རྒྱལ་ཁབ་མང་པོས་ཡུག་རེན་བསྐྱར་སྐྲུན་གྱི་འཆར་གཞི་ལ་གྲོས་བསྡུར་བྱས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 07-06



 

     ཕྱི་རྒྱལ་གྱི་ཕྱོགས་བསྡུས་སྨྱན་སྦྱོར་གྱིས་གནས་འཕྲིན་སྤེལ་བར་གཞིགས་ན། ཚེས་4ཉིན་ཡུག་རེན་གྱི་ཙུང་ལི་ཧྲི་མེ་ཅའར་གྱིས་སུའེ་ཙེར་དུ་འཚོགས་པའི་ཡུག་རེན་བསྐྱར་སྐྲུན་གྱི་རྒྱལ་སྤྱིའི་ཚོགས་འདུའི་ཐོག ཡུག་རེན་ཕྱོགས་ཀྱིས་སྔོན་དཔག་བྱས་ན་ཨ་སྒོར་དུང་ཕྱུར་750ཡི་ཐོག་ནས་དུས་མཚམས་གསུམ་གྱི་བསྐྱར་སྐྲུན་འཆར་གཞི་ལེགས་སྒྲུབ་བྱ་དགོས། དེའི་ནང་རྨང་གཞིའི་སྒྲིག་བཀོད་བསྐྱར་སྐྲུན་དང་། གནས་སྐབས་ཀྱི་སྡོད་ཁང་དང་། སྨན་ཁང་། སློབ་གྲྭ་བཅས་འཛུགས་སྐྲུན་དང་དེ་བཞིན་རྒྱལ་ཁབ་ལ་ཡུན་རིང་སྒྱུར་བཀོད་བྱེད་པ་སོགས་ཚུད་ཡོད་ཅེས་བཤད་པ་རེད། 

     ལུའུ་ཐུའུ་གསར་འགྱུར་ཁང་གིས་གནས་འཕྲིན་སྤེལ་བར་གཞིགས་ན། ཧྲི་མེ་ཅའར་གྱིས་ད་དུང་ཡུག་རེན་ཕྱོགས་ཀྱིས་བསྐྱར་སྐྲུན་འཆར་གཞིའི་འགག་རྩའི་མ་དངུལ་ཡོང་ཁུངས་ནི་གཞུང་བཞེས་བཏང་བའི་ཨུ་རུ་སུའི་འབྱོར་ལྡན་པའི་རྒྱུ་ནོར་ཡིན་དགོས་པའི་ངོས་འཛིན་བྱེད་ཀྱི་ཡོད་ཅེས་བསྟན་པ་རེད།

     གནས་འཕྲིན་སྤེལ་བར་གཞིགས་ན། ཚོགས་ཞུགས་ཕྱོགས་ལ་ད་དུང་ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་དང་། དབྱིན་ཇི་དང་། ཕོ་ལན། ཅེ་ཁེ། ལི་ཐུ་ཝན་ནི་ཡ་སོགས་རྒྱལ་ཁབ་མང་པོའི་འཐུས་མི་ཚུད་ཡོད། དེའི་ནང་དབྱིན་ཇིའི་ཕྱི་འབྲེལ་བློན་ཆེན་ཐེ་ལ་སིས་ཡུག་རེན་བསྐྱར་སྐྲུན་ལ་རོགས་རམ་བྱ་རྒྱུའི་ཀུན་འདུས་རྒྱབ་སྐྱོར་འཆར་གཞི་ཁྱབ་བསྒྲགས་བྱས་པ་མ་ཟད། ཡུག་རེན་ལ་རོགས་སྐྱོར་བྱ་རྒྱུའི་ཉེ་དུས་དང་ཡུན་རིང་གི་འཆར་འགོད་རྒྱས་བཤད་ཀྱང་བྱས་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1