《གངས་དཀར་རི་བོ》དུས་དེབ་ཁང་གིས་བོད་ཡིག་རྩོམ་པ་པོ་གསོ་སྦྱོང་བྱས།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།སྟག་རོང་ཆོས་དབྱིངས་ནོར་བུ། སྤེལ་དུས། 07-08


  

        དཀར་མཛེས་ཁུལ་གྱི་རྒྱ་ཆེའི་བོད་ཡིག་རྩོམ་པ་པོའི་གསར་རྩོམ་ཆུ་ཚད་སྔར་བས་མཐོ་རུ་གཏོང་ཆེད། སྤྱི་ཟླ་7པའི་ཚེས་1ཉིན་ནས་ཚེས་5ཉིན་གྱི་བར། 《གངས་དཀར་རི་བོ》དུས་དེབ་ཁང་གིས་2022ལོའི་བོད་ཡིག་རྩོམ་པ་པོའི་གསོ་སྦྱོང་འཛིན་གྲྭ་དེ་ལྕགས་ཟམ་རྫོང་དུ་བཙུགས། ཁུལ་ཡོངས་ཀྱི་རྫོང་ཁག་སོ་སོ་དང་དེ་བཞིན་སི་ཁྲོན་མི་རིགས་སློབ་གླིང་། སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་སོགས་ནས་ཡོང་བའི་མི་60ལྷག་ཙམ་གསོ་སྦྱོང་ནང་དུ་ཞུགས། 

  

        ཐེངས་འདིའི་གསོ་སྦྱོང་འཛིན་གྲྭ་ནི་དཀར་མཛེས་ཁུལ་ཨུའི་དྲིལ་བསྒྲགས་པུའུ་དང་།  དཀར་མཛེས་ཁུལ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས། ལྕགས་ཟམ་རྫོང་ཨུའི་དྲིལ་བསྒྲགས་པུའུ་ཡིས་གཙོ་གཉེར་བྱས་པ་དང་། ལྕགས་ཟམ་རྫོང་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས། 《གངས་དཀར་རི་བོ》དུས་དེབ་ཁང་གིས་འགན་སྒྲུབ་བྱས། གསོ་སྦྱོང་བྱེད་རིང་། དེང་རབས་བོད་ཀྱི་རྩོམ་པ་པོའམ་སྒྱུ་རྩལ་པ་གྲགས་ཅན་སྨན་བླ་སྐྱབས་དང་། གངས་ལྗོངས་ཉི་གཞོན་གྱི་གཙོ་སྒྲིག་པ་དཀོན་མཆོག་རྡོ་རྗེ། ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་སློབ་དཔོན་ཆེན་མོ་རྫ་ཚེ་རིང་འགྱུར་མེད། སི་ཁྲོན་ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི་ཀུན་བཟང་། དཀར་མཛེས་ཁུལ་ཨུ་ཏང་གི་སློབ་གྲྭའི་དགེ་རྒན་ཁྲེང་ཧྥེ་དང་ཐའོ་ཡུང་སོགས་ཆེད་མཁས་པ་ཚོས་ཀྲུང་དབྱང་མི་རིགས་ལས་དོན་ཚོགས་འདུའི་ཐོག་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་དང་ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས། བོད་ཡིག་རྩོམ་རིག་དང་དཔྱད་བརྗོད། སྲོལ་རྒྱུན་སྙན་ངག་གི་བྱུང་འཕེལ་དང་གསར་རྩོམ་གྱི་ཐབས་ཤེས། དེང་རབས་ཀྱི་བོད་ཡིག་རྩོམ་རིག་གསར་རྩོམ་བྱེད་སྟངས། དྲ་བའི་རྩོམ་རིག་ཁྱབ་སྤེལ་དང་གསར་གཏོད་བྱེད་སྟངས་སོགས་ཀྱི་སྐོར་འཆད་ཁྲིད་གནང་། གསོ་སྦྱོང་བྱེད་རིང་ད་དུང་སློབ་མས་རྩོམ་རིག་གསར་རྩོམ་ཐད་ཉམས་མྱོང་སྤེལ་རེས་བྱས་པ་དང་། ལྕགས་ཟམ་དང་ལྕགས་ཟམ་དྲན་གསོ་ཁང་དུ་ལྟ་སྐོར་དང་སློབ་སྦྱོང་བྱེད་སར་ཡང་བསྐྱོད་པ་རེད། ། 

  


རྩོམ་ཡིག་སྔོན་མ།
པད་ཁའི་མེ་ཏོག་རབ་ཏུ་བཞད།
རྩོམ་ཡིག་རྗེས་མ།
དབྱར་ཁའི་རྩྭ་ཐང་།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1