པེ་ཅིང་མཚོ་སྐྱོར་འབྲི་གཡག་གསོ་ཚགས་རྟེན་གཞིས་གྲོང་གསེབ་དར་རྒྱས་ལ་རོགས་འདེགས་བྱས།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 07-11


 

     ཟླ་7ཚེས་5ཉིན་ཡུལ་ཤུལ་འབྲི་གཡག་པེ་ཅིང་དུ་བཤས་གཏོང་ཕྱིར་འཚོང་བྱེད་སྒོ་དེ་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཁྲི་འདུ་རྫོང་བཞི་དབུས་གྲོང་རྡལ་འབྲོག་ལས་གྲོང་ཚོའི་འབྲི་གཡག་གསོ་ཚགས་རྟེན་གཞིར་གཉེར་ཞིང་། ཁག་དང་པོའི་འབྲི་གཡག་100སྔ་རྗེས་སུ་རྟེན་གཞི་ནས་བཤས་གཏོང་བྱས་ཏེ་ལས་སྣོན་བྱས་རྗེས་པེ་ཅིང་གི་ཁྲོམ་རར་འདོན་རྒྱུ་རེད།     

  

    ཉེ་བའི་ལོ་ཤས་རིང་། པེ་ཅིང་མཚོ་སྐྱོར་ཚོགས་པས་རོགས་སྐྱོར་མ་དངུལ་སྤྱད་དེ་ཁྲི་འདུ་རྫོང་བཞི་དབུས་གྲོང་རྡལ་འབྲོག་ལས་གྲོང་ཚོར་འབྲི་གཡག་གསོ་ཚགས་རྟེན་གཞི་བསྐྲུན་ནས་ཁྲི་འདུ་རྫོང་བཞི་དབུས་གྲོང་རྡལ་གྱི་ཞིང་འབྲོག་ཆེད་ལས་མཉམ་ལས་ཁང་ལ་གཉེར་སྐྱོང་བྱེད་དུ་བཅུག་པ་རེད། ཚོགས་པ་དེས་དུས་མཚུངས་སུ་པེ་ཅིང་གི་འབྲེལ་ཡོད་ཁེ་ལས་ཡུལ་ཤུལ་དུ་བསྐྱོད་དེ་ས་གནས་དེ་གའི་ཞིང་འབྲོག་ཆེད་ལས་མཉམ་ལས་ཁང་དང་མཉམ་དུ་འབྲི་གཡག་གསོ་ཚགས་རྟེན་གཞི་གཉེར་སྐྱོང་བྱ་རྒྱུར་མཐུན་སྦྱོར་བྱས་ཏེ། མཉམ་ལས་ཁང་གི་ཚད་ལྡན་ཅན་གྱི་གསོ་ཚགས་བྱ་བར་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་།“འབྲོག་དུད་དང་། མཉམ་ལས་ཁང་། ཁེ་ལས།ཁྲོམ་ར་བཅས་ཕྱོགས་བཞིའི་”ཐོན་ལས་ཕྲེང་ཐག་ཆ་ཚང་སྐྲུན་པ། ས་གནས་དེ་གའི་འབྲི་གཡག་ཐོན་ལས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ།གྲོང་གསེབ་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱས་ཡོད། 

  

  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1