༄༅། །རུས་སོབ་ནད་བྱུང་ཚེ། ཟས་རིགས་འདི་ གཉིས་མང་པོ་བཟའ་མི་རུང་།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས། སྤེལ་དུས། 07-08




        ནམ་རྒྱུན་གྱི་འཚོ་བའི་ཁྲོད་དུ། ཟས་རིགས་གཉིས་ཀྱིས་ང་ཚོའི་རུས་པ་ལ་གནོད་སྲིད་པས། གལ་ཏེ། རུས་སོབ་ནད་འབྱུང་མི་འདོད་ན། ཟས་རིགས་དེ་གཉིས་མང་པོ་བཟའ་མི་རུང་།


 

གཅིག བསྙལ་ཚལ།

        བསྙལ་ཚལ་གྱི་ནང་གི་ཚྭའི་འདུས་ཚད་ཧ་ཅང་མཐོ་བ་དང་། རྒྱུན་པར་བསྙལ་ཚལ་ཟོས་ན། ལུས་ཀྱི་ཀལ་རྒྱུ་ཕྱིར་ཤོར་ཞིང་། དེ་ལྟར་ཡུན་རིང་འགོར་ན། རུས་པའི་བདེ་ཐང་ལ་གནོད་པ་ཐེབས་པས། ནུས་ཚོད་ཀྱིས་བསྙལ་ཚལ་བཟའ་རྒྱུ་ཇེ་ཉུང་དུ་གཏང་དགོས།


 

གཉིས། ཤ་ཚོན་པོ།

        ཤ་ཚོན་པོའི་ནང་དུ་ཚིལ་ཞག་མང་པོ་ཡོད་པ་དང་། དེ་ཉིད་བཟའ་རྒྱུ་མང་ཞིང་འགུལ་སྐྱོད་བྱ་རྒྱུ་ཉུང་ན། ལུས་ཀྱི་ཚ་ནུས་ཚད་ལས་བརྒལ་བར་གྱུར་ཏེ་མཁྲིས་རྒྱུ་གཤེར་རྩིའི་འདུས་ཚད་ཇེ་མཐོར་འགྲོ་བ་དང་། དེ་ནས་ཀལ་རྒྱུའི་བསྡུ་ལེན་ལ་ཤན་ཤུགས་ཐེབས་ཏེ་རུས་པའི་བདེ་ཐང་ལ་གནོད་པ་ཡིན།  

  

        གལ་ཏེ། རུས་པའི་སྟུག་ཚད་བསྟུད་མར་ཇེ་དམའ་རུ་གྱུར་ནས་ཡུན་རིང་འགོར་ན། རུས་པའི་སྲ་ཚད་ཇེ་ཞན་དུ་སོང་སྟེ་སོབ་སོབ་ཏུ་འགྱུར་བ་དང་། ཚབས་ཆེ་ན་ད་དུང་རུས་པ་ཆག་ཀྱང་སྲིད་པ་ཡིན། 

        རུས་སོབ་ནད་ཀྱི་སྔ་དུས་ལ། དངོས་བཅོས་ཀྱི་ནད་རྟགས་མངོན་གསལ་མེད། ཡིན་ནའང་། ནད་བབ་ཇེ་སྡུག་ཏུ་གྱུར་པ་དང་བསྟུན་ནས། ནད་པར་རུས་པ་ན་བ་དང་སྒལ་རུས་དབྱིབས་འགྱུར། ཐ་ན་རུས་སོབ་རང་བཞིན་གྱི་རུས་ཆག་སོགས་ཀྱང་འབྱུང་བ་ཡིན། 

  

        ལོ་ལོན་ཚོར་མཚོན་ན། རུས་སོབ་ནད་སྔོན་འགོག་བྱེད་པ་ལ། ཐོག་མར་ཕྱི་རོལ་ཡུལ་དུ་འགུལ་སྐྱོད་བྱེད་པ་དང་ཉི་མར་མང་དུ་ལྡེ་བ་བཅས་རྒྱུན་འཁྱོངས་བྱ་དགོས་པ་དང་། དེ་འཕྲོར་བཟའ་བཏུང་གི་ཐད་ནས་འོ་མ་དང་འོ་ཟས་རིགས། སྲན་ཟས་རིགས། སྔོ་ཚལ་སོགས་ཀལ་རྒྱུའི་འདུས་ཚད་མཐོ་བའི་རིགས་མང་དུ་བཟའ་དགོས། གཞན་ད་དུང་དུས་བཅད་ལྟར་ལུས་པོར་བརྟག་དཔྱད་ཀྱང་བྱ་དགོས་པ་ཡིན།


རྩོམ་ཡིག་སྔོན་མ།
དབྱར་ཁའི་རྩྭ་ཐང་།
རྩོམ་ཡིག་རྗེས་མ།
དབྱར་གཞུང་གི་རྩྭ་ཐང་།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1