བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་གི་འགྲེམས་ཁང་གསར་པ་སྒོ་ཕྱེ་གྲབས་ཡོད་པ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 07-08


 

འདི་ནི་མཁའ་དབྱིངས་ནས་པར་བླངས་པའི་བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་གི་འགྲེམས་ཁང་གསར་པ་ཡིན་པ། 

     ཉིན་ཤས་གོང་གསར་འགོད་པར་ཤེས་རྟོགས་བྱུང་བར་གཞིགས་ན། བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་གི་འགྲེམས་ཁང་གསར་པ་ཉེ་ཆར་སྒོ་འབྱེད་རྒྱུ་ཡིན་ཞིང་། རྒྱལ་ཁབ་ཀྱིས་མ་དངུལ་སྒོར་དུང་ཕྱུར་6.6བཏང་ནས་ལག་བསྟར་བྱས་པའི་བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་བསྐྱར་སྐྲུན་རྒྱས་སྐྲུན་ལས་གྲྭ་2017ལོའི་ཟླ་10པར་རྩིག་རྨང་བཏིང་ནས་ལས་འགོ་ཚུགས་པ་དང་། དུས་ཡུན་ལོ་5ཙམ་འགོར་ཡོད་པ་དེ་ནི་བོད་རང་སྐྱོང་ལྗོངས་ཀྱི་རིག་གནས་དམངས་ཕན་གྱི་ལས་གྲྭ་གལ་ཆེན་ཞིག་རེད།

     བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་1999ལོའི་ཟླ་10པར་བསྐྲུན་ཟིན་ནས་སྒོ་ཕྱེ་ཞིང་། དེ་ནི་བོད་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་རྟེན་རྫས་བཤམས་མཛོད་ཁང་འབའ་ཞིག་དེ་རེད། བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་གི་འགྲེམས་ཁང་གསར་པའི་རྣམ་གྲངས་ཀྱི་སྤྱིའི་རྒྱ་ཁྱོན་ལ་སྨི་ངོས་གྲུ་ཁྲི་6.5ཟིན་པ་དང་ཁང་པ་གཙོ་བོར་ཐོག་སོ་3ཡོད་ཅིང་། བཤམས་སྟོན་ཁུལ་དང་། གཅེས་ནོར་བདག་སྐྱོང་དོ་དམ་ཁུལ། སྤྱི་པའི་ཞབས་འདེགས་ཁུལ། རིག་དངོས་སྲུང་སྐྱོབ་ཞིབ་འཇུག་ཁུལ་སོགས་ཚུད་ཡོད་ལ། བྱིས་པའི་ཉམས་ལེན་ཁང་དང་། རིག་གནས་བསམ་བཀོད་ཉམས་ལེན་ཁང་། 4Dགློག་བརྙན་ཁང་། ལྗོངས་གཟིགས་ལས་སྟེགས། ཇ་ཁང་སོགས་སློབ་གསོ་དང་ཞབས་ཞུའི་སྒྲིག་བཀོད་ཀྱང་གསར་སྐྲུན་བྱས་ཡོད།

 

འདི་ནི་བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་གི་འགྲེམས་ཁང་གསར་པའི་རྫ་ཆས་བཟོ་རྩལ་འགྲེམས་ཁུལ་གྱི་རྫ་ཆས་ཡིན་པ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1