ཞི་ཅིན་ཕིང་གིས་ཀྲུང་གོ་རྒྱལ་ཁབ་རྟེན་རྫས་བཤམས་མཛོད་ཁང་གི་རིགས་གཅིག་མཁས་ཅན་རྒན་གྲས་རྣམས་ལ་འཕྲིན་ལན་སྤྲིངས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 07-12



     ◆ རིག་དངོས་བེད་སྤྱོད་གང་ལེགས་བྱེད་པར་སྐུལ་འདེད་དང་ཤེས་དཔལ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པར་སྐུལ་འདེད་བཏང་ནས་ཀྲུང་ཧྭའི་ཤེས་དཔལ་གྱི་ཕུལ་བྱུང་གྲུབ་འབྲས་སྲུང་སྐྱོང་ཡག་པོ་དང་། རྒྱུན་འཛིན་ཡག་པོ། འགྲེམས་སྟོན་ཡག་པོ་བཅས་བྱེད་དགོས་པའི་ནན་བཤད་གནང་བ།

      འཕྲིན་ལན།

     ཀྲུང་གོ་རྒྱལ་ཁབ་རྟེན་རྫས་བཤམས་མཛོད་ཁང་གི་རིགས་གཅིག་མཁས་ཅན་རྒན་གྲས་རྣམ་པ་ཚོ།

      སྐུ་ཁམས་བཟང་། ཁྱེད་རྣམ་པའི་འཕྲིན་ཡིག་འབྱོར་བྱུང་། ང་རང་དེ་སྔོན་རྒྱལ་ཁབ་རྟེན་རྫས་བཤམས་མཛོད་ཁང་དུ་ལྟ་སྐོར་ལ་ཐེངས་མང་ཡོང་མྱོང་ཡོད་ལ་བག་ཆགས་ཀྱང་ཟབ་མོ་བཞག་བྱུང་། ཉར་ཚགས་དང་། ཞིབ་འཇུག འགྲེམས་སྟོན། ཕྱི་ཕྱོགས་སྤེལ་རེས་སོགས་ཀྱི་ཐད་རྒྱལ་ཁབ་རྟེན་རྫས་བཤམས་མཛོད་ཁང་ལ་ཡར་རྒྱས་གསར་པ་བྱུང་བ་ཤེས་སྐབས་ང་རང་ཧ་ཅང་དགའ་པོ་བྱུང་ལ་བློ་བདེ་པོའང་བྱུང་། རྒྱལ་ཁབ་རྟེན་རྫས་བཤམས་མཛོད་ཁང་བཙུགས་ནས་ལོ་110འཁོར་བའི་མཚམས་སུ། ངས་ཁྱེད་རྣམ་པར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུ་རྒྱུ་དང་། རྒྱལ་ཁབ་རྟེན་རྫས་བཤམས་མཛོད་ཁང་གི་བློ་མཐུན་ཡོངས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུ་རྒྱུ་ཡིན།

      རྟེན་རྫས་བཤམས་མཛོད་ཁང་ནི་མིའི་རིགས་ཀྱི་ཤེས་དཔལ་སྲུང་སྐྱོང་དང་རྒྱུན་འཛིན་བྱ་ཡུལ་གལ་ཆེན་ཞིག་ཡིན་པས། རིག་དངོས་རྟེན་རྫས་བཤམས་མཛོད་ཁང་གི་ལས་དོན་པའི་འགན་འཁྲི་གཟི་བརྗིད་ལྡན་ལ་ལས་འགན་ལྕི་པོ་ཡོད། བློ་མཐུན་ཚོས་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་མཐའ་འཁྱོངས་ཀྱིས་རིག་གནས་ཀྱི་གདེང་ཚོད་བརྟན་དུ་གཏོང་བ་དང་། རིག་གཞུང་ཞིབ་འཇུག་བྱེད་ཟབ་ཏུ་གཏོང་བ། འགྲེམས་སྟོན་གསར་གཏོད་བྱེད་པ། རིག་དངོས་བེད་སྤྱོད་གང་ལེགས་བྱེད་པར་སྐུལ་འདེད་གཏོང་བ། ཤེས་དཔལ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པར་སྐུལ་འདེད་བཏང་ནས་ཀྲུང་ཧྭའི་ཤེས་དཔལ་གྱི་ཕུལ་བྱུང་གྲུབ་འབྲས་སྲུང་སྐྱོང་ཡག་པོ་དང་། རྒྱུན་འཛིན་ཡག་པོ། འགྲེམས་སྟོན་ཡག་པོ་བཅས་བྱས་ནས་རིག་དངོས་རྟེན་རྫས་བཤམས་མཛོད་ཁང་གི་བྱ་གཞག་འཕེལ་རྒྱས་དང་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་སྟོབས་ཆེའི་རྒྱལ་ཁབ་འཛུགས་སྐྲུན་བྱ་ཆེད་ལེགས་སྐྱེས་གསར་པ་ཟམ་མི་ཆད་པར་འབུལ་རྒྱུའི་རེ་བ་ཡོད།

