རྒྱལ་ཁབ་འདིར་འཁྱགས་རོམ་ཉིལ་ནས་མི་6རྐྱེན་ལམ་དུ་བཏང་འདུག

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 07-05



     ས་གནས་དེ་གའི་དུས་ཚོད་2022ལོའི་ཟླ་7ཚེས་3ཉིན། དབྱི་ཐ་ལིའི་བྱང་རྒྱུད་མའར་མོ་ལ་ཏ་རི་ཁུལ་གྱི་རི་མཐོའི་འཁྱགས་རོམ་ཞིག་ཉིལ་ནས་ཉུང་མཐར་ཡང་མི་6་གྲོངས་པ་དང་། གཞན་ཡང་ཉུང་མཐར་ཡང་མི་12གར་སོང་ཆ་མེད་དུ་སོང་བ་རེད། ས་གནས་དེ་གའི་སྨྱན་སྦྱོར་གྱིས་གནས་འཕྲིན་སྤེལ་བར་གཞིགས་ན། དོན་རྐྱེན་དེ་ས་གནས་དེ་གའི་དུས་ཚོད་ཆུ་ཚོད་13དང་སྐར་མ་45ཙམ་གྱི་ཐོག་ཐོན་པ་དང་། རི་སྟེང་གི་འཁྱགས་རོམ་ཉིལ་ནས་ས་ཁུལ་དེ་གའི་རི་འཛེག་པ་མང་པོ་དང་རྐང་ཐང་སྐྱོད་མཁན་མང་པོ་ཞིག་ལ་ཤུགས་རྐྱེན་ཐེབས་ཡོད་པ་རེད། ས་གནས་དེ་གའི་དཔོན་རིགས་ཀྱིས་དོན་རྐྱེན་དེའི་ཁྲོད་ཉུང་མཐར་ཡང་མི་8ལ་རྨས་སྐྱོན་ཕོག་ཡོད། འཚོལ་སྐྱོབ་བྱ་སྤྱོད་སྔར་བཞིན་སྤེལ་བཞིན་ཡོད་ཅེས་བཤད། ས་གནས་དེ་གའི་སྲིད་གཞུང་གིས་ས་ཁུལ་དེར་མུ་མཐུད་རི་ཉིལ་བའི་ཉེན་ཁ་ཡོད་ཅེས་བཤད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1