བོད་ལྗོངས་རྟེན་མཛོད་ཁང་སྒོ་དབྱེའི་མཛད་སྒོ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 07-13


 

   ཟླ་7ཚེས་8ཉིན་བོད་ལྗོངས་རྟེན་མཛོད་ཁང་གི་སྒོ་དབྱེའི་མཛད་སྒོ་ལྷ་སར་སྤེལ་ཞིང་།བོད་ལྗོངས་རྟེན་མཛོད་ཁང་གི་སྤྱིའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི་6.5ཟིན་པ་དང་། མཛོད་ཁང་ནང་ཉར་ཚགས་བྱས་པའི་དངོས་པོ་ཁྲི་52ལྷག་ཙམ་ཡོད་པའི་ནང་རྩ་ཆེའི་རིག་དངོས་ཁྲི་4ལྷག་ཙམ་ཡོད་ཅིང་།འདི་ནི་བོད་ལྗོངས་ཁོངས་སུ་བསྟན་བཅོས་དང་། འགྲེམས་སྟོན། ཞིབ་འཇུག སློབ་གསོ། ཞབས་ཞུ་སོགས་ཀྱི་བྱེད་ནུས་གཅིག་ཏུ་འདུས་པའི་རྒྱལ་ཁབ་རིམ་པ་དང་པོའི་དེང་རབས་ཅན་གྱི་ཕྱོགས་བསྡུས་རྟེན་མཛོད་ཁང་ཞིག་རེད།  

  

    2017ལོའི་ཟླ་10པར་བོད་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་སྤྱི་པའི་རིག་གནས་དམངས་ཕན་ལས་གྲྭ་གལ་ཆེན་ཞིག་ཡིན་པའི་ངོས་ནས་རྟེན་མཛོད་ཁང་འདི་བསྐྱར་སྐྲུན་རྒྱས་སྐྲུན་དངོས་སུ་བྱེད་འགོ་ཚུགས་ནས་རྒྱལ་ཁབ་ནས་ཁྱོན་མ་དངུལ་སྒོར་དུང་ཕྱུར་6.6བཏང་ཡོད།   

  

  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1