ཨུ་རུ་སུས་ལྗར་པན་གྱི་དཔོན་རིགས་384ལ་བཀག་སྡོམ་བྱས།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 07-19



     ཚེས་15ཉིན་ཨུ་རུ་སུའི་ཕྱི་འབྲེལ་པུས་གསལ་བསྒྲགས་སྤེལ་ནས། ཨུ་རུ་སུ་ཕྱོགས་ཀྱིས་ལྗར་པན་རྒྱལ་ཚོགས་ཀྱི་གྲོས་ཁང་འོག་མའི་གྲོས་མི་384ལ་བཀག་སྡོམ་བྱས་ནས་དེ་ཨུ་རུ་སུར་ཡོང་མི་ཆོག་པའི་གཏན་འབེབས་བྱས་ཡོད་ཅེས་བཤད་པ་རེད།  

    གསལ་བསྒྲགས་ནང་ལྗར་པན་སྲིད་གཞུང་གིས་ད་ལོའི་ཟླ་4པར་ཨུ་རུ་སུའི་རྒྱལ་ཁབ་ཏུའུ་མའི(གྲོས་ཁང་འོག་མ)འཐུས་མི་མང་པོ་ཞིག་ལ་མི་སྒེར་གྱི་བཀག་སྡོམ་བྱས་པར་བརྟེན། ཨུ་རུ་སུའི་ཕྱི་འབྲེལ་པུས་ཟླ་7ཚེས་14ཉིན་ནས་བཟུང་ལྗར་པན་རྒྱལ་ཚོགས་ཀྱི་གྲོས་ཁང་འོག་མའི་གྲོས་མི་384ཨུ་རུ་སུར་ཡོང་རྒྱུ་བཀག་འགོག་བྱ་རྒྱུའི་གཏན་འབེབས་བྱས་ཡོད་ཅེས་བཀོད་ཡོད། 

ཨུ་རུ་སུས་དམིགས་བསལ་གྱི་དམག་དོན་བྱ་སྤྱོད་སྤེལ་བའི་རྒྱབ་ལྗོངས་འོག་ལྗར་པན་རྒྱལ་ཚོགས་ཀྱི་གྲོས་ཁང་འོག་མའི་གྲོས་མི་དེ་ཚོས་ཨུ་རུ་སུར་ངོ་རྒོལ་བྱེད་པའི་ལངས་ཕྱོགས་བཟུང་ནས་ཨུ་རུ་སུ་ཕྱོགས་ལ་གཞི་འཛིན་ས་སྤུ་ཙམ་ཡང་མེད་པའི་སྐྱོན་འདོན་ཞུ་གཏུག་བྱས་པ་རེད།

    ཨུ་རུ་སུའི་ཕྱི་འབྲེལ་པུའི་དྲ་ཚིགས་ཐོག་ཁྱབ་བསྒྲགས་བྱས་པའི་མིང་ཐོ་གཞིར་བཟུང་། རྒྱལ་ཁོངས་སུ་ཡོང་མི་ཆོག་པའི་ལྗར་པན་རྒྱལ་ཚོགས་ཀྱི་གྲོས་ཁང་འོག་མའི་གྲོས་མིའི་ནང་རང་དབང་དམངས་གཙོ་ཏང་གི་སྤྱི་འཛིན་གཞོན་པ་དབུ་བཞུགས་བློན་ཆེན་ཟུར་པ་མ་ཧྲེང་ཐའེ་ལང་དང་། ལྗར་པན་ནང་བློན་ཁང་གི་དཔོན་རིགས་གཞོན་པ་མུའུ་ཡོན་ཁྲེང་ཨེར། དེ་བཞིན་དབུ་བཞུགས་བློན་ཆེན་ཟུར་པ་ཅན་དབྱི་ཝུའེ་སོགས་ཚུད་ཡོད་པ་རེད།   


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1