                                                                                                                                                                           ཞི་ཅིན་ཕིང་།

                                                                                                                                                           2022ལོའི་ཟླ་7ཚེས་8ཉིན།

                                                                                  (ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་9ཉིན་འབྱོར་བའི་གློག་འཕྲིན)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་9ཉིན་གློག་འཕྲིན་འབྱོར་གསལ། ཟླ་7ཚེས་8ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཀྲུང་གོ་རྒྱལ་ཁབ་རྟེན་རྫས་བཤམས་མཛོད་ཁང་གི་རིགས་གཅིག་མཁས་ཅན་རྒན་གྲས་རྣམས་ལ་འཕྲིན་ལན་སྤྲིངས་ཏེ། རྒྱལ་ཁབ་རྟེན་རྫས་བཤམས་མཛོད་ཁང་བཙུགས་ནས་ལོ་110འཁོར་བའི་མཚམས་སུ་རྒྱལ་ཁབ་རྟེན་རྫས་བཤམས་མཛོད་ཁང་གི་བློ་མཐུན་ཡོངས་ལ་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུས་པ་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲིའང་ཞུས་གནང་བ་རེད།

     འཕྲིན་ལན་ནང་ཞི་ཅིན་ཕིང་གིས། ང་རང་དེ་སྔོན་རྒྱལ་ཁབ་རྟེན་རྫས་བཤམས་མཛོད་ཁང་དུ་ལྟ་སྐོར་ལ་ཐེངས་མང་ཡོང་མྱོང་ཡོད་ལ་བག་ཆགས་ཀྱང་ཟབ་མོ་བཞག་བྱུང་། ཉར་ཚགས་དང་། ཞིབ་འཇུག འགྲེམས་སྟོན། ཕྱི་ཕྱོགས་སྤེལ་རེས་སོགས་ཐད་རྒྱལ་ཁབ་རྟེན་རྫས་བཤམས་མཛོད་ཁང་ལ་ཡར་རྒྱས་གསར་པ་བྱུང་བ་ཤེས་སྐབས་ང་རང་ཧ་ཅང་དགའ་པོ་བྱུང་ལ་བློ་བདེ་པོའང་བྱུང་ཞེས་གསུངས་ཡོད་པ་རེད།

     ཞི་ཅིན་ཕིང་གིས། རྟེན་རྫས་བཤམས་མཛོད་ཁང་ནི་མིའི་རིགས་ཀྱི་ཤེས་དཔལ་སྲུང་སྐྱོང་དང་རྒྱུན་འཛིན་བྱ་ཡུལ་གལ་ཆེན་ཞིག་ཡིན་པས། རིག་དངོས་རྟེན་རྫས་བཤམས་མཛོད་ཁང་གི་ལས་དོན་པའི་འགན་འཁྲི་གཟི་བརྗིད་ལྡན་ལ་ལས་འགན་ལྕི་པོ་ཡོད། བློ་མཐུན་ཚོས་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་མཐའ་འཁྱོངས་ཀྱིས་རིག་གནས་ཀྱི་གདེང་ཚོད་བརྟན་དུ་གཏོང་བ་དང་། རིག་གཞུང་ཞིབ་འཇུག་བྱེད་ཟབ་ཏུ་གཏོང་བ། འགྲེམས་སྟོན་གསར་གཏོད་བྱེད་པ། རིག་དངོས་བེད་སྤྱོད་གང་ལེགས་བྱེད་པར་སྐུལ་འདེད་གཏོང་བ། ཤེས་དཔལ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པར་སྐུལ་འདེད་གཏོང་བ། ཀྲུང་ཧྭའི་ཤེས་དཔལ་གྱི་ཕུལ་བྱུང་གྲུབ་འབྲས་སྲུང་སྐྱོང་ཡག་པོ་དང་། རྒྱུན་འཛིན་ཡག་པོ། འགྲེམས་སྟོན་ཡག་པོ་བཅས་བྱས་ནས་རིག་དངོས་རྟེན་རྫས་བཤམས་མཛོད་ཁང་གི་བྱ་གཞག་འཕེལ་རྒྱས་དང་། སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་སྟོབས་ཆེའི་རྒྱལ་ཁབ་འཛུགས་སྐྲུན་བྱ་ཆེད་ལེགས་སྐྱེས་གསར་པ་ཟམ་མི་ཆད་པར་འབུལ་རྒྱུའི་རེ་བ་ཡོད་ཅེས་ནན་བཤད་གནང་བ་རེད།

