བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་བའི་སི་ཁྲོན་གྱི་ལག་ལེན་བགྲོ་གླེང་ཚོགས་འདུ་འཚོགས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 07-05


  

        སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཆོས་ལུགས་ལས་དོན་སྐོར་གྱི་གསུང་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་བའི་སི་ཁྲོན་གྱི་ལག་ལེན་གྱི་རྣམ་པ་འགྲེམ་སྟོན་བྱ་ཆེད། སྤྱི་ཟླ་6ཚེས་30ཉིན། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་བའི་སི་ཁྲོན་གྱི་ལག་ལེན་ཚོགས་འདུ་དེ་སི་ཁྲོན་བོད་བརྒྱུད་ནང་བསྟན་སློབ་གླིང་དུ་འཚོགས་པ་རེད། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི། ཞིང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཐེན་ཞང་ལི་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱིས་རིག་གཞུང་བགྲོ་གླེང་ཚོགས་འདུར་ཤིས་ཚིག་གློག་འཕྲིན་བཏང་བ་དང་། ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་ཡོན་ཀྲང་གཞོན་པ་ལིའུ་ཕུང་གིས་ཤིས་ཚིག་ཕུལ་བ་རེད། 

 

        བགྲོ་གླེང་ཚོགས་འདུའི་བརྗོད་དོན་གཙོ་བོ་ནི“བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་བའི་སི་ཁྲོན་གྱི་ལག་ལེན”ཞེས་པ་ཡིན་ཞིང་། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ནི་བོད་བརྒྱུད་ནང་བསྟན་སྐྱོན་བྲལ་ངང་རྒྱུན་འཛིན་བྱེད་པའི་ལྡོག་མེད་བླང་བྱ་དང་། བོད་བརྒྱུད་ནང་བསྟན་དེ་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་བའི་ལྡོག་མེད་བླང་བྱ། བོད་བརྒྱུད་ནང་བསྟན་དེ་ཀྲུང་ཧྭ་རིག་གནས་དང་མཉམ་འདྲེས་ཡོང་བའི་ལྡོག་མེད་བླང་བྱ་དང་། ཁྲིམས་ལྟར་བཅོས་སྐྱོང་བྱེད་པ་དང་མཉམ་དུ་བསྐྱོད་པའི་ལྡོག་མེད་བླང་བྱ་ཡིན་པ་བཅས་ཕྱོགས་བཞིའི་ཐད་ནས་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་གྱི་དགོས་ངེས་རང་བཞིན་དང་ཁ་ཚ་དགོས་གཏུག་རང་བཞིན་བསྟན་ཡོད། ཆབ་སྲིད་སྣེ་ཁྲིད་དང་། རིག་གནས་གོམས་ལོབས། ཁྲིམས་བསྟུན་དོ་དམ། མཚོན་བྱེད་མི་སྣ་གསོ་སྐྱོང་སོགས་ཀྱི་ཐད་ནས་ཉེ་བའི་ལོ་ཤས་རིང་སི་ཁྲོན་གྱིས་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་སྐུལ་འདེད་གཏོང་བའི་འཚོལ་ཞིབ་དང་ལག་ལེན་ལ་ཕྱིར་དྲན་བྱས་ཏེ། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་གྱི་དགོངས་པའི་ངོ་བོ་དང་དོན་སྙིང་གཙོ་བོ་ནི་བོད་བརྒྱུད་ནང་བསྟན་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་དང་། ཀྲུང་ཧྭའི་རིག་གནས་དང་མཉམ་འདྲེས། ཁྲིམས་ལྟར་བཅོས་སྐྱོང་བྱེད་པ་བཅས་ལ་ཁྲིད་སྟོན་བྱ་རྒྱུ་དེ་རེད་ཅེས་བསྟན་པ་རེད། ། 

  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1