁྲི་24ཐེག་ཐུབ་པར་མ་ཟད། ཐེངས་གཅིག་ལ་ཚད་ལྡན་དོས་སྒམ་24000འཇོག་ཆོག་ཅིང་། མང་ཤོས་ལ་དོས་སྒམ་རིམ་པ་25བརྩིགས་ཆོག་པ་དེ་ནི་ཁང་པ་ཐོག་རྩེག་22ཀྱི་མཐོ་ཚད་དང་འདྲ་བས། འདི་ནི་མིག་སྔར་འཛམ་གླིང་གི་དོས་སྒམ་གྲུ་གཟིངས་ཆེ་ཤོས་དེ་ཡིན་ཞིང་། གྲུ་གཟིངས་དེ་ནི་ཧུའུ་ཏུང་ཀྲུང་ཧྭས་རང་བརྟེན་ཇུས་འགོད་བྱས་ཤིང་ཤེས་བྱའི་བདག་དབང་ཡོངས་སུ་ཡོད་པ་དང་། ཨ་རིའི་གྲུ་རིམ་ཁང་(ABS)གི་ལས་གཉེར་བྱེད་འགོ་ཚུགས་རྗེས། ཨེ་ཤ་ཡ་ཤར་རྒྱུད་ནས་ཡོ་རོབ་བར་གྱི་གྲུ་ལམ་ལ་ཞབས་འདེགས་ཞུ་རྒྱུ་རེད། གོ་ལ་ཧྲིལ་པོའི་ཆེས་ཆེ་བའི་དོས་སྒམ་གྲུ་གཟིངས་ཆེ་ཤོས་ཡིན་པའི་ཆ་ནས། གྲུ་གཟིངས་དེར་མཚོ་ཐོག་གི་ཟོག་འདྲེན་རྒྱལ་པོ་ཞེས་འབོད་བཞིན་ཡོད།





དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1