     ཀྲུང་གོ་རྒྱལ་ཁབ་རྟེན་རྫས་བཤམས་མཛོད་ཁང་ནི་དེ་སྔའི་1912ལོའི་ཟླ་7པར་བཙུགས་པའི་རྒྱལ་བཙུགས་ལོ་རྒྱུས་རྟེན་རྫས་བཤམས་མཛོད་ཁང་གྲ་སྒྲིག་ཁྲུའུ་རེད། ཀྲུང་གོ་གསར་པ་དབུ་བརྙེས་རྗེས། གནམ་བདེ་སྒོ་མོའི་ཐང་ཆེན་གྱི་གཞོགས་ཤར་དུ་ཀྲུང་གོ་གསར་བརྗེའི་རྟེན་རྫས་བཤམས་མཛོད་ཁང་དང་ཀྲུང་གོ་ལོ་རྒྱུས་རྟེན་རྫས་བཤམས་མཛོད་ཁང་གསར་དུ་བསྐྲུན་པ་དང་། 2003ལོར་བཤམས་མཛོད་ཁང་དེ་གཉིས་ཟླ་སྒྲིལ་བཏང་ནས་ཀྲུང་གོ་རྒྱལ་ཁབ་རྟེན་རྫས་བཤམས་མཛོད་ཁང་བསྐྲུན་པ། 2012ལོར་བསྐྱར་སྐྲུན་རྒྱས་སྐྲུན་བྱས་རྗེས་དངོས་སུ་ཕྱི་ཕྱོགས་སུ་སྒོ་མོ་ཕྱེ་ཞིང་། ད་ཆ་བཤམས་མཛོད་ཁང་ནང་ཉར་ཚགས་དངོས་རྫས་ཁྲི་140ལྷག་ཙམ་ཡོད། ཉེ་ཆར། རྒྱལ་ཁབ་རྟེན་རྫས་བཤམས་མཛོད་ཁང་གི་རིགས་གཅིག་མཁས་ཅན་རྒན་གྲས་10ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་འཕྲིན་ཡིག་སྤྲིངས་ཏེ། རྒྱལ་ཁབ་རྟེན་རྫས་བཤམས་མཛོད་ཁང་གི་ལོ་110རིང་གི་འཕེལ་རྒྱས་བརྒྱུད་རིམ་ངོ་སྤྲོད་ཞུས་པ་དང་། ཉར་ཚགས་དངོས་པོ་འཚོལ་བསྡུ་དང་། རིག་དངོས་སྲུང་སྐྱོབ། འགྲེམས་སྟོན་སོགས་ཐད་རྒྱལ་ཁབ་རྟེན་རྫས་བཤམས་མཛོད་ཁང་གིས་བསྒྲུབས་པའི་ལས་དོན་སྙན་སེང་ཞུས་པའི་ཐོག་ནས་རྒྱལ་ཁབ་རྟེན་རྫས་བཤམས་མཛོད་ཁང་གི་ལས་དོན་པས་འགན་འཁྲི་བློ་ལ་བརྟན་པོར་ངེས་ནས་རིག་གནས་སྟོབས་ཆེའི་རྒྱལ་ཁབ་འཛུགས་སྐྲུན་བྱ་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་བའི་ཆོད་སེམས་མཚོན་པར་བྱས་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1